ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཉམས་ལེན་ཉུང་ངུར་བསྟན་པ།

A Brief Exposition of the Practice of the Fivefold Mahāmudrā

བསྟན་བཅོས་འདི་ཉིད་མཛད་པ་པོ་༧རྒྱལ་དབང་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོ་སྣ་ཚོགས་རང་གྲོལ་ཡིན། འདི་ཡི་དམིགས་བསལ་ཁྱད་ཆོས་ནི། ལུས་གནད་དང་ལྡན་པའི་སྒོ་ནས་དང་པོ་ནམ་མཁའ་མཉམ་པའི་སེམས་ཅན་ཐམས་ཅད་ཚེ་རབས་ཀྱི་མར་གོ་བས། བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་ལྔ་ལྡན་ཉམས་སུ་ལེན་པའི་སེམས་ཀྱིས་བྱམས་པ་དང་སྙིང་རྗེ་བྱང་སེམས་བསྐྱེད། གཉིས་པ་གདན་ས་གཞི་སྲུང་འཁོར་དང་བཅས་བསྒོམས་ནས་བདེ་མཆོག་ལྷན་སྐྱེས་བསྒོམས་ནས་སྙིང་པོའི་བསྙེན་པ་བཟླ་ཞིང་བསྡུ། གསུམ་པ་རང་ལྷར་གསལ་བའི་སྤྱི་བོར་རིགས་འདུས་རྡོ་རྗེ་འཆང་བསྒོམ། དབང་བཞི་ལེན། བཞི་པ་ལུས་གནད་དང་ལྡན་པས་ཞི་ལྷག་སྒྲུབ་ནས་ཉམས་རྣལ་འབྱོར་བཞི་གསུམ་བཅུ་གཉིས་ཀྱི་བགྲོད་ཚུལ་བསྟན། ལྔ་པ་འདུས་བྱས་དང་འདུས་མ་བྱས་ཀྱི་དགེ་བ་བསྔོ་བ་བཅས་ཚིག་ཉུང་དོན་འདྲིལ་བའི་ལུགས་སུ་བསྟན་ཡོད།

No Table of Contents Available

No Outline Available

Other Volumes in This Series: