དུས་འཁོར་བ་རྡོ་རྗེ་སྙིང་པོ་ལ་གདམས་པ།

Advice on the Vajra Heart of Kalachakra

༧ཇོ་ནང་ཀུན་མཁྱེན་དོལ་པོ་པས་ཇོ་ནང་རི་ཁྲོད་ནས་བླ་མ་དུས་འཁོར་བ་རྡོ་རྗེ་སྙིང་པོ་ལ་གདམས་པའི་གཞུང་འདིར། ཀུན་མཁྱེན་རང་ཉིད་བར་གྱི་སེམས་འགྲེལ་སྐོར་གསུམ་གྱི་བརྒྱུད་རིམ་དང་། དེ་བཞིན་བསླབ་གསུམ་ཕྱིན་བཅུ་བདག་གཞན་མཉམ་བརྗེ་དང་སྡེ་སྣོད་རྒྱུད་སྡེ་དག་གི་ཉམས་ལེན་ལ་རང་གཞན་ཐམས་ཅད་འགོད་པ་གནས་སྐབས་མཐར་ཐུག་ཀུན་ལ་དགོས་པར་གདམས་པ་དང་། དེ་བཞིན་སྟོང་གཞི་གཞན་སྟོང་ཆོས་ཉིད་དོན་དམ་བདེ་གཤེགས་སྙིང་པོའི་མཆོག་མཐོང་ཞིང་རྟོགས་པ་དང་། བདེ་གཤེགས་སྙིང་པོ་གཙང་བདག་བདེ་ཆེན་རྟག་པར་རྟོགས་པ་དང་། བདེ་གཤེགས་སྙིང་པོ་དུས་འཁོར་དང་བདེ་མཆོག་སོགས་སྔགས་བླ་མེད་ཐམས་ཅད་དང་ཕར་ཕྱིན་དབུ་མ་ཕྱག་ཆེན་སོགས་མཐར་ཐུག་ཐམས་ཅད་ཡིན་ཚུལ་རང་གིས་ལེགས་པར་རྟོགས་ཤིང་གཞན་ལའང་ལེགས་པར་སྟོན་པ་གནས་སྐབས་མཐར་ཐུག་ཀུན་ལ་དགོས་པར་གདམས་པ་སོགས། བརྗོད་བྱ་གཙོ་བོ་བཅུ་དྲུག་ལས་བརྩམས་ཏེ་གདམས་ཟབ་ཞིབ་རྒྱས་གསུངས་པའི་མཐར། གདམས་པ་འདི་ཉིད་ཀྱི་ཕན་ཡོན་བསྟན་པས་མཇུག་བསྡུས་ཡོད། འདི་ཡི་ས་བཅད་མཛད་པ་པོ་ནི་དོལ་པོ་པ་གཞན་སྟོང་འཇིགས་མེད་གུ་ཡངས་ཡིན།

No Table of Contents Available

No Outline Available

Other Volumes in This Series: