ཁྲོས་མའི་ལམ་རིམ་སྨོན་ལམ་གྱི་རྣམ་བཤད་དབྱིངས་ཕྱུག་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ།།

The Music That Delights Dhātvīśvarī: A Commentary on the Tröma Lamrim Aspiration

ངོ་བོ་དབྱིངས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡིན་པ། རྣམ་པ་རྡོ་རྗེ་སྲིན་མོའི་གར་བསྒྱུར་བདག་རྟོག་གཉིས་འཛིན་གྱི་རུ་དྲ་ཁྲག་ཏུ་རོལ་བར་མཛད་པའི་ལྷ་མོ་ཁྲོས་མ་ནག་མོའི་ལམ་རིམ་སྨོན་ལམ་འདི་ཉིད་༧སྐྱབས་རྗེ་བདུད་འཇོགམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཛད་ཅིང་། བདུད་གཅོད་ཟབ་མོ་དང་འབྲེལ་བའི་བསྐྱེད་རྫོགས་གཉིད་མེད་ཀྱི་གྲོལ་ལམ་གཙོ་བོར་སྟོན་པའི་མན་ངག་འདི་ཉིད་ཀྱི་ཚིག་དོན་རྣམ་པར་བཤད་འདི་ནི། གཙོ་བོར་སྐྱབས་རྗེ་བདེ་བར་གཤེགས་པ་གཏེར་ཆེན་བླ་མས་མཆན་བུ་མཛད་པ་རང་སོར་བཞག་ཅིང། ༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེས་མཛད་པའི་ས་བཅད་ལ་གཞི་བྱས་ནས་བརྩམས་པ་ཞིག་ཡིན་ནོ།།

སྨོན་འགྲེལ་གླེང་གཞིའི་དཀར་ཆག

༡༽ དེབ་ཀྱི་ངོ་སྤྲོད་མདོར་བསྡུས།

༢༽ མཆོད་བརྗོད་དང་། རྩམ་པར་དམ་བཅའ་བ་དང་། དགོས་སོགས་ཆོས་བཞི་བཅས་སོ།།

༣༽ སྔ་འགྱུར་རང་ལུགས་སྐུ་གསུམ་གྱི་རྣམ་གཞག་མདོ་ཙམ།

༤༽ བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་རྫོགས་ཆེན་གྱི་སྟོན་པ་བཅུ་གཉིས་པ་ཡིན་པ་དང་། རྫོགས་ཆེན་གསུངས་པའི་ཚུལ་དང་། བརྒྱུད་ཚུལ་བཅས།

༥༽ རྒྱལ་བ་ཤཱཀྱ་ཐུབ་པས་ལུང་བསྟན་པ་བཞིན་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་མི་ཡུལ་དུ་བྱུང་ཚུལ་མདོར་བསྡུས།

༦༽ བསྟན་པ་སྔ་དར་གྱི་སྐབས་སུ་མདོ་རྒྱུད་བསྟན་བཅོས་དང་བཅས་པ་བབས་སོ་བདུན་གྱི་སྒོ་ནས་བོད་དུ་བསྒྱུར་ཚུལ་མདོ་ཙམ།

༧༽ ཟབ་མོ་གཏེར་གྱི་ཆོས་རྣམས་ཀྱི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས།

༨༽ སློབ་དཔོན་པདྨའི་ཆེ་བའི་ཡོན་ཏན་དང་། བོད་ལ་བཀའ་དྲིན་ཆེ་བའི་ལོ་རྒྱུས་མདོ་ཙམ།

༩༽ གཏེར་ཆེན་བླ་མ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་བཀའ་གཏེར་བརྒྱུད་སྲོལ་ཀུན་འདུས་པའི་ཚུལ་ལོ།།

༡༠༽ སྨོན་ལམ་འདི་མཛད་པ་པོ་གཏེར་ཆེན་བླ་མ་འགྲོ་འདུལ་གླིང་པའི་མཛད་རྣམ་མདོར་བསྡུས་སོ།།

སྨོན་འགྲེལ་གཞུང་དོན་དང་མཇུག་གི་དཀར་ཆག

༡༽ མཚན་དོན་འགྲེལ་བ།

༢༽ ཤོ་ལོ་ཀ་དང་པོ་བསྔོ་བ་བསྟན་པ།

༣༽ ཤོ་ལོ་ཀ་གཉིས་པས་བསྟེན་བྱེད་སློབ་མ་མཚན་ལྡན་དུ་སྐྱེ་བར་སྨོན་པ།

༤༽ ཤོ་ལོ་ཀ་གསུམ་པས་བསྟེན་བྱ་བླ་མ་རང་གི་ངོ་བོར་ཤེས་པར་སྨོན་པ།

༥༽ ཚིག་རྐང་གཉིས་ཀྱིས་དབང་བཞིའི་ཆོ་གས་སྨིན་པར་སྨོན་པའི་སྐོར་ལ་བླ་སློབ་ཀྱི་མཚན་ཉིད་སོགས་དབང་གི་རྣམ་བཞག་ཅུང་ཟད་རྒྱས་པར་བཤད་པ།

༦༽ ཚིག་རྐང་གཉིས་ཀྱིས་དབང་སྲོག་སྤྱིའི་དམ་ཚིག་རྩ་ལྟུང་བཅུ་བཞི་དང་། ཡན་ལག་སྦོམ་པོའི་རྣམ་བཞག་ཅུང་ཟད་རྒྱས་པར་བཤད་པ།

༧༽སྡོམ་གསུམ་རྣམ་ངེས་སོགས་ནས་གསུངས་པའི་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་ཞར་ལ་འཆད་པ།

༨༽ ཤོ་ལོ་ཀ་གཅིག་གིས་ཁྱད་པར་སྒྲུབ་པའི་དམ་ཚིག་དང་ལྡན་པར་སྨོན་པ།

༩༽ རིགས་ལྔའི་ལྷག་པའི་དམ་ཚིག་ཤོ་ལོ་ཀ་གཅིག་གིས་སངས་རྒྱས་མཁའ་འགྲོ་ནས་རྡོ་རྗེ་མཁའ་འགྲོའི་བར་བསྟན་ཏོ།།

༡༠༽ ཤོ་ལོ་ཀ་གཅིག་གིས་བསྡུས་པའི་དམ་ཚིག་བསྟན་པའི་སྐབས་འདིར་གཅོད་ཀྱི་རྣམ་བཞག་ཅུང་ཟད་སྤྲོས་ཏེ་བཤད་པ།

༡༡༽ གསུམ་པ་འབྲས་བུ་མངོན་དུ་བྱེད་པར་སྨོན་པ་ལ་བཞི་ལས་ཤོ་ལོ་ཀ་དང་པོས་ཚེ་འདིར་གྲོལ་བར་སྨོན་པའོ།།

༡༢༽ ཤོ་ལོ་ཀ་གཉིས་པས་ཕྱི་སྲིད་ཆོས་སྐུའི་འོད་གསལ་ཟིན་པར་སྨོན་པ།

༡༣༽ ཤོ་ལོ་ཀ་གསུམ་པས་མཁའ་སྤྱོད་ཞིང་དུ་བགྲོད་པར་སྨོན་པ།

༡༤༽ ཤོ་ལོ་ཀ་བཞི་པས་ཟུང་འཇུག་རྡོ་རྗེ་འཆང་དབང་མངོན་དུ་གྱུར་བར་སྨོན་པ་དང་། སྨོན་འགྲེལ་གྱི་བསྡུས་དོན་འཕྲོས་དོན་དང་བཅས་པ།

༡༥༽ རྩ་བའི་ས་བཅད་གསུམ་པ་མཇུག་གི་དོན་མཛད་བྱང་དང་བཅས་པས་ལེགས་པར་གྲུབ་པའོ།།

༡༦༽ ཟབ་གཏེར་ཁྲོས་མའི་ལམ་རིམ་དང་སྦྱར་བའི་སྨོན་ལམ་ཌཱ་ཀི་དགྱེས་པའི་བཞད་སྒྲ་ཞེས་བྱ་བ།

༡༧༽ སྨོན་འགྲེལ་འདིའི་ནང་དུ་རྣམ་གྲངས་ཡོད་པའི་རིགས་དང་། ཚིག་གོ་དཀའ་བའི་རིགས་ཤད་གུག་ནང་ཨང་གྲངས་བཀོད་པའི་རིམ་པ་ལྟར་ཟུར་གསལ་ཨིན་ཡིག་ཨང་རིམ་གཟིགས་བདེར་བཀོད་ཡོད་པ།

No Outline Available

Other Volumes in This Series: