རྡོ་རྗེ་ཚིག་གི་མདུད་གྲོལ་ཆེན་མོ།

The Great Untying of the Knot in the Vajra Words

༧ཇོ་ནང་ཀུན་མཁྱེན་དོལ་པོ་པས་མཛད་པའི་གཞུང་འདིར། བཀའ་བསྟན་རྣམས་སུ་སྟོང་ཉིད་དང་། སྤྲོས་བྲལ་དང་། མཐའ་བྲལ་དང་། མེད་པ་དང་། དབེན་པ་སོགས་ཀྱི་ཐ་སྙད་གསུངས་ཚད་ཐམས་ཅད་མཐའ་གཅིག་ཏུ་རང་སྟོང་མེད་དགག་ཅི་མེད་ཅང་མེད་སྣང་མེད་ཡེ་མེད་ཁོ་ནར་འདོད་པའི་ལྟ་བ་ངན་པར་ཞུགས་པ་རྣམས་ལ་སྙིང་རྗེའི་སྒོ་ནས། གཤིས་ལུགས་ཟབ་མོ་མཐར་ཐུག་ཐམས་ཅད་དུ། སྟོང་པར་གསུངས་ཚད་སྟོང་པའི་གཞི་ལ་དགོངས་པ་དང་། བྲལ་བར་གསུངས་ཚད་བྲལ་བའི་གཞི་ལ་དགོངས་པ་དང་། མེད་པར་གསུངས་ཚད་མེད་པའི་གཞི་ལ་དགོངས་པ་དང་། དབེན་པར་གསུངས་ཚད་དབེན་པའི་གཞི་ལ་དགོངས་པ་སོགས། མདོར་ན་སྟོང་གཞི་ཡོངས་གྲུབ་དོན་དམ་བདེན་པ་ཉིད་སྟོང་བྱ་ཀུན་བཏགས་དང་གཞན་དབང་གིས་བསྡུས་པའི་ཀུན་རྫོབ་ཀྱི་ཆོས་ཀྱིས་ཡེ་ནས་སྟོང་པའི་གནས་ལུགས་དོན་དམ་གཞན་སྟོང་དབུ་མ་ཆེན་པོའི་དགོངས་པ་ངོ་སྤྲོད་མཛད་ཡོད། འདི་ཡི་ས་བཅད་མཛད་པ་པོ་ནི་དོལ་པོ་པ་གཞན་སྟོང་འཇིགས་མེད་གུ་ཡངས་ཡིན།

No Table of Contents Available

No Outline Available

Other Volumes in This Series: