ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་ཡིག་ཡིད་བཞིན་གྱི་ནོར་བུ་སྐྱེ་དགུའི་རེ་སྐོང་།

The Wish-Fulfilling Jewel That Satisfies All Beings: A Guidance Manual for the Fivefold Mahāmudrā

བསྟན་བཅོས་འདི་ཉིད་མཛད་པ་པོ་༧རྒྱལ་དབང་ཀུན་དགའ་རིན་ཆེན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཡིན་ཅིང་། འདི་ཡི་དམིགས་བསལ་ཁྱད་ཆོས་ནི། ལྔ་ལྡན་གྱི་གཞུང་དཔེར་བརྗོད་མའི་རྩ་བ་དང་སྦྱར་ནས་སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། ཐུན་མོང་གི་སྔོན་འགྲོ་སྤྱི་ལྟར་ཉམས་སུ་ལེན་པ། ཐུན་མོང་མ་ཡིན་པ་བྱམས་པ་དང་སྙིང་རྗེ་བྱང་སེམས་བསྒོམ་པ་ལ། བདག་དང་སེམས་ཅན་ཐམས་ཅད་ལ་སྡང་པར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། ཐར་པ་དང་ཐམས་ཅད་མཁྱེན་པར་བར་དུ་གཅོད་པའི་ལོག་འདྲེན་བདུད་སོགས་ལ་བྱམས་སྙིང་རྗེ་བསྒོམ་པ། བྱང་ཆུབ་སེམས་ལ་སྨོན་འཇུག་དོན་དམ་གསུམ་བསྒོམ་པ། ཡི་དམ་འཁོར་ལོ་སྡོམ་པ་ལྷན་སྐྱེས་ཡབ་ཡུམ་བསྒོམ་པ་དང་། རྩ་སྔགས་ཉེ་སྙིང་བཟླ་བ། མོས་གུས་ཀྱི་སྒོ་འབྱེད་བླ་མ་སྐུ་བཞིར་སྒྲུབ་པ་ལ། བླ་མ་ཀུན་འདུས་ཀྱི་བསྒོམས་པས་ཁྱབ་པས་དྲིལ་སྒྲུབ་ཏུ་རང་ཉིད་ཡི་དམ་ལྷར་གསལ་བའི་སྤྱི་བོར་གདན་སེང་གེ་པདྨ་ཉི་མའི་སྟེང་རྡོ་རྗེ་འཆང་བསྒོམ། གསོལ་བ་བཏབ་ནས་གནས་གསུམ་གྱི་ཡི་གེ་ལས་དབང་བཞི་ཞུས་ནས་མཉམ་པར་བཞག་པ། རྟེན་འབྲེལ་ལུས་ལ་བསྒྲིག་ནས་རྟོགས་པ་སེམས་ལ་འཆར་ཐབས་ལུས་གནད་དང་སེམས་གནད་ཀྱིས་ཕྱག་ཆེན་བསྒོམ། མཐར་བསྔོ་བས་མཇུག་བསྡུས་ཡོད། འདི་ཡིས་མི་སྐྱའམ་ཁྱིམ་པ་དགེ་བསྙེན་ཡིན་ཀྱང་ཐེག་མཆོག་ལྔ་ལྡན་ཉམས་སུ་ལེན་ཆོག་པ་གསལ་པོར་བསྟན་ཡོད།

No Table of Contents Available

No Outline Available

Other Volumes in This Series: