ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ། དགེ་ཚུལ་ཀཱ་རི་ཀཱའི་མཆན་འགྲེལ། རྟགས་རིགས་ཀྱི་རྣམ་གཞག་བཅས་བཞུགས་སོ། །

An Extensive Explanation of the Praise of the Sublime; An Annotated Commentary by the Monk Kārikā with a Presentation of Logical Analysis

An Extensive Explanation of the Praise of the Sublime;  An Annotated Commentary by the Monk Kārikā with a Presentation of Logical Analysis
སྔར་རྒྱ་གར་དུ་བཀའ་བསྡུ་གསུམ་པ་བྱས་ནས་རྒྱལ་པོ་ཀ་ནི་ཀ་འདས་པའི་རྗེས་སུ་དེའི་བུས་སྲིད་དབང་བཟུང་བའི་དུས་ཙམ་ན། བྲམ་ཟེའི་བུ་སྤུན་གཉིས་ཏེ་ཆེ་བ་ལ་ཐོ་བཙུན་གྲུབ་རྗེ་དང་། ཆུང་བ་ལ་བདེ་བྱེད་བདག་པོ་ཟེར་བ་དེ་གཉིས་ཀྱི་ཆེ་བས་མུ་སྟེགས་རིག་བྱེད་ཀྱི་ཆོས་ལ་དད་པ་བྱེད་ཅིང་། ཆུང་བས་ནང་པའི་ཆོས་ལ་དད་པ་བྱེད་ཀྱི་ཡོད་པ་ལས། ཆེ་བ་དེ་རྗེས་སུ་ནང་པའི་ཆོས་ལ་ཞུགས་ནས་མུ་སྟེགས་ཀྱི་སྟོན་པ་དང་ལྷ་རྣམས་ལས་ནང་པ་སངས་རྒྱས་ཀྱི་སྟོན་པ་ཁྱད་པར་འཕགས་པའི་དཔེ་དོན་གཉིས་རེའི་སྒོ་ནས་བསྟོད་པར་མཛད་པ་དེ་ལ་ཤེས་རབ་གོ་ཆས་མཛད་པའི་རྒྱ་ཆེར་འགྲེལ་པ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་དེ་ལ་འཇམ་མགོན་མི་ཕམ་རྒྱ་མཚོས་མཛད་པའི་མཆན་འགྲེལ་དེ་ཡིན། དེ་ནང་དུ་གཙོ་བོ་དགེ་ཚུལ་གྱི་བསླབ་བྱ་དགག་སྒྲུབ་ཀྱི་རྣམ་གཞག་ལེགས་པར་བསྟན་པ་དང་། ཚད་མའི་རིགས་ལམ་གྱི་ནང་ནས་རྟགས་སམ་གཏན་ཚིགས་ཡང་དག་དང་ལྟར་སྣང་སྐོར་བསྟན་པའི་རྣམ་གཞག་སྟོན་པའི་གཞུང་མཁན་པོ་ཐུབ་བསྟན་བརྩོན་འགྲུས་མཛད་པ་རྣམས་ཕྱོགས་བསྡོམས་མཛད་པའི་དེབ་ཕྲེང་ཞིག་ཡིན།

དཀར་ཆག

གླེང་བརྗོད།

༈ ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ།

[ཀ] ཀླད་ཀྱི་དོན།

མཚན་སྨོས་པ།

འགྱུར་ཕྱག

[ཁ] གཞུང་དོན།

བསྟོད་པ་དངོས།

[སྐྱབས་གནས་ཡིན་མིན་གྱི་རྣམ་པར་དབྱེ་བས་མདོར་བསྟན།]

སྐྱབས་གནས་མི་བསླུ་བ་སངས་རྒྱས་ཉག་གཅིག་ཏུ་ངོས་བཟུང་བ།

འཇིག་རྟེན་པའི་ལྷ་རྣམས་ལ་སྐྱབས་སུ་འཛིན་པ་འཁྲུལ་པར་བསྟན་པ།

དེ་དག་གི་ཡོན་ཏན་དུ་བསྔགས་པ་ཀུན་ཀྱང་སྐྱོན་ཉིད་དུ་བསྟན་པ།

[སྐྱོན་ཡོན་གྱི་ཁྱད་པར་བསྟན་པས་རྒྱུ་མཚན་རྒྱས་པར་བཤད་པ།]

{བདག་དོན་ཕུན་སུམ་ཚོགས་པའི་ཁྱད་པར།}

འབྲས་བུ་སྤངས་རྟོགས་ཀྱི་ཡོན་ཏན་བརྙེས་པའི་ཁྱད་པར།

བདུད་བཞི་བཅོམ་པས་སྤངས་བ་ཕུན་ཚོགས།

ཉོན་མོངས་པའི་བདུད་བཅོམ་པའི་ཁྱད་པར།

ཁྲོ་བ་སྤངས་པའི་ཁྱད་པར།

འདོད་ཆགས་དང་བྲལ་བའི་ཁྱད་པར།

འདོད་ཆགས་བག་ལ་ཉལ་བ་ས་བོན་བཅས་པ་སྤངས་པའི་ཁྱད་པར།

ཆགས་བྲལ་གྱི་གེགས་ཀྱིས་བརྫི་པར་མ་ནུས་པའི་ཁྱད་པར།

རྨོངས་པ་མི་མངའ་བའི་ཁྱད་པར།

ལྷའི་བུའི་བདུད་ལས་རྒྱལ་བའི་ཁྱད་པར།

འཆི་བདག་ཕུང་པོའི་བདུད་ལས་གྲོལ་བའི་ཁྱད་པར།

རིག་དང་ཞབས་སུ་ལྡན་པས་རྟོགས་པ་ཕུན་ཚོགས་ཀྱི་ཁྱད་པར།

ཐུགས་མངོན་པར་ཤེས་པའི་རིག་པར་ལྡན་པ།

སྐུ་རྫུ་འཕྲུལ་གྱི་ཞབས་སུ་ལྡན་པའི་ཚུལ།

རྒྱུ་ཚངས་པར་སྤྱོད་པ་མཐར་ཕྱིན་པའི་ཁྱད་པར།

སྒོ་གསུམ་ཉེས་པར་སྤྱོད་པ་ལས་ལྡོག་པའི་ཁྱད་པར།

རྒྱུ་ཉེས་སྤྱོད་ལས་ལྡོག་པའི་ཁྱད་པར།

སྐུ་ཚངས་པར་སྤྱོད་པའི་ཡོན་ཏན་གྱི་ཁྱད་པར།

གསུང་བདེན་པའི་དོན་བཞིན་སྟོན་པའི་ཁྱད་པར།

ཐུགས་འདོད་པས་མ་རྨོངས་པའི་ཁྱད་པར།

འབྲས་བུ་གནོད་པའི་གཞན་དབང་དང་བྲལ་བའི་ཁྱད་པར།

དཀའ་ཐུབ་ལས་སླར་མི་ལྡོག་པའི་ཁྱད་པར།

གཞན་གནོད་སྤངས་པའི་ཁྱད་པར།

གཞན་ཕན་བསྒྲུབས་པའི་ཁྱད་པར།

གནས་སྐབས་སུ་ཕན་པའི་ཁྱད་པར།

མཐར་ཐུག་ཏུ་བདེ་བ་ལ་འགོད་པའི་ཁྱད་པར།

{གཞན་དོན་ཕུན་སུམ་ཚོགས་པའི་ཁྱད་པར།}

གཞན་དོན་ཕུན་ཚོགས་དངོས།

གཞན་དོན་གྱི་གཙོ་བོ་ཆོས་འཁོར་བསྐོར་ཚུལ་སྤྱིར་བསྟན་པ།

བདག་རྐྱེན་གྱི་ཁྱད་པར་ཐུགས་རྗེ་ཆེན་པོས་ཀུན་ནས་བསླང་བ།

བྱེད་ལས་ཀྱི་ཁྱད་པར་འཁོར་གསུམ་གྱི་ཉོན་མོངས་སྤོང་བ།

ངོ་བོའི་ཁྱད་པར་གཞན་དང་ཐུན་མོང་མ་ཡིན་པ།

རྣམ་པའི་ཁྱད་པར་འགལ་འཁྲུལ་ནོར་བའི་སྐྱོན་དང་བྲལ་བ།

སྟོན་ཚུལ་གྱི་ཁྱད་པར་འཁོར་ཚོགས་དབུས་ན་མི་འཇིགས་པ།

ལྟ་སྤྱོད་ཀྱི་ཁྱད་པར་བྱེ་བྲག་ཏུ་བཤད་པ།

ཐབས་སྤྱོད་པ་མ་འཁྲུལ་པའི་ཁྱད་པར།

དངོས།

ཉེས་སྤྱོད་སྡོམ་པའི་སྤྱོད་པ།

སེམས་ཅན་དོན་སྒྲུབ་ཀྱི་སྤྱོད་པ།

གཙོ་ཕལ་གྱི་རྣམ་གཞག

ཤེས་རབ་ལྟ་བ་མ་རྨོངས་པའི་ཁྱད་པར།

དངོས་པོའི་རང་བཞིན་ལས་མ་རྨོངས་པས་འདུས་བྱས་ཀྱི་དངོས་རྣམས་ལྟོས་གྲུབ་ཏུ་བསྟན་པ་།

འབྲས་བུ་མྱང་འདས་མ་འཁྲུལ་པས་ཐར་པ་འགྲོ་འོང་བྲལ་བར་བསྟན་པ།

རྒྱུ་ལ་མ་ནོར་བས་ཞི་སྒོ་གཉིས་པ་མེད་པར་བསྟན་པ།

དེ་འབྱུང་བའི་རྒྱུ་ཕུན་སུམ་ཚོགས་པ།

འགལ་རྐྱེན་སྐུ་གསུང་ཐུགས་ལ་ཉེས་སྐྱོན་གྱིས་མ་གོས་པ།

སྐུ་ལ་མི་འཚམས་པའི་སྤྱོད་པ་མི་མངའ་བའི་ཁྱད་པར།

ཆགས་པས་ཀུན་ནས་སློང་བའི་སྤྱོད་པ་མི་མངའ་བ།

སྡང་བས་ཀུན་ནས་སློང་བའི་སྤྱོད་པ་མི་མངའ་བ།

གཏི་མུག་གིས་ཀུན་ནས་སློང་བའི་སྤྱོད་པ་མི་མངའ་བ།

གསུང་ལ་འཁྲུལ་པ་མི་མངའ་བའི་ཁྱད་པར།

ལས་འབྲས་ཀྱི་རྣམ་གཞག་ལ་མ་འཁྲུལ་བའི་ཁྱད་པར།

བདག་མེད་པའི་རང་བཞིན་ལ་མ་འཁྲུལ་བའི་ཁྱད་པར།

སྣོད་བཅུད་ཀྱི་རྒྱུ་ལ་མ་འཁྲུལ་བའི་ཁྱད་པར།

བྲམ་ཟེ་རྣམས་ཀྱི་ལུགས་ལས་ཁྱད་པར་འཕགས་ཚུལ།

དྲང་སྲོང་སེར་སྐྱའི་ཕྱོགས་ལས་ཁྱད་པར་འཕགས་ཚུལ།

སེར་སྐྱར་བརྫུས་པ་གཞན་གྱི་སྤྱོད་པ་ལས་ཁྱད་པར་འཕགས་ཚུལ་ཞར་བྱུང་དུ་བཤད་པ།

སེར་སྐྱའི་གྲུབ་མཐའ་ལ་ས་ཁྱད་པར་འཕགས་ཚུལ་དངོས་དོན་དུ་བཤད་པ།

འབྲས་བུ་ཐར་པ་ལ་མ་འཁྲུལ་བའི་ཁྱད་པར།

རྒྱུ་བསོད་ནམས་ཀྱི་རང་བཞིན་ལ་མ་འཁྲུལ་བའི་ཁྱད་པར།

འཁོར་བའི་སྐྱེ་འཆི་ལ་མ་འཁྲུལ་བའི་ཁྱད་པར། བྱ་བ་མིན་པ་ལ་དམ་པའི་སྤྱོད་པར་འཁྲུལ་པ་མི་མངའ་བའི་ཁྱད་པར།

ཐུགས་ཉེ་བར་ཞི་བའི་ཁྱད་པར།

མཐུན་རྐྱེན་མཁྱེན་བརྩེ་ནུས་པའི་ཡོན་ཏན་མངའ་བའི་ཁྱད་པར།

མཁྱེན་པའི་ཁྱད་པར།

བརྩེ་བའི་ཁྱད་པར།

དངོས་སུ་ཆོས་བསྟན་པས་ཕན་འདོགས་པའི་ཁྱད་པར།

དངོས།

ཞར་བྱུང།

བརྩེ་བ་དང་བྲལ་བའི་སྟོན་པ་གཞན་བསྟེན་མི་རིགས་པར་གདམས་པ།

ཆགས་བྲལ་མིན་པ་ལ་ཐར་པ་མི་སྲིད་པར་བཤད་པ།

བརྒྱུད་ནས་དགེ་ཚོགས་ཡོངས་སུ་བསྔོ་བས་ཕན་འདོགས་པའི་ཁྱད་པར།

སྲོག་གི་ཕྱིར་ཡང་གཞན་གནོད་མི་མཛད་པའི་ཁྱད་པར།

བརྩེ་བར་ལྡན་པ་ཆོས་མཐུན་དགོངས་པའི་ཁྱད་པར།

དེས་ན་དགྲ་ལའང་སྙིང་བརྩེར་འོས་པར་གསུངས་པའི་ཁྱད་པར།

ནུས་པའི་ཁྱད་པར།

རང་རྒྱུད་ཀྱི་ཉོན་མོངས་འཇོམས་པའི་ཁྱད་པར།

གཞན་རྒྱུད་ཀྱི་སྡུག་བསྔལ་ལས་སྐྱོབ་པའི་ཁྱད་པར།

བསྙེངས་དང་བྲལ་བའི་ཁྱད་པར།

གཉེན་འདུན་འཁོར་བ་ལས་སྒྲོལ་བའི་ཁྱད་པར།

[དེ་དག་གི་དོན་བསྡུ་བ།]

རྩོམ་པ་པོས་ཆོས་ཀྱི་རྗེས་སུ་འབྲང་བའི་དད་པ་ཐོབ་པར་བསྟན་པ།

བློ་སྐྱོན་ཅན་གྱིས་དེ་ལྟར་མི་ཤེས་པའི་ཚུལ།

ཕྱོགས་ཞེན་ཅན་དག་སྡང་བས་ཞུགས་པར་རང་སྐྱོན་དུ་བསྟན་པ།

གཟུར་གནས་ཚད་མའི་ངོར་རྒྱལ་བསྟན་ཉིད་འཐད་པར་བཤད་པ།

བསྟོད་པ་ལས་བྱུང་བའི་བསོད་ནམས་ཡོངས་སུ་བསྔོ་བ།

བསྟོད་པ་བརྩམས་པའི་དགེ་བ་བསྔོ་བ།

དེ་ཁ་ཏོན་དུ་བགྱིས་པའི་དགེ་བ་བསྔོ་བ།

[ག] མཇུག་གི་དོན།

རྩོམ་པ་པོའི་མཛད་བྱང་།

ལོ་པཎ་གྱི་འགྱུར་བྱང་།

འཕགས་བསྟོད་རྒྱ་ཆེར་བཤད་པའི་མཇུག་མཆན།

༈ གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་མཆན་འགྲེལ་ནོར་བུའི་ཕྲེང་བ།

[ཀ] མཚན་དོན།

[ཁ] འགྱུར་ཕྱག

[ག] གཞུང་དོན།

[༡] བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག

༡ མཆོད་བརྗོད།

༢ བརྩམ་པར་དམ་བཅའ་བ།

[༢] བརྩམ་བྱ་བསྟན་བཅོས་ཀྱི་རང་བཞིན་དངོས་བཤད་པ།

{༡} རབ་ཏུ་བྱུང་ནས་བསླབ་པ་བསྲུང་དགོས་པར་གདམས་པ།

{༢} ཅི་ལྟར་བསྲུང་ཚུལ་རྒྱས་པར་བཤད་པ།

(༡) སྔ་དྲོའི་དུས་སུ་བྱ་བའི་ཚུལ།

(༢) ཟས་ཀྱི་བྱ་བ་བྱས་པའི་འོག་ཏུ་ཇི་ལྟར་བྱ་བའི་ཚུལ།

(༣) རྒྱུན་དུ་བསླབ་པའི་གནས་བཤད་པ།

༡) མདོར་བསྟན་པ།

༢) རྒྱས་པར་བཤད་པ།

༼༡༽ ཚུལ་ཁྲིམས་ཀྱི་ཡན་ལག་ཕས་ཕམ་གྱི་གནས་བསྟན་པ།

༡༽ སྲོག་གཅོད་ཀྱི་ཕམ་པ་བཤད་པ།

[༡] དངོསབཤད་པ།

༡ ལུས་ཀྱི་སྒོ་ནས་སྲོག་གཅོད་པ།

༢ ངག་གི་སྒོ་ནས་སྲོག་གཅོད་པ།

༣ ཐབས་ཀྱི་སྒོ་ནས་སྲོག་བཅད་པ།

[༢] དེའི་ཆར་གཏོགས་བཤད་པ།

༡ སྦོམ་པོ་བཤད་པ།

༢ ཉེས་བྱས་བཤད་པ།

༢༽ མ་བྱིན་ལེན་གྱི་ཕམ་པ།

༡ ཕམ་པ་དངོས་བརྗོད་པ།

༢ ཉེས་བྱས་བསྟན་པ།

༣ དེ་དག་གི་གཞི་ལོངས་སྤྱོད་ཀྱི་རྣམ་གྲངས་བཤད་པ།

༣༽ མི་ཚངས་སྤྱོད་ཀྱི་ཕམ་པ།

༡ བསྲུང་བྱ་དངོས་བཤད་པ།

༢ དེ་བསྲུང་དགོས་ཚུལ།

༤༽ རྫུན་གྱི་ཕམ་པ་བཤད་པ།

[༡] ཕམ་པ་དངོས་བཤད་པ།

[༢] དེ་ལས་གཞན་པའི་ངག་གི་ཉེས་པ་བཤད་པ།

༡ རྫུན་སོགས་ངག་གི་མི་དགེ་བ་སྤང་བྱར་བཤད་པ།

༢ ཞར་ལ་དགེ་སྦྱོང་གི་ཆོས་བཞི་བླང་བྱར་བསྟན་པ།

༣ འདིར་མ་བཤད་པའི་ངག་གི་སྐྱོན་གཞན་ཡང་སྤང་དགོས་པར་གདམས་པ།

༼༢༽ བསླབ་པ་ཕྲ་མོའི་གནས་བཤད་པ།

༡༽ བག་ཡོད་ཀྱི་ཡན་ལག་བཤད་པ།

༡ སྤང་བྱ་མྱོས་འགྱུར་གྱི་བྱེ་བྲག་བཤད་པ།

༢ དེ་སྤང་བའི་དགོས་པ་བཤད་པ།

༢༽ བརྟུལ་ཞུགས་ཀྱི་ཡན་ལག་བཤད་པ།

[༡] གར་སོགས་བཤད་པ།

[༢] ཕྲེང་སོགས་བཤད་པ།

[༣] མལ་ཆེ་མཐོ་བཤད་པ།

༡ མལ་ཆེ་མཐོ་གཉིས་སྤང་བ་བཤད་པ།

༢ ཞར་བྱུང་གར་ཕྲེང་མལ་སོགས་སྤངས་པའི་དགོས་པ་བཤད་པ།

[༤] ཕྱི་དྲོའི་ཁ་ཟས་བཤད་པ།

༡ དུས་མིན་བཤད་པ།

༢ དུས་རུང་བཤད་པ།

༣ ཉེས་བྱས་སུ་འགྱུར་མི་འགྱུར་བཤད་པ།

༣༽ བསོག་འཇོག་གི་རྩ་བ་གསེར་དངུལ་ལེན་པ་སྤང་བ།

༡ དངོས་བཤད་པ།

༢ རུང་བར་བྱ་ཚུལ་བཤད་པ།

༣ རུང་བ་དངོས་བཤད་པ།

༤༽ སྤང་བླང་གི་རྣམ་པ་གཞན་བཤད་པ།

༡ རང་གི་རྒྱུད་ཀྱི་སྡིག་ལྟ་གཏོང་བ་སོགསབཤད་པ།

༢ གཞན་ལ་གུས་པར་བྱ་བ་སོགས་བཤད་པ།

(༤) ཕྱི་དྲོ་ཕན་ཆད་ཇི་ལྟར་བྱ་བའི་ཚུལ།

(༥) དེ་རྣམས་ཀྱི་འབྲས་བུ་བརྗོད་པའི་སྒོ་ནས་མཇུག་བསྡུ་བ།

[ང] མཇུག་གི་དོན་བཤད་པ།

༡ སློབ་དཔོན་གང་གིས་མཛད་པའི་མཛད་བྱང་།

༢ ལོ་ཙཱ་བ་གང་གིས་བསྒྱུར་བའི་འགྱུར་བྱང་།

ཀཱ་རི་ཀཱའི་མཆན་འགྲེལ་གྱི་མཇུག་མཆན།

༈ རྟགས་རིགས་ཀྱི་རྣམ་གཞག

[ཀ] ཐོག་མར་རྟགས་ཀྱི་མཚན་ཉིད་བཤད་པ།

[ཁ] རྟགས་ཀྱི་དབྱེ་བ་བཤད་པ།

{ཀ} རྟགས་ཡང་དག་བཤད་པ།

(ཀ) མཚན་ཉིད།

[༡] མཚན་ཉིད་དངོས་བཤད་པ།

[༢] ཞར་བྱུང་དུ་ཚུལ་གསུམ་གྱི་སྐོར་བཤད་པ།

{༡} མདོར་བསྟན་པ།

{༢} རྒྱས་པར་བཤད་པ།

(༡) ཚུལ་གསུམ་གྱི་མཚན་ཉིད།

༡ ཕྱོགས་ཆོས་ཀྱི་མཚན་ཉིད།

༢ རྗེས་ཁྱབ་ཀྱི་མཚན་ཉིད།

༣ ལྡོག་ཁྱབ་ཀྱི་མཚན་ཉིད།

(༢) རྟགས་ཀྱི་ངོ་བོར་གྱུར་བའི་ཚུལ་གསུམ།

(༣) བསྒྲུབ་ངག་གི་བསྟན་བྱར་གྱུར་བའི་ཚུལ་གསུམ།

(༤) མཚན་ཉིད་ཀྱི་ཟུར་རམ་བཅད་བྱ་བཤད་པ།

༡) ཕྱོགས་ཆོས་ཀྱི་བཅད་བྱ་བཤད་པ།

༼༡༽ ཤེས་འདོད་ལ་ཞེས་པའི་བཅད་བྱ་བཤད་པ།

༡ ཤེས་འདོད་ཆོས་ཅན་སྐྱོན་མེད་བཤད་པ།

༢ ཕྱོགས་སྒྲ་བཤད་པ།

༣ བསྒྲུབ་བྱའི་ཆོས་བཤད་པ།

༼༢༽ ཚད་མས་དྲངས་པའི་ངེས་ཤེས་ཀྱི་བཅད་བྱ་བཤད་པ།

༼༣༽ ཕན་ཚུན་ཐ་དད་པའི་བཅད་བྱ་བཤད་པ།

༼༤༽ འགོད་ཚུལ་དང་མཐུན་པའི་བཅད་བྱ་བཤད་པ།

༼༥༽ ཡོད་པ་ཞེས་པའི་བཅད་བྱ་བཤད་པ།

༼༦༽ ཉིད་ཅེས་པའི་བཅད་བྱ་བཤད་པ།

༼༧༽ ཉིད་ཡོད་པའི་རྗེས་སུ་སྨོས་ནས་སྔར་མ་སྨོས་པ།

༢) རྗེས་ཁྱབ་ཀྱི་བཅད་བྱ་བཤད་པ།

༼༡༽ འབྲེལ་བ་བཤད་པ།

༼༢ མཐུན་ཕྱོགས་བཤད་པ།

༼༣༽ མི་མཐུན་ཕྱོགས་བཤད་པ།

༼༤༽ རྗེས་ཁྱབ་ངེས་པའི་ཚད་མ་བཤད་པ།

༼༥༽ མཐུན་དཔེ་བཤད་པ།

(ཁ) རྟགས་ཡང་དག་གི་དབྱེ་བ།

[༡] ངོ་བོའི་སྒོ་ནས་དབྱེ་བ།

{༡} འབྲས་རྟགས་ཡང་དག

(༡) མཚན་ཉིད།

(༢) དབྱེ་བ།

༡ རྒྱུ་དངོས་བསྒྲུབ་ཀྱི་འབྲས་རྟགས་ཡང་དག

༢ རྒྱུ་སྔོན་སོང་བསྒྲུབ་ཀྱི་འབྲས་རྟགས་ཡང་དག

༣ རྒྱུ་སྤྱིར་བསྒྲུབ་ཀྱི་འབྲས་རྟགས་ཡང་དག

༤ རྒྱུའི་ཁྱད་པར་བསྒྲུབ་ཀྱི་འབྲས་རྟགས་ཡང་དག

༥ རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ཡང་དག

(༣) མདོ་བསྟན་ལས་གསུང་ཚུལ།

{༢} རང་བཞིན་གྱི་རྟགས་ཡང་དག

(༡) མཚན་ཉིད།

(༢) དབྱེ་བ།

༡) ངོ་བོའི་སྒོ་ནས་དབྱེ་བ།

༡ ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག

༢ ཁྱད་པར་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག

༢) བསྒྲུབ་བྱ་ཆོས་ཀྱི་སྒོ་ནས་དབྱེ་བ།

(༣) མདོ་བསྟན་ལས་གསུང་ཚུལ།

{༣} མ་དམིགས་པའི་རྟགས་ཡང་དག

(༡) མཚན་ཉིད།

(༢) དབྱེ་བ།

༡) མི་སྣང་བའི་མ་དམིགས་པའི་རྟགས་ཡང་དག

༡ མཚན་བཞི་ངོས་བཟུང་བ།

༢ མདོ་བསྟན་ལས་གསུང་ཚུལ།

༢) སྣང་རུང་མ་དམིགས་པའི་རྟགས་ཡང་དག

༼༡༽ འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག

༡ རང་བཞིན་མ་དམིགས་པའི་རྟགས་སྦྱོར།

༢ རྒྱུ་མ་དམིགས་པའི་རྟགས་སྦྱོར།

༣ ཁྱབ་བྱེད་མ་དམིགས་པའི་རྟགས་སྦྱོར།

༤ དངོས་འབྲས་མ་དམིགས་པའི་རྟགས་སྦྱོར།

༼༢༽ འགལ་ཟླ་དམིགས་པའི་དགག་རྟགས་ཡང་དག

༡༽ ལྷན་ཅིག་མི་གནས་འགལ་ལ་བརྟེན་པ།

[༡] འགལ་བའི་རང་བཞིན་དམིགས་པའི་རྟགས་སྦྱོར་བཞི།

༡ རང་བཞིན་དང་འགལ་བའི་རང་བཞིན་དམིགས་པ།

༢ རྒྱུ་དང་འགལ་བའི་རང་བཞིན་དམིགས་པ།

༣ འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ།

༤ ཁྱབ་བྱ་དང་འགལ་བའི་རང་བཞིན་དམིགས་པ།

[༢] འགལ་བའི་འབྲས་བུ་དམིགས་པའི་རྟགས་སྦྱོར་བཞི།

༡ རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ།

༢ རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ།

༣ འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ།

༤ ཁྱབ་བྱ་དང་འགལ་བའི་འབྲས་བུ་དམིགས་པ།

[༣] འགལ་བའི་ཁྱབ་བྱ་དམིགས་པའི་རྟགས་སྦྱོར་བཞི།

༡ རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པ།

༢ རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ།

༣ འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པ།

༤ ཁྱབ་བྱ་དང་འགལ་བའི་ཁྱབ་བྱ་དམིགས་པ།

༢༽ ཕན་ཚུན་སྤངས་འགལ་ལ་བརྟེན་པ།

༡ ཁྱབ་བྱེད་འགལ་དམིགས།

༢ ཚད་མས་གནོད་འགལ་དམིགས་པ།

(༣) ཞར་བྱུང་འགལ་བའི་སྐོར།

[༢] སྤྱིར་གཏན་ཚིགས་ཡང་དག་ལ་དབྱེ་ཚུལ།

༡ སྦྱོར་བ་འགོད་ཚུལ་གྱི་སྒོ་ནས་དབྱེ་བ།

༢ འཇུག་ཚུལ་གྱི་སྒོ་ནས་དབྱེ་བ།

༣ སྒྲུབ་བྱེད་རྟགས་ཀྱི་སྒོ་ནས་དབྱེ་བ།

༤ བསྒྲུབ་ཚུལ་གྱི་སྒོ་ནས་དབྱེ་བ།

༥ བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་བ།

༦ འབྲེལ་བའི་སྒོ་ནས་དབྱེ་བ།

༧ རྟགས་སུ་དགོད་བྱའི་སྒོ་ནས་དབྱེ་བ།

༨ འགོད་ཚུལ་གྱི་སྒོ་ནས་དབྱེ་བ།

༩ རྒོལ་བའི་སྒོ་ནས་དབྱེ་བ།

༡༠ བརྗོད་འདོད་ཀྱི་སྒོ་ནས་དབྱེ་བ།

{ཁ} རྟགས་ལྟར་སྣང་བཤད་པ།

(ཀ) མཚན་ཉིད་བཤད་པ།

(ཁ) དབྱེ་བ་བཤད་པ།

[༡] མ་གྲུབ་པའི་གཏན་ཚིགས་བཤད་པ།

{༡} མཚན་ཉིད།

{༢} དབྱེ་བ།

(༡) དོན་ལ་ལྟོས་ཏེ་མ་གྲུབ་པ།

༡) ཆོས་ཅན་གྱི་ངོ་བོ་མི་སྲིད་ནས་མ་གྲུབ་པ།

༢) རྟགས་ཀྱི་ངོ་བོ་མི་སྲིད་ནས་མ་གྲུབ་པ།

༼༡༽ རྟགས་གཞི་མ་གྲུབ་པ།

༼༢༽ ཤེས་འདོད་དང་མ་འབྲེལ་ནས་མ་གྲུབ་པ།

༼༣༽ ལྡོག་པ་ཐ་དད་མེད་ནས་མ་གྲུབ་པ།

༡ གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པ།

༢ ཆོས་རྟགས་ཐ་དད་མེད་ནས་མ་གྲུབ་པ།

༣ གཞི་ཆོས་ཐ་དད་མེད་ནས་མ་གྲུབ་པ།

༣) དེ་དག་གི་ཕྱོགས་རེ་ལ་མ་གྲུབ་པ།

༼༡༽ རྟགས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པ།

༡ རིགས་སྤྱི་ཆོས་ཅན་དུ་བཞག་པ།

༢ ཚོགས་སྤྱི་ཆོས་ཅན་དུ་བཞག་པ།

༼༢༽ རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མ་གྲུབ་པ།

༡༽ རིགས་སྤྱི་རྟགས་སུ་བྱས་པའི་ཚེ་མཚུངས་པ།

༡ མ་གྲུབ་པར་མཚུངས་པ།

༢ གྲུབ་པར་མཚུངས་པ།

༢༽ ཚོགས་སྤྱི་རྟགས་སུ་བྱས་པའི་ཚེ་མཚུངས་པ།

(༢) བློ་ལ་ལྟོས་ཏེ་མ་གྲུབ་པ།

༡) ཆོས་ཅན་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ།

༡ ངེས་རུང་མེད་ནས་ཐེ་ཚོམ་ཟ་བ།

༢ ངེས་རུང་ཡོད་ཀྱང་ཐེ་ཚོམ་ཟ་བ།

༢) རྟགས་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ།

༡ ངེས་རུང་མེད་ནས་ཐེ་ཚོམ་ཟ་བ།

༢ ངེས་རུང་ཡོད་ཀྱང་ཐེ་ཚོམ་ཟ་བ།

༣) རྟགས་ཆོས་ཀྱི་འབྲེལ་བ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ།

༡ ངེས་རུང་མེད་ནས་ཐེ་ཚོམ་ཟ་བ།

༢ ངེས་རུང་ཡོད་ཀྱང་ཐེ་ཚོམ་ཟ་བ།

(༣) རྒོལ་བ་ལ་ལྟོས་ཏེ་མ་གྲུབ་པ།

༡ སྔ་རྒོལ་རང་ལ་ལྟོས་ཏེ་མ་གྲུབ་པ།

༢ ཕྱི་རྒོལ་གཞན་ལ་ལྟོས་ཏེ་མ་གྲུབ་པ།

[༢] མ་ངེས་པའི་གཏན་ཚིགས་བཤད་པ།

{༡} མཚན་ཉིད།

{༢} དབྱེ་བ།

(༡) ཐུན་མོང་མ་ཡིན་པའི་མ་ངེས་པ།

༡ མཚན་ཉིད།

༢ དབྱེ་བ།

(༢) ཐུན་མོང་བའི་མ་ངེས་པ།

༡) མཚན་ཉིད།

༢) དབྱེ་བ།

༼༡༽ དངོས་ཀྱི་མ་ངེས་པ།

༡ མཚན་ཉིད།

༢ དབྱེ་བ།

༼༢༽ ལྷག་ལྡན་གྱི་མ་ངེས་པ།

༡༽ ཡང་དག་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིག

༡ མཚན་ཉིད།

༢ དབྱེ་བ།

༢༽ འགལ་བའི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིག

༡ མཚན་ཉིད།

༢ དབྱེ་བ།

[༣] འགལ་བའི་གཏན་ཚིགས་བཤད་པ།

{༡} མཚན་ཉིད།

{༢} བྱེ་བ།

(༡) དངོས་པོའི་སྒོ་ནས་དབྱེ་བ།

༡ རང་བཞིན་འགལ་བ།

༢ འབྲས་བུ་འགལ་བ།

(༢) སྦྱོར་བའི་སྒོ་ནས་དབྱེ་བ།

(༣) བརྗོད་འདོད་ཀྱི་སྒོ་ནས་དབྱེ་བ།

༡ དངོས་སུ་འགལ་བར་བརྗོད་པ།

༢ ཤུགས་ཀྱིས་འགལ་བར་བརྗོད་པ།

༣ ཆོས་ཀྱི་ཁྱད་པར་གྱི་སྒོ་ནས་འགལ་བ་བརྗོད་པ།

༤ ཆོས་ཅན་གྱི་ཁྱད་པར་གྱི་སྒོ་ནས་འགལ་བ་བརྗོད་པ།

[ག] གྲངས་ངེས་བཤད་པ།

[༡] གྲངས་ངེས་དངོས།

[༢] ཞར་བྱུང་གཞན་བཤད་པ།

༡ བསྒྲུབ་ངག་གི་སྐོར་བཤད་པ།

༢ སྤྱི་ཡི་སྐོར་བཤད་པ།

རྟགས་རིགས་རྣམ་གཞག་གྱི་མཇུག་མཆན།

ཁུངས་འདྲེན་ཡིག་ཆ།

པར་བྱང་སྨོན་ཚིག

No Outline Available

Other Volumes in This Series: