རི་བོ་བསང་མཆོད་ཀྱི་འགྲེལ་པ་བློ་གསལ་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ།།

An Entranceway to the Clear Oceanic Mind, a Commentary to the Mountain Smoke Offering (Of Lhatsun Namkha Jigme)

རིག་འཛིན་འཇའ་མཚོན་སྙིང་པོ་༡༥༨༥-༡༦༥༦་དང་གཏེར་སྟོན་བདུད་འདུལ་རྡོ་རྗེས་༡༦༡༥-༡༦༧༢་བཀས་བསྐུལ་བ་བཞིན་གྲུབ་པའི་རིག་འཛིན་ཆེན་པོ་ལྷ་བཙུན་ནམ་མཁའ་འཇིགས་མེད་དགུང་གྲངས་ལྔ་བཅུ་སོན་པ་མེ་ཁྱི་ལོར་འབྲས་ལྗོངས་ལྷ་རི་འོད་གསལ་སྙིང་པོར་ཞབས་བཅགས་ནས་གནས་སྒོ་ཕྱེས། ལུང་དོན་ལྟར་གཙུག་ལག་ཁང་དང་སྒྲུབ་སྡེ་བཏབ། བྲག་དཀར་བཀྲ་ཤིས་ལྡིངས་སུ་མཁའ་འགྲོས་ལུང་བསྟན་བཞིན་ཌཀྐི་སྙིང་གི་ཕུག་པར་བཞུགས་པའི་སྐབས་ཨ་ཏི་བླ་མེད་སྙིང་ཐིག་གི་གདམས་པ་ཐུན་མོང་མ་ཡིན་པ་ཐུགས་གཏེར་དག་སྣང་ལས་བྱུང་བའི་ཆོས་སྐོར་ཟབ་ཆོས་རིག་འཛིན་སྲོག་སྒྲུབ་གཏན་ལ་ཕབ་ཅིང་། དེའི་ཆ་ལག་རི་བོ་བསང་མཆོད་དུ་གྲགས་པ་འདི་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་གནས་སྒོ་འབྱེད་པའི་ཆ་རྐྱེན་དུ་མཁའ་འགྲོ་མས་གནང་བའི་ཆོ་གའི་ཚིགས་རྣམས་དམིགས་འདོན་ཟུང་དུ་འཇུག་པའི་ཉམས་ལེན་ལ་ཕན་པའི་ཕྱིར་ཨ་མདོ་བསྟན་འཛིན་བསམ་འཕེལ་གྱིས་འགྲེལ་པ་འདི་ལྟར་བགྱིས་པའོ།།

No Table of Contents Available

No Outline Available

Other Volumes in This Series: