ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་གསལ་བྱེད་ནོར་བུའི་ཕྲེང་བ།

The Jewel Garland: A Clarification of the Fivefold Mahāmudrā

མདོ་རྒྱུད་བསྟན་བཅོས་ཀྱི་ཆུ་གཏེར་ཆེན་པོའི་སྙིང་པོར་གྱུར་པ་ལྔ་ལྡན་ཡིད་བཞིན་གྱི་ནོར་བུ་དེ་ཉིད་བླ་མའི་མན་ངག་ལས་བྱུང་བ་ཇི་བཞིན། ཚིག་དོན་མ་ནོར་བར་གསལ་བར་བསྟན་པ་འདི་ནི། འབྲི་གུང་གདན་རབས་བཅུ་གཅིག་པ་འཛམ་གླིང་ཆོས་ཀྱི་རྒྱལ་པོས་མཛད་པ་ཡིན། ཚིག་ཉུང་དོན་འདྲིལ་བའི་སྒོ་ནས་ལྔ་ལྡན་རྩ་བའི་ཚིག་ལ་བསྒོམ་རིམ་སྦྱར་ནས་ཁྲིད་ཡོད་པ་ནི་བསྟན་བཅོས་འདི་ཡི་ཁྱད་ཆོས་དམིགས་བསལ་བ་ཡིན། ལྔ་ལྡན་གྱི་རྡོ་རྗེ་ཚིག་རྐང་རྟོགས་པ་མ་གཞིར་བཟུང་ཞིང་། སྐབས་དོན་དུ་ལུང་སྦྱོར་དང་བཅས་པའི་སྒོ་ནས་ཁྲིད་པར་མཛད་ཡོད། ཁྲིད་སྲོལ་ཡང་འགྲོ་བའི་མགོན་པོ་དང་ཆོས་ཀྱི་རྗེ་རིན་པོ་ཆེ་ཡབ་སྲས་ཀྱི་དགོངས་པ་བཞིན་ཞེས་བླ་མ་བརྒྱུད་པའི་སྐབས་དོན་ཕྱག་སྲོལ་བཞིན་ཡིན་པར་གསུངས་ཡོད་ལ། ལས་དང་པོ་པ་རྣམས་ཀྱི་དོན་དུ་ཞེས་ཀྱང་གསལ་ཡོད་པས། གཙོ་བོ་རི་པ་ལས་དང་པོ་རྣམས་ལ་གོ་བདེ་གནད་འདུས་སུ་བསྟན་པར་སྣང་ངོ་།།

No Table of Contents Available

No Outline Available

Other Volumes in This Series: