སོ་སོ་སྐྱེ་བོའི་པཎྜི་ཏ་ལ་སོགས་པ་རྣམས་ཀྱི་འཁྲུལ་བ་ལུང་བསྟན་པ་ཞེས་བྱ་བའི་གཞུང་དང་ས་བཅད་སྦྲགས་མ་བཞུགས་སོ།།

Confused Prophesies Such as the Ordinary Pandita and Others Combined with Its Topical Outline

Confused Prophesies Such as the Ordinary Pandita and Others Combined with Its Topical Outline
ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་གཞུང་ས་བཅད་སྦྲགས་མ་འདིར། སོ་སོ་སྐྱེ་བའི་པཎྜི་ཏ་ལ་སོགས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་བཀའ་ལ་རས་ཆོད་དང༌། གཟུ་ལུམ་དང་། རང་བཟོ་སྟེ། གོ་རིམ་དཀྲུག་པ་དང༌། ཕྲི་བསྣན་སྣ་ཚོགས་བྱེད་པ་དང༌། སངས་རྒྱས་དང་ས་བཅུ་པ་ལ་སོགས་ཀྱི་མན་ངག་གམ། མངོན་པར་ཤེས་པ་ལྔ་མེད་པར། སྒྲ་ཚད་ལ་སོགས་པ་ཐུན་མོང་བ་རྣམས་ལ་མཁས་པའི་མངོན་པའི་ང་རྒྱལ་གྱིས། ངེས་དོན་གྱི་མདོ་རྒྱུད་ཟབ་མོ་རྣམས་ཀྱི་དོན་འགྲེལ་བ་དང༌བཤད་པ་བྱེད་པ་ལ་སོགས་པ་རྣམས་ཀྱི་རྗེས་སུ་འབྲང་བ་ཐམས་ཅད་ཀྱི་འཁྲུལ་པ་སེལ་ཞིང་དེ་དག་ལ་ཕན་པའི་དོན་དུ་ལུང་བསྡུས་པ་འདི་ལྟར་མཛད་པའོ།།

དཀར་ཆག་མེད།

༧ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་སློབ་མ་རྣམས་ལ་སྤྲིང་བ་སྐུར་འདེབས་དང་སྒྲོ་འདོགས་སྤང་བ་ཞེས་བྱ་བའི་བསྟན་བཅོས་འདི་ཉིད་འཆད་པ་ལ་གསུམ་སྟེ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལ་གསུམ་སྟེ། ༡༽བསྟན་བཅོས་ཀྱི་མཚན་སྨོས་པ་ནི།

༢༽མཆོད་པར་བརྗོད་པ་ནི།

༣༽བཤད་པར་དམ་བཅའ་བ་ནི།

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་གསུམ་སྟེ། དང་པོ་མདོར་བསྟན་པ་ནི།

གཉིས་པ་རྒྱས་པར་བཤད་པ་ལ་དྲུག་སྟེ།

༡༽རྫོགས་ལྡན་དང་གསུམ་ལྡན་གྱི་ཆོས་དང་གང་ཟག་རྣམས་ལ་ཡིད་བརྟན་དུ་རུང་མིན་བསྟན་པ་ནི།

༢༽བཀའ་འཁོར་ལོ་གསུམ་པ་སེམས་ཙམ་དུ་གྲགས་པ་འདི་མི་བདེན་པར་ཐག་ཆོད་པ་ནི།

༣༽བྱམས་ཆོས་ལྔ་ཀར་དབུ་མ་ཆེན་པོའི་གཞུང་དུ་ཐག་ཆོད་པ་ནི།

༤༽སངས་རྒྱས་ཕལ་པོ་ཆེ་སོགས་སེམས་ཙམ་གྱི་མདོར་གྲགས་པ་ནི་མི་བདེན་པར་དབུ་མའི་གཞུང་དུ་ཐག་ཆོད་པ་ནི།

༥༽འཕགས་པ་ཐོགས་མེད་སོགས་སེམས་ཙམ་པའི་པཎྜི་ཏར་གྲགས་པ་ནི་མི་བདེན་པར་དབུ་མའི་སློབ་དཔོན་དུ་ཐག་ཆོད་པ་ནི།

༦༽ལྷག་པར་དེ་དག་གིས་ཡུམ་སེམས་ཙམ་དུ་བཀྲལ་ཞེས་གྲགས་པ་ནི་མི་བདེན་པར་ཐག་ཆོད་པ་ནི།

གསུམ་པ་དེ་དག་ལ་ལོག་རྟོག་བསལ་བ་ལ་ཉི་ཤུ་སྟེ། ༡༽ གལ་ཏེ་དྭོགས་ན་ཡུམ་གསུམ་གནོད་འཇོམས་ཞིབ་གཟིགས་གནང་དགོས་པར་སྐུལ་བ་ནི།

༢༽གལ་ཏེ་གཞུང་འགྲེལ་གནོད་འཇོམས་དེར་རང་བཞིན་གསུམ་གྱི་ཆོས་སྐད་བྱུང་བས་སེམས་ཙམ་དུ་བཀྲལ་འདུག་དྭོགས་ན་ཤེར་ཕྱིན་ལྔ་བརྒྱ་པ་སོགས་ཞིབ་གཟིགས་གནང་དགོས་པར་སྐུལ་བ་ནི།

༣༽རང་བཞིན་གསུམ་སེམས་ཙམ་ཁོ་ནའི་ཆོས་སྐད་དུ་གྲགས་པ་དེ་ཡང་མི་བདེན་པའམ་མ་ཁྱབ་པར་བསྟན་པ་ནི།

༤༽གལ་ཏེ་བདེན་སྙམ་ན་རང་བཟོས་མིན་པར་ལུང་རིགས་རྣམ་དག་གིས་བསྒྲུབ་དགོས་པར་སྐུལ་བ་ནི།

༥༽སློབ་དཔོན་དབྱིག་གཉེན་སེམས་ཙམ་པ་ལས་དབུ་མའི་སློབ་དཔོན་མིན་པར་གྲགས་པ་ནི་མི་བདེན་པར་བསྟན་པ་ནི།

༦༽གལ་ཏེ་བདེན་སྙམ་ན་ཤེས་བྱེད་རྣམ་དག་གིས་བསྒྲུབ་དགོས་པར་སྐུལ་བ་ནི།

༧༽ སློབ་དཔོན་དབྱིག་གཉེན་ལ་རང་ལས་ལྷག་པའི་སློབ་མ་བཞི་ཡོད་པར་གྲགས་པ་ནི་མི་བདེན་པར་བསྟན་པ་ནི།

༨༽གལ་ཏེ་བདེན་སྙམ་ན་ཤེས་བྱེད་རྣམ་དག་གིས་བསྒྲུབ་དགོས་པར་སྐུལ་བ་ནི།

༩༽ཉི་ཁྲི་ལེ་མང་དང་ལེ་བརྒྱད་མ་གཉིས་གཅིག་པར་གྲགས་པ་འདི་ཡང་མི་བདེན་པར་བསྟན་པ་ནི།

༡༠༽གལ་ཏེ་དེ་གཉིས་གཅིག་ཡིན་པར་བདེན་སྙམ་ན་གཞུང་དེ་གཉིས་བསགས་ནས་ཞུ་དག་ཐེབས་པ་གཅིག་མཛད་དགོས་པར་སྐུལ་བ་ནི།

༡༡༽རྫོགས་ལྡན་ལུགས་ཀྱི་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་ཀྱི་ངོས་འཛིན་ཚུལ་བསྟན་པ་ནི།

༡༢༽སློབ་དཔོན་སེང་གེ་བཟང་པོས་སློབ་དཔོན་དབྱིག་གཉེན་སེམས་ཙམ་པ་དང༌། དེའི་གཞུང་འགྲེལ་ཡང་སེམས་ཙམ་གྱི་གཞུང་དུ་གསུངས་པ་འདི་ཡང་དོན་ལ་མི་བདེན་པར་བསྟན་པ་ནི།

༡༣༽གལ་ཏེ་བདེན་སྙམ་ན་འགྲེལ་མཆོག་གནོད་འཇོམས་དང་སྟོན་པའི་རང་འགྲེལ་གཉིས་མཐུན་མི་མཐུན་ཞིབ་གཟིགས་རྣམ་དག་ཅིག་གནང་དགོས་པར་སྐུལ་བ་ནི།

༡༤༽འཕགས་པ་ཕྱོགས་ཀྱི་གླང་པོས་ཀྱང༌ཤེར་ཕྱིན་སེམས་ཙམ་དུ་བཀྲལ་ཞེས་གྲགས་པ་འདི་ཡང་དོན་ལ་མི་བདེན་པར་བསྟན་པ་ནི།

༡༥༽འཕགས་པ་ཐོགས་མེད་ཀྱིས་སེམས་ཙམ་དུ་བཤད་པ་ནི། གཅུང་དབྱིག་གཉེན་དབུ་མར་ཁ་དྲང་བའི་ཕྱིར་དུ་བཤད་པར་གྲགས་པ་འདི་ཡང་མི་བདེན་པར་བསྟན་པ་ནི།

༡༦༽འཕགས་པ་ཐོགས་མེད་དང་སློབ་དཔོན་ཕྱོགས་གླང་གིས་ཡུམ་སེམས་ཙམ་དུ་བཤད་པ་མེད་ཅིང་དབུ་མ་ཆེན་པོར་བཤད་པར་ཐག་ཆོད་པ་ནི།

༡༧༽གལ་ཏེ་དེ་ལྟར་བདེན་སྙམ་ན་ཤེས་བྱེད་རྣམ་དག་གིས་བསྒྲུབ་དགོས་པར་སྐུལ་བ་ནི།

༡༨༽སློབ་དཔོན་ཆོས་ཀྱི་བཤེས་གཉེན་ལ་སོགས་པས་མདོ་སྡེ་དགོངས་པ་ངེས་འགྲེལ་སེམས་ཙམ་པའི་མདོ་དང་དྲང་དོན་དུ་གསུངས་པ་ནི་མི་འཐད་པར་བསྟན་པ་ནི།

༡༩༽དེས་ན་སངས་རྒྱས་ལས་ལྷག་པ་སུ་ཡང་མི་སྲིད་པར་ལུང་གིས་བསྒྲུབ་པ་ནི།

༢༠༽མདོ་རྒྱུད་རྣམ་དག་ཐམས་ཅད་དུ་གསུངས་པ་རྣམས་ལའང་རང་སྟོང་གཞན་སྟོང་སོགས་ཀྱིས་ཤན་འབྱེད་དགོས་པར་བསྟན་པ་ནི།

གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ་གཉིས་ཏེ། ༡༽ལེའུའི་མཚན་སྨོས་པ་ནི།

༢༽མཛད་བྱང་སྨོས་པ་ནི།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།