No Description
No Table of Contents Available
༧ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་སྲིད་མི་སྲིད་ཀྱི་དབྱེ་བ་ཁྱད་འཕགས་ཞེས་བྱ་བའི་གཞུང་བཟང་འདི་ཉིད་འཆད་པ་ལ་གསུམ་སྟེ། ༡༽ ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། ༢༽ བར་དུ་དགེ་བ་གཞུང་གི་དོན་དང་།
༣༽ ཐ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལ་གསུམ་སྟེ། ༡༽ བསྟན་བཅོས་ཀྱི་མཚན་སྨོས་པ་ནི།
༢༽ མཆོད་པར་བརྗོད་པ་ནི།
༣༽ བཤད་པར་དམ་བཅའ་བ་ནི།
གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་གྱ་གཉིས་ཏེ། ༡༽ སྤྲིན་དང་བྲལ་བའི་ནམ་མཁའ་ནི་སྲིད་ཀྱང་ནམ་མཁའ་དང་བྲལ་བའི་སྤྲིན་ནི་མི་སྲིད་པར་དཔེས་བསྟན་པ་ནི།
༢༽ དེ་བཞིན་ཀུན་ནས་ཉོན་མོངས་དང་བྲལ་བའི་རྣམ་བྱང་ནི་སྲིད་ཀྱང་རྣམ་བྱང་དང་བྲལ་བའི་ཀུན་ནས་ཉོན་མོངས་ནི་མི་སྲིད་པར་དོན་གྱིས་བསྟན་པ་ནི།
༣༽ ཟག་བཅས་དང་བྲལ་བའི་ཟག་མེད་ནི་སྲིད་ཀྱང་ཟག་མེད་དང་བྲལ་བའི་ཟག་བཅས་ནི་མི་སྲིད་པར་བསྟན་པ་ནི།
༤༽ གློ་བུར་དྲི་མ་དང་བྲལ་བའི་བདེ་གཤེགས་སྙིང་པོ་ནི་སྲིད་ཀྱང་བདེ་གཤེགས་སྙིང་པོ་དང་བྲལ་བའི་གློ་བུར་དྲི་མ་ནི་མི་སྲིད་པར་བསྟན་པ་ནི།
༥༽ ཆོས་རྣམས་དང་བྲལ་བའི་ཆོས་ཉིད་ནི་སྲིད་ཀྱང་ཆོས་ཉིད་དང་བྲལ་བའི་ཆོས་རྣམས་ནི་མི་སྲིད་པར་བསྟན་པ་ནི།
༦༽ མཐའ་གཉིས་དང་བྲལ་བའི་དབུས་མ་ནི་སྲིད་ཀྱང་དབུས་མ་དང་བྲལ་བའི་མཐའ་གཉིས་ནི་མི་སྲིད་པར་བསྟན་པ་ནི།
༧༽ རྣམ་ཤེས་དང་བྲལ་བའི་ཡེ་ཤེས་ནི་སྲིད་ཀྱང་ཡེ་ཤེས་དང་བྲལ་བའི་རྣམ་ཤེས་ནི་མི་སྲིད་པར་བསྟན་པ་ནི།
༨༽ སེམས་ཅན་དང་བྲལ་བའི་སངས་རྒྱས་ནི་སྲིད་ཀྱང་སངས་རྒྱས་དང་བྲལ་བའི་སེམས་ཅན་ནི་མི་སྲིད་པར་བསྟན་པ་ནི།
༩༽ སྡིག་པ་དང་བྲལ་བའི་དགེ་བ་ནི་སྲིད་ཀྱང་དགེ་བ་དང་བྲལ་བའི་སྡིག་པ་ནི་མི་སྲིད་པར་བསྟན་པ་ནི།
༡༠༽ སྡུག་བསྔལ་དང་བྲལ་བའི་བདེ་བ་ནི་སྲིད་ཀྱང་བདེ་བ་དང་བྲལ་བའི་སྡུག་བསྔལ་ནི་མི་སྲིད་པར་བསྟན་པ་ནི།
༡༡༽ རྟོག་པ་དང་བྲལ་བའི་ཤེར་ཕྱིན་ནི་སྲིད་ཀྱང་ཤེར་ཕྱིན་དང་བྲལ་བའི་རྟོག་པ་ནི་མི་སྲིད་པར་བསྟན་པ་ནི།
༡༢༽ མཚན་མ་དང་བྲལ་བའི་ཕྱག་རྒྱ་ཆེན་པོ་ནི་སྲིད་ཀྱང་ཕྱག་རྒྱ་ཆེན་པོ་དང་བྲལ་བའི་མཚན་འཛིན་ནི་མི་སྲིད་པར་བསྟན་པ་ནི།
༡༣༽ ཉོན་མོངས་དུག་གསུམ་དང་བྲལ་བའི་སངས་རྒྱས་མཉམ་སྦྱོར་ནི་སྲིད་ཀྱང་སངས་རྒྱས་མཉམ་སྦྱོར་དང་བྲལ་བའི་ཉོན་མོངས་དུག་གསུམ་ནི་མི་སྲིད་པར་བསྟན་པ་ནི།
༡༤༽ ཉོན་མོངས་དུག་ལྔ་དང་བྲལ་བའི་ཨ་ཏི་ཡོ་ག་ནི་སྲིད་ཀྱང་ཨ་ཏི་ཡོ་ག་དང་བྲལ་བའི་ཉོན་མོངས་དུག་ལྔ་ནི་མི་སྲིད་པར་བསྟན་པ་ནི།
༡༥༽ གཟུང་འཛིན་དང་བྲལ་བའི་ཤིན་ཏུ་སྤྲོས་མེད་ནི་སྲིད་ཀྱང་ཤིན་ཏུ་སྤྲོས་མེད་དང་བྲལ་བའི་གཟུང་འཛིན་ནི་མི་སྲིད་པར་བསྟན་པ་ནི།
༡༦༽ ཆོས་དང་གང་ཟག་གི་བདག་དང་བྲལ་བའི་དེ་བཞིན་ཉིད་བདག་དག་པའི་བདག་ནི་སྲིད་ཀྱང་དེ་བཞིན་ཉིད་བདག་དག་པའི་བདག་དང་བྲལ་བའི་ཆོས་དང་གང་ཟག་གི་བདག་ནི་མི་སྲིད་པར་བསྟན་པ་ནི།
༡༧༽ ཀུན་བཏགས་གཞན་དབང་དང་བྲལ་བའི་ཡོངས་གྲུབ་ནི་སྲིད་ཀྱང་ཡོངས་གྲུབ་དང་བྲལ་བའི་ཀུན་བཏགས་གཞན་དབང་ནི་མི་སྲིད་པར་བསྟན་པ་ནི།
༡༨༽ དངོས་སྨྲ་རྣམས་དང་བྲལ་བའི་དབུ་མ་ཆེན་པོ་ནི་སྲིད་ཀྱང་དབུ་མ་ཆེན་པོ་དང་བྲལ་བའི་དངོས་སྨྲ་རྣམས་ནི་མི་སྲིད་པར་བསྟན་པ་ནི།
༡༩༽ ཟག་བཅས་ཀྱི་བདེ་སྡུག་དང་བྲལ་བའི་རང་བཞིན་ལྷན་སྐྱེས་ཀྱི་བདེ་ཆེན་ནི་སྲིད་ཀྱི་རང་བཞིན་ལྷན་སྐྱེས་ཀྱི་བདེ་ཆེན་དང་བྲལ་བའི་བདེ་སྡུག་བཏང་སྙོམས་ཟག་བཅས་ནི་མི་སྲིད་པར་བསྟན་པ་ནི།
༢༠༽ འཕོ་བའི་ཆགས་པ་དང་བྲལ་བའི་རང་བཞིན་འགྱུར་མེད་ཀྱི་བདེ་ཆེན་ནི་སྲིད་ཀྱང་རང་བཞིན་འགྱུར་མེད་ཀྱི་བདེ་ཆེན་དང་བྲལ་བའི་འཕོ་བའི་ཆགས་པ་ནི་མི་སྲིད་པར་བསྟན་པ་ནི།
༢༡༽ འགྱུར་བའི་མ་རིག་པ་དང་བྲལ་བའི་བདེན་དོན་བཅུ་གཉིས་ནི་སྲིད་ཀྱང་བདེན་དོན་བཅུ་གཉིས་དང་བྲལ་བའི་མ་རིག་པ་ལ་སོགས་པ་རྟེན་འབྲེལ་བཅུ་གཉིས་ནི་མི་སྲིད་པར་བསྟན་པ་ནི།
༢༢༽ ཞུ་བདེ་འགྱུར་བཅས་དང་བྲལ་བའི་དེ་ཉིད་བཅུ་དྲུག་ནི་སྲིད་ཀྱང་དེ་ཉིད་བཅུ་དྲུག་དང་བྲལ་བའི་ཞུ་བདེ་འགྱུར་བཅས་འགྱུར་མེད་གང་ཡང་མི་སྲིད་པར་བསྟན་པ་ནི།
༢༣༽ ཀུན་རྫོབ་ཀྱི་ཟླ་ཉི་དང་བྲལ་བའི་རྡོ་རྗེའི་ཟླ་ཉི་ནི་སྲིད་ཀྱང་རྡོ་རྗེའི་ཟླ་ཉི་དང་བྲལ་བའི་ཀུན་རྫོབ་ཀྱི་ཟླ་ཉི་ནི་མི་སྲིད་པར་བསྟན་པ་ནི།
༢༤༽ ཀུན་རྫོབ་ཀྱི་ཁུ་རྡུལ་དང་བྲལ་བའི་རྡོ་རྗེའི་ཁུ་རྡུལ་ནི་སྲིད་ཀྱང་རྡོ་རྗེའི་ཁུ་རྡུལ་དང་བྲལ་བའི་ཀུན་རྫོབ་ཀྱི་ཁུ་རྡུལ་ནི་མི་སྲིད་པར་བསྟན་པ་ནི།
༢༥༽ ཀུན་རྫོབ་ཀྱི་བཤང་གཅི་དང་བྲལ་བའི་རྡོ་རྗེའི་བཤང་གཅི་ནི་སྲིད་ཀྱང་རྡོ་རྗེའི་བཤང་གཅི་དང་བྲལ་བའི་ཀུན་རྫོབ་ཀྱི་བཤང་གཅི་ནི་མི་སྲིད་པར་བསྟན་པ་ནི།
༢༦༽ ཀུན་རྫོབ་ཀྱི་ཤ་ཁྲག་རུས་པ་དང་བྲལ་བའི་རྡོ་རྗེའི་ཤ་ཁྲག་རུས་པ་ནི་སྲིད་ཀྱང་རྡོ་རྗེའི་ཤ་ཁྲག་རུས་པ་དང་བྲལ་བའི་ཀུན་རྫོབ་ཀྱི་ཤ་ཁྲག་རུས་པ་ནི་མི་སྲིད་པར་བསྟན་པ་ནི།
༢༧༽ ཀུན་རྫོབ་ཀྱི་རྐང་ཚིལ་བུ་པགས་པ་དང་བྲལ་བའི་རྡོ་རྗེའི་རྐང་ཚིལ་བུ་པགས་པ་ནི་སྲིད་ཀྱང་རྡོ་རྗེའི་རྐང་ཚིལ་བུ་པགས་པ་དང་བྲལ་བའི་ཀུན་རྫོབ་ཀྱི་རྐང་ཚིལ་བུ་པགས་པ་ནི་མི་སྲིད་པར་བསྟན་པ་ནི།
༢༨༽ ཀུན་རྫོབ་ཀྱི་སྐྲ་སྤུ་སེན་མོ་ལ་སོགས་དང་བྲལ་བའི་རྡོ་རྗེའི་སྐྲ་སྤུ་སེན་མོ་ལ་སོགས་ནི་སྲིད་ཀྱང་རྡོ་རྗེའི་སྐྲ་སྤུ་སེན་མོ་ལ་སོགས་དང་བྲལ་བའི་ཀུན་རྫོབ་ཀྱི་སྐྲ་སྤུ་སེན་མོ་ལ་སོགས་ནི་མི་སྲིད་པར་བསྟན་པ་ནི།
༢༩༽ ཀུན་རྫོབ་ཀྱི་རྒྱུ་སྐར་དང་བྲལ་བའི་དོན་དམ་གྱི་རྒྱུ་སྐར་ནི་སྲིད་ཀྱང་དོན་དམ་གྱི་རྒྱུ་སྐར་དང་བྲལ་བའི་ཀུན་རྫོབ་ཀྱི་རྒྱུ་སྐར་ནི་མི་སྲིད་པར་བསྟན་པ་ནི།
༣༠༽ ཀུན་བཏགས་ཀྱི་ལུས་འདི་དང་བྲལ་བའི་ཡོངས་གྲུབ་ཀྱི་སྐུ་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་སྐུ་དང་བྲལ་བའི་ཀུན་བཏགས་ཀྱི་ལུས་ནི་མི་སྲིད་པར་བསྟན་པ་ནི།
༣༡༽ ཀུན་བཏགས་ཀྱི་ངག་དང་བྲལ་བའི་ཡོངས་གྲུབ་ཀྱི་གསུང་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་གསུང་དང་བྲལ་བའི་ཀུན་བཏགས་ཀྱི་ངག་ནི་མི་སྲིད་པར་བསྟན་པ་ནི།
༣༢༽ ཀུན་བཏགས་ཀྱི་སེམས་དང་བྲལ་བའི་ཡོངས་གྲུབ་ཀྱི་ཐུགས་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་ཐུགས་དང་བྲལ་བའི་ཀུན་བཏགས་ཀྱི་སེམས་ནི་མི་སྲིད་པར་བསྟན་པ་ནི།
༣༣༽ ཀུན་བཏགས་ཀྱི་བདེ་བ་དང་བྲལ་བའི་ཡོངས་གྲུབ་ཀྱི་བདེ་བ་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་བདེ་བ་དང་བྲལ་བའི་ཀུན་བཏགས་ཀྱི་བདེ་བ་ནི་མི་སྲིད་པར་བསྟན་པ་ནི།
༣༤༽ ཀུན་བཏགས་ཀྱི་གནས་སྐབས་རིགས་བཞིའི་ཀུན་རྟོག་དང་བྲལ་བའི་ཡོངས་གྲུབ་ཀྱི་གནས་སྐབས་རིགས་བཞི་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་གནས་སྐབས་རིགས་བཞི་དང་བྲལ་བའི་ཀུན་བཏགས་ཀྱི་གནས་སྐབས་རིགས་བཞི་ནི་མི་སྲིད་པར་བསྟན་པ་ནི།
༣༥༽ ཀུན་བཏགས་ཀྱི་ཟླ་བ་བཅུ་གཉིས་དང་བྲལ་བའི་ཡོངས་གྲུབ་ཀྱི་ཟླ་བ་བཅུ་གཉིས་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་ཟླ་བ་བཅུ་གཉིས་དང་བྲལ་བའི་ཀུན་བཏགས་ཀྱི་ཟླ་བ་བཅུ་གཉིས་ནི་མི་སྲིད་པར་བསྟན་པ་ནི།
༣༦༽ ཀུན་བཏགས་ཀྱི་ཚེས་སུམ་བརྒྱ་དྲུག་ཅུ་དང་བྲལ་བའི་ཡོངས་གྲུབ་ཀྱི་ཚེས་སུམ་བརྒྱ་དྲུག་ཅུ་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་ཚེས་སུམ་བརྒྱ་དྲུག་ཅུ་དང་བྲལ་བའི་ཀུན་བཏགས་ཀྱི་ཚེས་སུམ་བརྒྱ་དྲུག་ཅུ་ནི་མི་སྲིད་པར་བསྟན་པ་ནི།
༣༧༽ ཀུན་བཏགས་ཀྱི་ཁྱིམ་བཅུ་གཉིས་དང་བྲལ་བའི་ཡོངས་གྲུབ་ཀྱི་ཁྱིམ་བཅུ་གཉིས་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་ཁྱིམ་བཅུ་གཉིས་དང་བྲལ་བའི་ཀུན་བཏགས་ཀྱི་ཁྱིམ་བཅུ་གཉིས་ནི་མི་སྲིད་པར་བསྟན་པ་ནི།
༣༨༽ ཀུན་བཏགས་ཀྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་དང་བྲལ་བའི་ཡོངས་གྲུབ་ཀྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་དང་བྲལ་བའི་ཀུན་བཏགས་ཀྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་ནི་མི་སྲིད་པར་བསྟན་པ་ནི།
༣༩༽ ཀུན་བཏགས་ཀྱི་དབྱར་དགུན་སྟོན་དཔྱིད་དང་བྲལ་བའི་ཡོངས་གྲུབ་ཀྱི་དབྱར་དགུན་སྟོན་དཔྱིད་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་དབྱར་དགུན་སྟོན་དཔྱིད་དང་བྲལ་བའི་ཀུན་བཏགས་ཀྱི་དབྱར་དགུན་སྟོན་དཔྱིད་ནི་མི་སྲིད་པར་བསྟན་པ་ནི།
༤༠༽ ཀུན་བཏགས་ཀྱི་དུས་དྲུག་དང་བྲལ་བའི་ཡོངས་གྲུབ་ཀྱི་དུས་དྲུག་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་དུས་དྲུག་དང་བྲལ་བའི་ཀུན་བཏགས་ཀྱི་དུས་དྲུག་ནི་མི་སྲིད་པར་བསྟན་པ་ནི།
༤༡༽ ཀུན་བཏགས་ཀྱི་དུས་གསུམ་དང་བྲལ་བའི་ཡོངས་གྲུབ་ཀྱི་དུས་གསུམ་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་དུས་གསུམ་དང་བྲལ་བའི་ཀུན་བཏགས་ཀྱི་དུས་གསུམ་ནི་མི་སྲིད་པར་བསྟན་པ་ནི།
༤༢༽ ཀུན་བཏགས་ཀྱི་ལོ་དང་བྲལ་བའི་ཡོངས་གྲུབ་ཀྱི་ལོ་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་ལོ་དང་བྲལ་བའི་ཀུན་བཏགས་ཀྱི་ལོ་ནི་མི་སྲིད་པར་བསྟན་པ་ནི།
༤༣༽ ཀུན་བཏགས་ཀྱི་ཟླ་བ་ཕྱེད་པ་དང་བྲལ་བའི་ཡོངས་གྲུབ་ཀྱི་ཟླ་བ་ཕྱེད་པ་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་ཟླ་བ་ཕྱེད་པ་དང་བྲལ་བའི་ཀུན་བཏགས་ཀྱི་ཟླ་བ་ཕྱེད་པ་ནི་མི་སྲིད་པར་བསྟན་པ་ནི།
༤༤༽ ཀུན་བཏགས་ཀྱི་གཟའ་བཅུ་དང་བྲལ་བའི་ཡོངས་གྲུབ་ཀྱི་གཟའ་བཅུ་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་གཟའ་བཅུ་དང་བྲལ་བའི་ཀུན་བཏགས་ཀྱི་གཟའ་བཅུ་ནི་མི་སྲིད་པར་བསྟན་པ་ནི།
༤༥༽ ཀུན་བཏགས་ཀྱི་རླུང་བཅུ་དང་བྲལ་བའི་ཡོངས་གྲུབ་ཀྱི་རླུང་བཅུ་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་རླུང་བཅུ་དང་བྲལ་བའི་ཀུན་བཏགས་ཀྱི་རླུང་བཅུ་ནི་མི་སྲིད་པར་བསྟན་པ་ནི།
༤༦༽ ཀུན་བཏགས་ཀྱི་སྐར་མ་ཕྲ་སྦོམ་དང་བྲལ་བའི་ཡོངས་གྲུབ་ཀྱི་སྐར་མ་ཕྲ་སྦོམ་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་སྐར་མ་ཕྲ་སྦོམ་དང་བྲལ་བའི་ཀུན་བཏགས་ཀྱི་སྐར་མ་ཕྲ་སྦོམ་ནི་མི་སྲིད་པར་བསྟན་པ་ནི།
༤༧༽ ཀུན་བཏགས་ཀྱི་འཇའ་ཚོན་ཕྲ་རགས་དང་བྲལ་བའི་ཡོངས་གྲུབ་ཀྱི་འཇའ་ཚོན་ཕྲ་རགས་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་འཇའ་ཚོན་ཕྲ་རགས་དང་བྲལ་བའི་ཀུན་བཏགས་ཀྱི་འཇའ་ཚོན་ཕྲ་རགས་ནི་མི་སྲིད་པར་བསྟན་པ་ནི།
༤༨༽ ཀུན་བཏགས་ཀྱི་ས་རྡོ་དང་བྲལ་བའི་ཡོངས་གྲུབ་ཀྱི་ས་རྡོ་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་ས་རྡོ་དང་བྲལ་བའི་ཀུན་བཏགས་ཀྱི་ས་རྡོ་ནི་མི་སྲིད་པར་བསྟན་པ་ནི།
༤༩༽ ཀུན་བཏགས་ཀྱི་ཆུ་མེ་དང་བྲལ་བའི་ཡོངས་གྲུབ་ཀྱི་ཆུ་མེ་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་ཆུ་མེ་དང་བྲལ་བའི་ཀུན་བཏགས་ཀྱི་ཆུ་མེ་ནི་མི་སྲིད་པར་བསྟན་པ་ནི།
༥༠༽ ཀུན་བཏགས་ཀྱི་ཆར་དང་གློག་དང་བྲལ་བའི་ཡོངས་གྲུབ་ཀྱི་ཆར་དང་གློག་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་ཆར་དང་གློག་དང་བྲལ་བའི་ཀུན་བཏགས་ཀྱི་ཆར་དང་གློག་ནི་མི་སྲིད་པར་བསྟན་པ་ནི།
༥༡༽ ཀུན་བཏགས་ཀྱི་ཕུང་པོ་དྲུག་དང་བྲལ་བའི་ཡོངས་གྲུབ་ཀྱི་ཕུང་པོ་དྲུག་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་ཕུང་པོ་དྲུག་དང་བྲལ་བའི་ཀུན་བཏགས་ཀྱི་ཕུང་པོ་དྲུག་ནི་མི་སྲིད་པར་བསྟན་པ་ནི།
༥༢༽ ཀུན་བཏགས་ཀྱི་ཁམས་དྲུག་དང་བྲལ་བའི་ཡོངས་གྲུབ་ཀྱི་ཁམས་དྲུག་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་ཁམས་དྲུག་དང་བྲལ་བའི་ཀུན་བཏགས་ཀྱི་ཁམས་དྲུག་ནི་མི་སྲིད་པར་བསྟན་པ་ནི།
༥༣༽ ཀུན་བཏགས་ཀྱི་དབང་པོ་དྲུག་དང་བྲལ་བའི་ཡོངས་གྲུབ་ཀྱི་དབང་པོ་དྲུག་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་དབང་པོ་དྲུག་དང་བྲལ་བའི་ཀུན་བཏགས་ཀྱི་དབང་པོ་དྲུག་ནི་མི་སྲིད་པར་བསྟན་པ་ནི།
༥༤༽ ཀུན་བཏགས་ཀྱི་ཡུལ་དྲུག་དང་བྲལ་བའི་ཡོངས་གྲུབ་ཀྱི་ཡུལ་དྲུག་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་ཡུལ་དྲུག་དང་བྲལ་བའི་ཀུན་བཏགས་ཀྱི་ཡུལ་དྲུག་ནི་མི་སྲིད་པར་བསྟན་པ་ནི།
༥༥༽ ཀུན་བཏགས་ཀྱི་ལས་དབང་དྲུག་དང་བྲལ་བའི་ཡོངས་གྲུབ་ཀྱི་ལས་དབང་དྲུག་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་ལས་དབང་དྲུག་དང་བྲལ་བའི་ཀུན་བཏགས་ཀྱི་ལས་དབང་དྲུག་ནི་མི་སྲིད་པར་བསྟན་པ་ནི།
༥༦༽ ཀུན་བཏགས་ཀྱི་ལས་དབང་གི་བྱ་བ་དྲུག་དང་བྲལ་བའི་ཡོངས་གྲུབ་ཀྱི་ལས་དབང་གི་བྱ་བ་དྲུག་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་ལས་དབང་གི་བྱ་བ་དྲུག་དང་བྲལ་བའི་ཀུན་བཏགས་ཀྱི་ལས་དབང་གི་བྱ་བ་དྲུག་ནི་མི་སྲིད་པར་བསྟན་པ་ནི།
༥༧༽ ཀུན་བཏགས་ཀྱི་སྐྱེས་བུ་གང་ཟག་དང་བྲལ་བའི་ཡོངས་གྲུབ་ཀྱི་སྐྱེས་བུ་ཆེན་པོའི་གང་ཟག་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་སྐྱེས་བུ་ཆེན་པོའི་གང་ཟག་དང་བྲལ་བའི་ཀུན་བཏགས་ཀྱི་སྐྱེས་བུའི་གང་ཟག་ནི་མི་སྲིད་པར་བསྟན་པ་ནི།
༥༨༽ ཀུན་བཏགས་ཀྱི་ཕུང་པོ་སུམ་ཅུ་རྩ་དྲུག་དང་བྲལ་བའི་ཡོངས་གྲུབ་ཀྱི་ཕུང་པོ་སུམ་ཅུ་རྩ་དྲུག་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་ཕུང་པོ་སུམ་ཅུ་རྩ་དྲུག་དང་བྲལ་བའི་ཀུན་བཏགས་ཀྱི་ཕུང་པོ་སུམ་ཅུ་རྩ་དྲུག་ནི་མི་སྲིད་པར་བསྟན་པ་ནི།
༥༩༽ ཀུན་བཏགས་ཀྱི་རོ་དང་ཁམས་ཀྱི་རྣམ་འགྱུར་སུམ་ཅུ་རྩ་དྲུག་དང་བྲལ་བའི་ཡོངས་གྲུབ་ཀྱི་རོ་དང་ཁམས་ཀྱི་རྣམ་འགྱུར་སུམ་ཅུ་རྩ་དྲུག་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་རོ་དང་ཁམས་ཀྱི་རྣམ་འགྱུར་སུམ་ཅུ་རྩ་དྲུག་དང་བྲལ་བའི་ཀུན་བཏགས་ཀྱི་རོ་དང་ཁམས་ཀྱི་རྣམ་འགྱུར་སུམ་ཅུ་རྩ་དྲུག་ནི་མི་སྲིད་པར་བསྟན་པ་ནི།
༦༠༽ ཀུན་བཏགས་ཀྱི་རྣམ་བཅུ་དབང་ལྡན་དང་བྲལ་བའི་ཡོངས་གྲུབ་ཀྱི་རྣམ་བཅུ་དབང་ལྡན་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་རྣམ་བཅུ་དབང་ལྡན་དང་བྲལ་བའི་ཀུན་བཏགས་ཀྱི་རྣམ་བཅུ་དབང་ལྡན་ནི་མི་སྲིད་པར་བསྟན་པ་ནི།
༦༡༽ ཀུན་བཏགས་ཀྱི་ཟླ་བའི་ཆ་བཅོ་ལྔ་འཕེལ་འགྲིབ་དང་བྲལ་བའི་ཡོངས་གྲུབ་ཀྱི་ཟླ་བའི་ཆ་བཅོ་ལྔ་འཕེལ་འགྲིབ་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་ཟླ་བའི་ཆ་བཅོ་ལྔ་འཕེལ་འགྲིབ་དང་བྲལ་བའི་ཀུན་བཏགས་ཀྱི་ཟླ་བའི་ཆ་བཅོ་ལྔ་འཕེལ་འགྲིབ་ནི་མི་སྲིད་པར་བསྟན་པ་ནི།
༦༢༽ ཀུན་བཏགས་ཀྱི་ཉི་མ་ལྷོ་བྱང་དུ་བགྲོད་པ་དང་བྲལ་བའི་ཡོངས་གྲུབ་ཀྱི་ཉི་མ་ལྷོ་བྱང་དུ་བགྲོད་པ་ནི་སྲིད་ཀྱང་ཡོངས་གྲུབ་ཀྱི་ཉི་མ་ལྷོ་བྱང་དུ་བགྲོད་པ་དང་བྲལ་བའི་ཀུན་བཏགས་ཀྱི་ཉི་མ་ལྷོ་བྱང་དུ་བགྲོད་པ་ནི་མི་སྲིད་པར་བསྟན་པ་ནི།
༦༣༽ དེ་དག་ཡོངས་གྲུབ་ཀྱི་ཆོས་ཐམས་ཅད་ནི་རྟེན་དང་ཀུན་བཏགས་ཀྱི་ཆོས་ཐམས་ཅད་ནི་བརྟེན་པ་ཡིན་པའི་རྒྱུ་མཚན་གྱིས་གལ་ཏེ་རྟེན་མེད་ན་བརྟེན་པའང་མི་སྲིད་པར་འགྱུར་བ་ལས་རྟེན་ཡོངས་གྲུབ་ཀྱི་ཆོས་རྣམས་ནི་ཡོད་ཅིང་སྲིད་པའི་ཕྱིར་ན་ཡུལ་དུས་ཐམས་ཅད་དུ་རྟག་པར་བཞུགས་ཚུལ་བསྟན་པ་ནི།
༦༤༽ གཞུང་འདིར་ཡོངས་གྲུབ་དང་ཀུན་བཏགས་ཞེས་པ་ནི་དོན་དམ་དང་ཀུན་རྫོབ་སོགས་ཀྱི་མིང་གི་རྣམ་གྲངས་སུ་བསྟན་པ་ནི།
༦༥༽ དེ་དག་རྟེན་དང་བརྟེན་པ་ཉིད་དུ་རྟོགས་ཤིང་རྟེན་མེད་ན་བརྟེན་པ་མི་སྲིད་པའི་དོན་ལ་མཁས་པར་གྱུར་ནས་བདེ་གཤེགས་སྙིང་པོ་དག་པའི་བདག་ཏུ་ཤེས་ནས་དད་པ་འཐོབ་པར་སྨོན་པ་ནི།
༦༦༽ ཡོངས་གྲུབ་དང་ཀུན་བཏགས་གཉིས་པོ་རྟེན་བརྟེན་པ་དང་ཁྱབ་བྱ་ཁྱབ་བྱེད་ཡིན་པས་རྟེན་དང་ཁྱབ་བྱེད་མེད་ན་བརྟེན་པ་དང་ཁྱབ་བྱའང་མི་སྲིད་པར་གྱུར་བའི་ཕྱིར་འགྱུར་མེད་ཡོངས་གྲུབ་ཡོད་པར་གྲུབ་པས་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་དུ་ཤེས་ནས་དད་པ་འཐོབ་པར་སྨོན་པ་ནི།
༦༧༽ བདེན་པ་གཉིས་པོ་རྟེན་བརྟེན་པ་དང་ཁྱབ་བྱ་ཁྱབ་བྱེད་ཡིན་པས་རྟེན་དང་ཁྱབ་བྱེད་མེད་ན་བརྟེན་པ་དང་ཁྱབ་བྱ་ཡང་མི་སྲིད་པར་གྱུར་བའི་ཕྱིར་དོན་དམ་པའི་ཡོན་ཏན་རྣམས་ཡོད་པར་གྲུབ་ཅིང་དེ་ལྡན་གྱི་སེམས་ཅན་ཐམས་ཅད་ཀྱང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་དུ་ཤེས་ནས་དད་པ་འཐོབ་པར་སྨོན་པ་ནི།
༦༨༽ ཆོས་ཉིད་དང་ཆོས་ཅན་གཉིས་པོ་རྟེན་བརྟེན་པ་དང་ཁྱབ་བྱ་ཁྱབ་བྱེད་ཡིན་པས་རྟེན་དང་ཁྱབ་བྱེད་མེད་ན་བརྟེན་པ་དང་ཁྱབ་བྱ་ཡང་མི་སྲིད་པར་གྱུར་བའི་ཕྱིར་ཆོས་ཉིད་ཟབ་མོའི་ཡོན་ཏན་རྣམས་ཡོད་པར་གྲུབ་ཅིང་དེ་ལྡན་གྱི་སེམས་ཅན་ཐམས་ཅད་ཀྱང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་དུ་ཤེས་ནས་དད་པ་འཐོབ་པར་སྨོན་པ་ནི།
༦༩༽ དབུས་དང་མཐའ་གཉིས་པོ་རྟེན་བརྟེན་པ་དང་ཁྱབ་བྱ་ཁྱབ་བྱེད་ཡིན་པས་རྟེན་དང་ཁྱབ་བྱེད་མེད་ན་བརྟེན་པ་དང་ཁྱབ་བྱ་ཡང་མི་སྲིད་པར་གྱུར་བའི་ཕྱིར་དབུས་མའི་ཡོན་ཏན་རྣམས་ཡོད་པར་གྲུབ་ཅིང་དེ་ལྡན་གྱི་སེམས་ཅན་ཐམས་ཅད་ཀྱང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་དུ་ཤེས་ནས་དད་པ་འཐོབ་པར་སྨོན་པ་ནི།
༧༠༽ ཆོས་ལྔ་པོ་རྟེན་བརྟེན་པ་དང་ཁྱབ་བྱ་ཁྱབ་བྱེད་ཡིན་པས་རྟེན་དང་ཁྱབ་བྱེད་མེད་ན་བརྟེན་པ་དང་ཁྱབ་བྱ་ཡང་མི་སྲིད་པར་གྱུར་བའི་ཕྱིར་དེ་བཞིན་ཉིད་ཀྱི་ཡོན་ཏན་རྣམས་ཡོད་པར་གྲུབ་ཅིང་དེ་ལྡན་གྱི་སེམས་ཅན་ཐམས་ཅད་ཀྱང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་དུ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་སྨོན་པ་ནི།
༧༡༽ རང་བཞིན་གསུམ་པོ་རྟེན་བརྟེན་པ་དང་ཁྱབ་བྱ་ཁྱབ་བྱེད་ཡིན་པས་རྟེན་དང་ཁྱབ་བྱེད་མེད་ན་བརྟེན་པ་དང་ཁྱབ་བྱ་ཡང་མི་སྲིད་པར་གྱུར་བའི་ཕྱིར་འགྱུར་མེད་ཡོངས་གྲུབ་ཀྱི་ཡོན་ཏན་རྣམས་ཡོད་པར་གྲུབ་ཅིང་དེ་ལྡན་གྱི་སེམས་ཅན་ཐམས་ཅད་ཀྱང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་དུ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་སྨོན་པ་ནི།
༧༢༽ ཕྱི་ནང་གཞན་གསུམ་པོ་རྟེན་བརྟེན་པ་དང་ཁྱབ་བྱ་ཁྱབ་བྱེད་ཡིན་པས་རྟེན་དང་ཁྱབ་བྱེད་མེད་ན་བརྟེན་པ་དང་ཁྱབ་བྱ་ཡང་མི་སྲིད་པར་གྱུར་བའི་ཕྱིར་གཞན་མཆོག་དང་པོའི་སངས་རྒྱས་རྣམས་ཡོད་པར་གྲུབ་ཅིང་དེ་ལྡན་གྱི་སེམས་ཅན་ཐམས་ཅད་ཀྱང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་དུ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་སྨོན་པ་ནི།
༧༣༽ བདེན་པ་བཞི་པོ་རྟེན་བརྟེན་པ་དང་ཁྱབ་བྱ་ཁྱབ་བྱེད་ཡིན་པས་རྟེན་དང་ཁྱབ་བྱེད་མེད་ན་བརྟེན་པ་དང་ཁྱབ་བྱ་ཡང་མི་སྲིད་པར་གྱུར་བའི་ཕྱིར་འགོག་བདེན་ཟབ་མོའི་ཡོན་ཏན་རྣམས་ཡོད་པར་གྲུབ་ཅིང་དེ་ལྡན་གྱི་སེམས་ཅན་ཐམས་ཅད་ཀྱང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་དུ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་སྨོན་པ་ནི།
༧༤༽ རང་བྱུང་གཞན་བྱུང་གཉིས་པོ་རྟེན་བརྟེན་པ་དང་ཁྱབ་བྱ་ཁྱབ་བྱེད་ཡིན་པས་རྟེན་དང་ཁྱབ་བྱེད་མེད་ན་བརྟེན་པ་དང་ཁྱབ་བྱ་ཡང་མི་སྲིད་པར་གྱུར་བའི་ཕྱིར་རང་བྱུང་ཡེ་ཤེས་ཀྱི་ཡོན་ཏན་རྣམས་ཡོད་པར་གྲུབ་ཅིང་དེ་ལྡན་གྱི་སེམས་ཅན་ཐམས་ཅད་ཀྱང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་དུ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་སྨོན་པ་ནི།
༧༥༽ དོན་དམ་ཆོས་སྐུ་དང་ཀུན་རྫོབ་གཟུགས་སྐུ་གཉིས་པོ་རྟེན་བརྟེན་པ་དང་ཁྱབ་བྱ་ཁྱབ་བྱེད་ཡིན་པས་རྟེན་དང་ཁྱབ་བྱེད་མེད་ན་བརྟེན་པ་དང་ཁྱབ་བྱ་ཡང་མི་སྲིད་པར་གྱུར་བའི་ཕྱིར་དོན་དམ་ཆོས་སྐུའི་ཡོན་ཏན་རྣམས་ཡོད་པར་གྲུབ་ཅིང་དེ་ལྡན་གྱི་སེམས་ཅན་ཐམས་ཅད་ཀྱང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་དུ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་སྨོན་པ་ནི།
༧༦༽ ཀུན་གཞི་ཡེ་ཤེས་དང་ཀུན་གཞི་རྣམ་ཤེས་གཉིས་པོ་རྟེན་བརྟེན་པ་དང་ཁྱབ་བྱ་ཁྱབ་བྱེད་ཡིན་པས་རྟེན་དང་ཁྱབ་བྱེད་མེད་ན་བརྟེན་པ་དང་ཁྱབ་བྱ་ཡང་མི་སྲིད་པར་གྱུར་བའི་ཕྱིར་ཀུན་གཞི་ཡེ་ཤེས་ཀྱི་ཡོན་ཏན་རྣམས་ཡོད་པར་གྲུབ་ཅིང་དེ་ལྡན་གྱི་སེམས་ཅན་ཐམས་ཅད་ཀྱང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་དུ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་སྨོན་པ་ནི།
༧༧༽ བདེ་གཤེགས་སྙིང་པོ་དང་གློ་བུར་དྲི་མ་གཉིས་པོ་རྟེན་བརྟེན་པ་དང་ཁྱབ་བྱ་ཁྱབ་བྱེད་ཡིན་པས་རྟེན་དང་ཁྱབ་བྱེད་མེད་ན་བརྟེན་པ་དང་ཁྱབ་བྱ་ཡང་མི་སྲིད་པར་གྱུར་བའི་ཕྱིར་བདེ་གཤེགས་སྙིང་པོའི་ཡོན་ཏན་རྣམས་ཡོད་པར་གྲུབ་པས་བདེ་གཤེགས་སྙིང་པོ་དང་དེའི་ཡོན་ཏན་མེད་པར་འདོད་པའི་སྡིག་ལྟ་སྤོང་བར་སྨོན་པ་ནི།
༧༨༽ རང་བཞིན་དང་བཅོས་མ་གཉིས་པོ་རྟེན་བརྟེན་པ་དང་ཁྱབ་བྱ་ཁྱབ་བྱེད་ཡིན་པས་རྟེན་དང་ཁྱབ་བྱེད་མེད་ན་བརྟེན་པ་དང་ཁྱབ་བྱ་ཡང་མི་སྲིད་པར་གྱུར་བའི་ཕྱིར་རང་བཞིན་གྱི་ཡོན་ཏན་རྣམས་ཡོད་པར་གྲུབ་ཅིང་དེ་ལྡན་གྱི་སེམས་ཅན་ཐམས་ཅད་ཀྱང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་དུ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་སྨོན་པ་ནི།
༧༩༽ གཉུག་མ་དང་གློ་བུར་བ་གཉིས་པོ་རྟེན་བརྟེན་པ་དང་ཁྱབ་བྱ་ཁྱབ་བྱེད་ཡིན་པས་རྟེན་དང་ཁྱབ་བྱེད་མེད་ན་བརྟེན་པ་དང་ཁྱབ་བྱ་ཡང་མི་སྲིད་པར་གྱུར་བའི་ཕྱིར་གཉུག་མའི་ཡོན་ཏན་རྣམས་ཡོད་པར་གྲུབ་ཅིང་དེ་ལྡན་གྱི་སེམས་ཅན་ཐམས་ཅད་ཀྱང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་དུ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་སྨོན་པ་ནི།
༨༠༽ བདེན་པ་གཉིས་ཀྱི་ཚོགས་གཉིས་དང་སྤངས་རྟོགས་གཉིས་པོ་རྟེན་བརྟེན་པ་དང་ཁྱབ་བྱ་ཁྱབ་བྱེད་ཡིན་པས་རྟེན་དང་ཁྱབ་བྱེད་མེད་ན་བརྟེན་པ་དང་ཁྱབ་བྱ་ཡང་མི་སྲིད་པར་གྱུར་བའི་ཕྱིར་དོན་དམ་གྱི་ཚོགས་གཉིས་དང་སྤངས་རྟོགས་གཉིས་ཡོད་པར་གྲུབ་ཅིང་དེ་ལྡན་གྱི་སེམས་ཅན་ཐམས་ཅད་ཀྱང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་དུ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་སྨོན་པ་ནི།
༨༡༽ དེ་བཞིན་ཉིད་བདག་དག་པའི་བདག་དང་གཟུང་འཛིན་གྱི་དངོས་པོ་ཐམས་ཅད་རྟེན་བརྟེན་པ་དང་ཁྱབ་བྱ་ཁྱབ་བྱེད་ཡིན་པས་རྟེན་དང་ཁྱབ་བྱེད་མེད་ན་བརྟེན་པ་དང་ཁྱབ་བྱ་ཡང་མི་སྲིད་པར་གྱུར་བའི་ཕྱིར་དེ་བཞིན་ཉིད་བདག་དག་པའི་བདག་ཡོད་པར་གྲུབ་ཅིང་དེ་ལྡན་གྱི་སེམས་ཅན་ཐམས་ཅད་ཀྱང་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་དུ་ཤེས་ནས་དད་པ་ཐོབ་ཅིང་སྐྱབས་སུ་འགྲོ་བར་སྨོན་པ་ནི།
༨༢༽ གཞན་ཡང་འདི་ལྟ་བུ་སྲིད་མི་སྲིད་པའི་རབ་དབྱེ་དུ་མ་དབྱེ་རྒྱུ་ཡོད་པར་བསྟན་པ་ནི།
གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ་གསུམ་སྟེ། ༡༽ ཆོས་ཚུལ་འདིའི་ཁུངས་དང་མཛད་བྱང་སྨོས་པ་ནི།
༢༽ སྨོན་ཚིག་བརྗོད་པ་ནི།
