ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་མན་ངག་སྙིང་པོ་བསྡུས་པ།

A Condensed Essence of the Oral Instructions on the Fivefold Mahāmudrā

ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་བསྟན་བཅོས་འདི་ནི་༧རྒྱལ་དབང་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོས་དཔལ་རི་བོ་ཆེའི་དགེ་སློང་རྣམ་རྒྱལ་བཟང་པོ་སོགས་སློབ་མ་གཙོ་གྲས་རྣམས་ལ་དགོངས་ཏེ་བྲིས་པ་ཞིག་ཡིན། འདིར་ཕྱག་རྒྱ་ཆེན་པོ་ལྔ་ལྡན་ལས་སྔ་མ་གསུམ་སྔོན་འགྲོ་དང་། བཞི་པ་དངོས་གཞི། ལྔ་པ་རྗེས་སམ་བསྔོ་བར་བྱས་ཏེ་རེ་རེ་བཞིན་ལྗགས་ཁྲིད་གནང་ཡོད། དེ་ཡང་དང་པོ་མར་གྱུར་སེམས་ཅན་ཀུན་ལ་བདེ་བ་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེ། བྱང་ཆུབ་མཆོག་ལ་འགོད་འདོད་ཀྱི་སྨོན་འཇུག་སེམས་བསྐྱེད་གཉིས་བསྒོམ་པ་དང་། གཉིས་པ་ཐ་མལ་གྱི་རྣམ་རྟོག་གཞོམ་པར་སྲུང་འཁོར་མེ་རི་དང་བཅས་པའི་དབུས་སུ་རང་ཉིད་ཡི་དམ་འཁོར་ལོ་བདེ་མཆོག་ཡབ་ཡུམ་དུ་གསལ་ནས་རྗེས་ཆགས་ཀྱི་བཟླས་དམིགས་ཀྱིས་སྙིང་པོ་དང་ཉེ་སྙིང་བཟླ་ཞིང་བསྡུ་བ་དང་། གསུམ་པ་རང་ཡི་དམ་དུ་གསལ་བའི་སྤྱི་བོར་རྡོ་རྗེ་འཆང་ལ་བླ་བརྒྱུད་དང་ཡི་དམ་ཆོས་སྲུང་གིས་བསྐོར་བ་སྐུ་བཞི་ཆིག་དྲིལ་དུ་བསྒོམ་པ་དང་། བཞི་པ་གཞི་ཕྱག་ཆེན་གཏན་ལ་དབབ་ཅིང་། ལམ་ཕྱག་ཆེན་ཉམས་སུ་བླངས་ཏེ། འབྲས་བུ་ཕྱག་ཆེན་མངོན་དུ་བྱེད་པའི་ཚུལ་དང་། ལྔ་པ་ཕྱག་ཆེན་ཉམས་ལེན་སོགས་ལས་བྱུང་བའི་དགེ་རྩ་གཞན་དོན་དུ་བསྔོ་ཚུལ་བཅས་ཀྱི་མན་ངག་སྙིང་པོ་བསྡུས་ཏེ་བསྟན་ཡོད།

No Table of Contents Available

No Outline Available

Other Volumes in This Series: