འགྲོ་མགོན་བཀའ་བརྒྱུད་པའི་རྒྱལ་བ་གོང་མ་རྣམ་ལྔའི་མཛད་རྣམ་ སྙིང་པོ་བསྡུས་པ་དད་པའི་ས་བོན་ ཞེས་བྱ་བ་བཞུགས་སོ།།

Seed of Faith, Brief Biographies of the Five Founders of the Kagyu Tradition of Buddhism

སྤྱིར་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཀྱང་སངས་རྒྱས་ཀྱི་ཡོན་ཏན་ཇི་ལྟ་བ་བཞིན་བརྗོད་པར་མི་ནུས་ཏེ། འོན་ཀྱང་དམ་པའི་ཆོས་ལ་ཐོས་བསམ་སྒོམ་སྒྲུབ་ལ་འཇུག་པའི་ཚེ་དཀར་པོའི་ཆོས་ཐམས་ཅད་ཀྱི་རྩ་བ་དད་པ་མེད་ན་མི་འབྱུང་བས། འདིར་ཐབས་ལམ་ནཱ་རོ་ཆོས་དྲུག་དང་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་ལམ་གྱིས་སྒོམ་མེད་ཆོས་སྐུའི་རྒྱལ་སར་གཤེགས་པའི་གྲུབ་ཆེན་ཏཻ་ལོ་པ། མཁས་གྲུབ་ནཱ་རོ་པཎ་ཆེན། མར་སྟོན་ཆོས་ཀྱི་བློ་གྲོས། མི་ལ་བཞད་པའི་རྡོ་རྗེ། ཆོས་རྗེ་སྒམ་པོ་བཅས་སྒྲུབ་བརྒྱུད་གོང་མ་རྣམ་ལྔའི་སྐུ་གསུང་ཐུགས་ཀྱི་རྣམ་ཐར་སོ་སྐྱེ་ཐུན་མོང་གི་ངོར་བསྟན་པ་བསམ་གྱིས་མི་ཁྱབ་པ་ལས་སྙིང་པོ་ཉུང་ངུར་བསྡུས་པ་ཞིག་བདག་ཅག་རྗེས་འཇུག་རྣམས་ཀྱི་རྒྱུད་ལ་དད་པའི་ས་བོན་སྤེལ་བའི་ཕྱིར་བཀོད་པའོ།།

No Table of Contents Available

No Outline Available

Other Volumes in This Series: