ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་ཞུས་ལན།

Replies to the Questions of Lotsawa Sherab Rinchen

༧ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་ཞུས་ལན་འདིར། ཐུན་མིན་ཐེག་ཆེན་གསང་སྔགས་བླ་མེད་ལས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དུ་ཟབ་དོན་མ་སྦས་རྗེན་གཅེར་སྟོན་པས་བླ་མེད་སྤྱི་ལས་ཁྱད་དུ་འཕགས་ཚུལ་དང་། ཟབ་མོའི་དགོངས་འགྲེལ་ལ་ཡང་མཆོག་དམན་གཉིས་ལས། སེམས་འགྲེལ་སྐོར་གསུམ་ས་བཅུའི་སེམས་དཔས་མཛད་པས་མཆོག་ཡིན་ཚུལ་དང་། རྒྱུད་སྡེ་དགོངས་འགྲེལ་དེ་དག་འཕགས་ཡུལ་དུ་ཇི་ལྟར་དར་ཚུལ། རྭ་འབྲོ་སོགས་བོད་ཀྱི་ལོ་པཎ་དག་གིས་དེ་དག་སྔ་ཕྱིར་བོད་སྐད་དུ་བསྒྱུར་ཚུལ་དང་། ཕྱིས་སུ་ཀུན་སྤངས་ཆོས་རྗེས་ཡབ་སྲས་ཀྱིས་སྒྲུབ་པ་ཉམས་བཞེས་ཀྱིས་བཤད་སྒྲུབ་འཆད་ཉན་སྤེལ་ཚུལ། ཤོང་སྟོན་དང་ལོ་ཙཱ་བ་བློ་གྲོས་ཀྱི་བཅོས་འགྱུར་ལས་ཟབ་དགོངས་དུ་མ་རྙེད་ཚུལ་དང་། ཁྱད་པར་༧ཀུན་མཁྱེན་དོལ་པོ་བ་ཆེན་པོས་ཆོས་ཚུལ་འདི་ལས་དོན་དམ་ཕྱག་རྒྱ་ཆེན་པོ་རྟོགས་ཏེ། ཐུན་མིན་གཞན་སྟོང་གི་ལྟ་སྒོམ་སྤྱོད་གསུམ་དང་། གཞི་ལམ་འབྲས་གསུམ་སོགས་ཟབ་དོན་བདེ་བླག་ཏུ་རྟོགས་ནུས་པའི་ཟབ་མོའི་གསང་ཚིག་ཐོན་པའི་ཡིག་འཇོག་དུ་མ་མཛད་ཚུལ་སོགས་གསུངས་སོ།།

No Table of Contents Available

No Outline Available

Other Volumes in This Series: