སྙིང་པོ་རབ་གསལ་ཞེས་བྱ་བའི་གསོལ་འདེབས་ཞེས་བྱ་བའི་གཞུང་དང་ས་བཅད་སྦྲགས་མ་བཞུགས་སོ།།

The Vividly Clear Essence Combined with Its Topical Outline

སྙིང་པོ་རབ་གསལ་ཞེས་བྱ་བའི་གསོལ་འདེབས་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པ་ལ་ས་བཅད་སྙིང་བསྡུས་དང་སྤྲིང་ཡིག་ཆེན་མོའི་གསུང་འགའ་ཞིག་ཀྱང་ཁ་སྣོན་བགྱིས་པ་འདིར། སེམས་ཅན་ཀུན་གྱི་གཤིས་ལ་རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོ། རང་བྱུང་གི་ཡེ་ཤེས། དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས། ཆོས་ཀྱི་སྐུ་ལ་སོགས་པ་མཚན་གྱི་རྣམ་གྲངས་སྣ་ཚོགས་ཅན། དྲི་མ་བསལ་བར་བྱ་བ་དང་ཡོན་ཏན་བསྣན་པར་བྱ་ཅུང་ཟད་ཀྱང་མེད་པའི་གཤིས་བབས་ཀྱི་གནས་ལུགས་དེ་ཉིད་བུམ་པའི་སྦུབས་ན་མར་མེ་དང་། སྤྲིན་གསེབ་ན་ཉི་ཟླ་དང་། དབུལ་པོའི་ཁྱིམ་ན་གཏེར་དང་། མི་གཙང་བའི་འདམ་ན་ཡིད་བཞིན་གྱི་ནོར་བུ་གནས་པ་ལྟ་བུ་སོགས་དཔེ་སྣ་ཚོགས་ཀྱི་སྒོ་ནས་གསལ་བར་སྟོན་པའི་དྲིན་ཅན་བླ་མ་ལ་གསོལ་ལ་འདེབས་པའི་ཚུལ་གྱིས་ངེས་དོན་གྱི་སྣོད་དང་ལྡན་པ་ལ་ཟབ་མོའི་དོན་ངོ་སྤྲད་པའོ།།

No Table of Contents Available

༧ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་ངོ་སྤྲོད་ཁྱད་འཕགས་ཞེས་བྱ་བའི་གཞུང་བཟང་འདི་ཉིད་འཆད་པ་ལ་གསུམ་སྟེ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལའང་གསུམ་སྟེ། ༡༽ བསྟན་བཅོས་ཀྱི་མཚན་དང་། ༢༽ མཆོད་པར་བརྗོད་པ་དང་། ༣༽བཤད་པར་དམ་བཅའ་བའོ། །

གཉིས་པ་བསྟན་བཅོས་ཀྱི་མཚན་ནི།

གཉིས་པ་མཆོད་པར་བརྗོད་པ་ནི།

གསུམ་པ་བཤད་པར་དམ་བཅའ་བ་ནི།

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་ལྔ་སྟེ། ༡༽ཤེར་ཕྱིན་ལྔ་བརྒྱ་པའི་ནང་དུ་རང་བཞིན་གསུམ་ཇི་ལྟར་བསྟན་ཚུལ་དང་། ༢༽རྫོགས་ལྡན་ལུགས་སུ་ཤེར་ཕྱིན་ལྔ་བརྒྱ་པའི་ལུང་དོན་ཇི་ལྟར་ངོ་སྤྲོད་ཚུལ་དང་། ༣༽དམིགས་བསལ་སངས་རྒྱས་ཉིད་ཀྱི་རང་འགྲེལ་གཞན་དུའང་རྒྱུ་མཚན་རྣམ་གྲངས་བཅུ་དགུའི་སྒོ་ནས་ཆོས་ཉིད་ཀྱི་གཟུགས་སོགས་ངོ་སྤྲོད་ཚུལ་དང་། ༤༽དེ་བཞིན་མཁའ་འགྲོ་རྒྱ་མཚོའི་རྒྱུད་དུའང་ཆོས་ཉིད་ཁམས་གསུམ་པའི་རྣམ་པ་ཐམས་ཅད་དོན་དམ་ཡེ་ཤེས་ཀྱི་ལྷར་ངོ་སྤྲོད་ཚུལ་དང་། ༥༽མདོར་ན་རྫོགས་ལྡན་འཁྲུལ་མེད་ཀྱི་ལུགས་སུ་ཆོས་ཉིད་ཀྱི་གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་ཡོངས་གྲུབ་དོན་དམ་པའི་ཆོས་བརྒྱ་དང་ཉེར་བདུན་གསུངས་པ་ཐམས་ཅད་དོན་གཅིག་པ་ཡིན་པར་ངོ་སྤྲོད་པའོ། །དང་པོ་ཤེར་ཕྱིན་ལྔ་བརྒྱ་པའི་ནང་དུ་རང་བཞིན་གསུམ་ཇི་ལྟར་བསྟན་ཚུལ་ནི།

གཉིས་པ་རྫོགས་ལྡན་ལུགས་སུ་ཤེར་ཕྱིན་ལྔ་བརྒྱ་པའི་ལུང་དོན་ཇི་ལྟར་ངོ་སྤྲོད་ཚུལ་ནི།

གསུམ་པ་དམིགས་བསལ་སངས་རྒྱས་ཉིད་ཀྱི་རང་འགྲེལ་གཞན་དུའང་རྒྱུ་མཚན་རྣམ་གྲངས་བཅུ་དགུའི་སྒོ་ནས་ཆོས་ཉིད་ཀྱི་གཟུགས་སོགས་ངོ་སྤྲོད་ཚུལ་ནི།

བཞི་པ་དེ་བཞིན་མཁའ་འགྲོ་རྒྱ་མཚོའི་རྒྱུད་དུའང་ཆོས་ཉིད་ཁམས་གསུམ་པའི་རྣམ་པ་ཐམས་ཅད་དོན་དམ་ཡེ་ཤེས་ཀྱི་ལྷར་ངོ་སྤྲོད་ཚུལ་ནི།

ལྔ་པ་མདོར་ན་རྫོགས་ལྡན་འཁྲུལ་མེད་ཀྱི་ལུགས་སུ་ཆོས་ཉིད་ཀྱི་གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་ཡོངས་གྲུབ་དོན་དམ་པའི་ཆོས་བརྒྱ་དང་ཉེར་བདུན་གསུངས་པ་ཐམས་ཅད་དོན་གཅིག་པ་ཡིན་པར་ངོ་སྤྲོད་པ་ནི།

གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ་བཞི་སྟེ། ༡༽དེ་ལྟར་ཆོས་ཉིད་ཡོངས་གྲུབ་ཀྱི་གཟུགས་སོགས་ལེགས་པར་རྟོགས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་སྨོན་པ་དང་། ༢༽ཆོས་ཚུལ་འདིའི་ཁུངས་དང་མཛད་བྱང་སྨོས་པ་དང་། ༣༽སྣོད་མིན་རྣམས་ལ་གསང་བའི་རྒྱས་བཏབ་པའི་ཚུལ་དང་། ༤༽ངེས་དོན་མཐར་ཐུག་གི་བསྟན་པ་ཟབ་མོ་ཕྱོགས་དུས་ཀུན་ཏུ་རྒྱས་པར་སྨོན་ཚུལ་ལོ། །དང་པོ་དེ་ལྟར་ཆོས་ཉིད་ཡོངས་གྲུབ་ཀྱི་གཟུགས་སོགས་ལེགས་པར་རྟོགས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་སྨོན་པ་ནི།

གཉིས་པ་ཆོས་ཚུལ་འདིའི་ཁུངས་དང་མཛད་བྱང་སྨོས་པ་ནི།

གསུམ་པ་སྣོད་མིན་རྣམས་ལ་གསང་བའི་རྒྱས་བཏབ་པའི་ཚུལ་ནི།

བཞི་པ་ངེས་དོན་མཐར་ཐུག་གི་བསྟན་པ་ཟབ་མོ་ཕྱོགས་དུས་ཀུན་ཏུ་རྒྱས་པར་སྨོན་ཚུལ་ནི།

Other Volumes in This Series: