ལྕེ་བཙུན་སྙིང་ཐིག་གི་ཆོས་སྐོར།

Chetsun Nyingtik

Chetsun Nyingtik
ལྕེ་བཙུན་སྙིང་ཐིག་གི་ཆོས་སྐོར་དུ་གསོལ་བའི་གླེགས་བམ་འདིར། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། ཨ་འཛོམ་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། མཁན་ཆེན་བཀྲ་ཤིས་འོད་ཟེར། ལས་རབ་གླིང་པ། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱིས་མཛད་པའི་ལྕེ་བཙུན་སྙིང་ཐིག་གི་བརྒྱུད་འདེབས། ངག་འདོན། སྐོང་བཤགས། ཚོགས་མཆོད། བཀའ་སྲུང་རྒྱུན་གཏོར། སྨིན་བྱེད་ལག་ལེན། བུམ་སྒྲུབ། མཎྜལ། དབང་ཆོག རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར། སྔོན་འགྲོའི་ཁྲིད་ཡིག རྫོགས་པ་ཆེན་པོ་ལྕེ་བཙུན་སྙིང་ཐིག་གི་ཁྲིད་ཀྱི་ཟིན་བྲིས་ལ་སོགས་པ་ཆོས་ཚན་ཉེར་གསུམ་ཙམ་ཕྱོགས་གཅིག་ཏུ་བསྒྲིགས་པའོ།།

༈ རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར༔

༄༅། །ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་བརྒྱུད་པའི་གསོལ་འདེབས་བཞུགས་སོ།།

༄༅། །ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་སྔོན་འགྲོའི་ངག་འདོན་ཆུ་འབབས་སུ་བཀོད་པ་ཡེ་ཤེས་གསང་རྫོགས་ཞེས་བྱ་བ་བཞུགས་སོ།།

༄༅། །ལྕེ་བཙུན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཡེ་ཤེས་ལམ་བཟང་ཞེས་བྱ་བ་བཞུགས་སོ།།

༄༅། །ལྕེ་བཙུན་ཆེན་པོའི་བི་མའི་ཟབ་ཏིག་གི་བརྒྱུད་འདེབས་གྲུབ་གཉིས་ཆར་འབེབས་བཞུགས་སོ།།

༄༅། །ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་བརྒྱུད་འདེབས་གྲུབ་གཉིས་ཆར་འབེབས་ཞལ་སྐོང་ནི། འོད་གསལ་སྤྲུལ་པའི་རྡོ་རྗེའི་འཕྲོས།

༄༅། །གསང་བ་དོན་གྱི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་ཡེ་ཤེས་ལམ་བཟང་ཞེས་བྱ་བ་བཞུགས་སོ།

༄༅། །རུ་ཟུང་བཞིའི་སྐོང་བཤགས་མདོར་བསྡུས་བྱ་ཚུལ་ཡེ་ཤེས་རབ་སྣང་བཞུགས་སོ།།

༄༅། །ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་ཉེ་བརྒྱུད་སྐོང་བ་དད་པའི་གདུང་དབྱངས་ཞེས་བྱ་བ་བཞུགས་སོ།།

༄༅། །རྡོ་རྗེ་སེམས་དཔའ་གསང་བ་དྲི་མེད་ཀྱི་རྒྱུད་ལས་རུ་ཏྲའི་སྨྲེ་བཤགས་བཞུགས་སོ།།

༄༅། །ལྕེ་བཙུན་སྙིང་ཏིག་གི་ཚོགས་མཆོད་བཞུགས་སོ།།

༄༅། །ལྕེ་བཙུན་སྙིང་ཏིག་གི་བཀའ་སྲུང་རྒྱུན་གཏོར་ཕྲིན་ལས་ཐོགས་མེད་བཞུགས་སོ།།

༄༅། །ལྕེ་བཙུན་ཆེན་པོའི་བི་མ་ལའི་སྙིང་ཐིག་གི་སྨིན་བྱེད་ལག་ལེན་གསལ་བར་བཀོད་པ་གསེར་འགྱུར་རྩི་མཆོག་ཅེས་བྱ་བ་བཞུགས་སོ།།

༄༅། །ལྕེ་བཙུན་སྙིང་ཏིག་གི་ཁ་སྐོང་བུམ་པ་སྒྲུབ་པ་ནི། བདག་སྐྱེད་བཟླས་པ་སོང་འཕྲལ།

༄༅། །མཎྜལ་བསྡུས་པ་ནི།

༄༅། །རྫོགས་པ་ཆེན་པོ་ལྕེ་བཙུན་སྙིང་ཏིག་གི་དབང་ཆོག་བདུད་རྩིའི་གྲུ་ཆར་བཞུགས་སོ།།

༄༅། །རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་ལྕེ་བཙུན་ཆེན་པོ་བི་མ་ལའི་ཟབ་ཏིག་གི་ཁྲིད་ཡིག་སྙིང་པོའི་བཅུད་དྲིལ་ཐིག་ལེ་གསང་རྫོགས་ཞེས་བྱ་བ་བཞུགས་སོ།།

༄༅། །རྫོགས་པ་ཆེན་པོ་ལྕེ་བཙུན་སྙིང་ཏིག་གི་སྔོན་འགྲོའི་ཁྲིད་ཡིག་རིག་འཛིན་ཞལ་ལུང་ཞེས་བྱ་བ་བཞུགས་སོ།།

༄༅། །རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་གི་བཤད་ཁྲིད་ཆུ་འབབས་སུ་བཀོད་པ་སྙིང་པོའི་བཅུད་དྲིལ་ཡེ་ཤེས་ཐིག་ལེ་ཞེས་བྱ་བ་བཞུགས་སོ།།

༄༅། །ལྕེ་བཙུན་སྙིང་ཏིག་ཟབ་ཁྲིད་དཔལ་ལྡན་བླ་མའི་ཞལ་ལུང་བསླད་མེད་ཡིད་ལ་གང་ཟིན་གྱི་ཟིན་ཐོ་བཞུགས་སོ།།

༄༅། །རྫོགས་པ་ཆེན་པོ་ལྕེ་བཙུན་སྙིང་ཐིག་ལས། ཁྲིད་ཀྱི་ཟིན་བྲིས་བླ་མའི་དགོང་རྒྱན་བཞུགས་སོ།།

༄༅། །ལྕེ་བཙུན་ཆེན་པོའི་བི་མའི་ཟབ་ཏིག་གི་སྨིན་ཁྲིད་ཉམས་ལེན་བྱེད་པའི་སྐབས།

༄༅། །འོད་གསལ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ་སྤྱིའི་ཁྱད་པར་གྱི་ཁྲིད་ཡིག་ལམ་བཟང་ཡེ་ཤེས་སྙིང་པོ་བཞུགས་སོ།།

No Outline Available

Other Volumes in This Series: