རྒྱལ་སྲས་ལག་ལེན།

The Practice of a Bodhisattva

༧ཇོ་ནང་ཀུན་མཁྱེན་དོལ་པོ་པས་མཛད་པའི་བསྟན་བཅོས་ཟབ་མོ་མདོར་བསྡུས་པ་འདིར། གནས་ལུགས་དང་འཁྲུལ་ལུགསདང་འཁྲུལ་པ་སྤོང་ལུགས་རྟོགས་པ་མེད་ན་དགེ་བ་གཞན་གྱིས་བྱང་ཆུབ་ཐོབ་པ་མི་སྲིད་པས། ལྟ་བ་ཡང་དག་དང་ལྡན་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལག་ལེན་ཡིན་པ་དང་། དེ་བཞིན་དུ་དངོས་གྲུབ་ཀྱི་རྩ་བ་དམ་ཚིག་དང་། འགྱུར་མེད་བདེ་བ་ཆེན་པོའི་རྒྱུ་བྱེད་བཅིང་སྒོམ་པ་དང་། རང་བཞིན་ལྷན་སྐྱེས་ཀྱི་རྒྱུ་རླུང་སེམས་འཕོ་བའི་བག་ཆགས་བཀག་ནས་ཞུ་བདེ་གྱུར་མེད་རྫོགས་པར་བྱེད་པ་དང་། རྒྱུད་སྡེ་ཟབ་མོའི་ཚིག་གི་མདུད་པ་བཀྲོལ་ནས་ངེས་དོན་རྙེད་པའི་ཐབས་སེམས་འགྲེལ་ལ་སློབ་པ་དང་། དགའ་བ་བཞི་དང་སྐུ་བཞི་ཐོབ་པའི་ཕྱིར་ཐིག་ལེ་འཆིང་བའི་ཐབས་ཀྱིས་འཛག་མེད་སྟེན་པ་དང་། ལྟོས་མེད་བཞི་དང་། རྡོ་རྗེ་རྣལ་འབྱོར་བཞི་དང་། བསྙེན་སྒྲུབ་རྣམ་པ་བཞི་རྣམས་ཉིན་མཚན་འཁོར་མོ་ཡུག་དུ་སྒོམ་པ་སོགས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལག་ལེན་ཡིན་ཚུལ་གསུངས་ཡོད། འདི་ཡི་ས་བཅད་མཛད་པ་པོ་ནི་དོལ་པོ་པ་གཞན་སྟོང་འཇིགས་མེད་གུ་ཡངས་ཡིན།

No Table of Contents Available

No Outline Available

Other Volumes in This Series: