སྤང་བླང་གི་ཆོས་ངོས་བཟུང་བ་ཞེས་བྱ་བའི་གཞུང་དང་ས་བཅད་སྦྲགས་མ་བཞུགས་སོ།།

Identifying the Dharmas That Should Be Given Up Combined with Its Topical Outline

ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་རྗེས་འཇུག་སློབ་མ་རྣམས་ལ་སྤང་བླང་གི་ཆོས་དངོས་བཟུང་བའི་ཞལ་གདམས་སྙིང་གཏམ་གསུངས་པ་གཞུང་དང་ས་བཅད་སྦྲགས་མ་འདིར། གང་ཟག་ལ་དག་སྣང་སྦྱང་དགོས་པ་དང་། གྲུབ་མཐའ་ལ་རྟོག་དཔྱོད་དགོས་པ་དང་། གྲུབ་མཐའ་ཡང་དག་མི་དག་དབྱེ་མཚམས་ངོས་འཛིན་དགོས་པ་དང་། དཔྱད་པའི་མཐར་མཐུན་མིན་ལ་བླང་དོར་བྱེད་དགོས་པའི་རྒྱུ་མཚན་བསྟན་པ་སོགས། སྟོང་པ་ཆེན་པོ་འགྱུར་མེད་ལྔ་མཐོང་ཞིང་རྟོགས་པར་བྱེད་པའི་གདམས་ངག་ཟབ་མོ་ཚིགས་སུ་བཅད་པ་ལྔར་བསྡུས་ཏེ་བསྟན་པའོ།།

No Table of Contents Available

༧ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་སྙིང་པོ་རབ་གསལ་ཞེས་བྱ་བའི་གསོལ་འདེབས་ཞེས་བྱ་བའི་གཞུང་བཟང་འདི་ཉིད་འཆད་པ་ལ་གསུམ་སྟེ། ༡༽ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། ༢༽བར་དུ་དགེ་བ་གཞུང་གི་དོན་དང་། ༣༽ཐ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལ་གཉིས་ཏེ། ༡༽བསྟན་བཅོས་ཀྱི་མཚན་སྨོས་པ་ནི།

༢༽མཆོད་པར་བརྗོད་པ་ནི།

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་བཅུ་གཉིས་ཏེ། ༡༽གང་གི་དྲིན་གྱིས་བུམ་པའི་སྦུབས་ན་མར་མེ་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༢༽གང་གི་དྲིན་གྱིས་སྤྲིན་པའི་གསེབ་ན་ཉི་ཟླ་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༣༽གང་གི་དྲིན་གྱིས་དབུལ་པོའི་ཁྱིམ་འོག་མི་ཟད་པའི་གཏེར་ཆེན་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༤༽གང་གི་དྲིན་གྱིས་འདམ་གྱི་སྦུབས་ན་ཡིད་བཞིན་ནོར་བུ་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༥༽གང་གི་དྲིན་གྱིས་གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༦༽གང་གི་དྲིན་གྱིས་མི་མོའི་མངལ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༧༽གང་གི་དྲིན་གྱིས་ས་ཡི་སྦུབས་ན་ཆུ་གཙང་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༨༽གང་གི་དྲིན་གྱིས་ལྗན་ལྗིན་དབུས་ན་ས་ལེ་སྦྲམ་མམ་གསེར་གྱི་གོང་བུ་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༩༽གང་གི་དྲིན་གྱིས་པདྨའི་སྦུབས་ན་རྒྱལ་བའི་སྐུ་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༡༠༽གང་གི་དྲིན་གྱིས་སྦུན་པའི་ནང་ན་འབྲུའི་སྙིང་པོ་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༡༡༽གང་གི་དྲིན་གྱིས་རྡོ་ཡི་སྦུབས་ན་རིན་ཆེན་བཻ་ཌཱུརྱ་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

༡༢༽གང་གི་དྲིན་གྱིས་སྦྲང་མའི་དབུས་ན་སྦྲང་རྩིའི་རོ་ལྟར་འགྲོ་བ་ཀུན་ལ་བདེ་གཤེགས་སྙིང་པོ་བཞུགས་ཚུལ་སྟོན་པར་འདུད་པ་ནི།

གསུམ་པ་ཐ་མར་དགེ་བ་གཞུང་གི་འཇུག་བསྡུ་བ་ནི།

Other Volumes in This Series: