ངོ་སྤྲོད་ཁྱད་འཕགས་ཞེས་བྱ་བའི་གཞུང་དང་ས་བཅད་སྦྲགས་མ་བཞུགས་སོ།།

An Excellent Introduction Combined with Its Topical Outline

An Excellent Introduction Combined with Its Topical Outline
ཀུན་མཁྱེན་དོལ་པོ་པ་རྟོན་པ་བཞི་ལྡན་གྱིས་མཛད་པའི་ངོ་སྤྲོད་ཁྱད་འཕགས་ཞེས་བྱ་བའི་གཞུང་འདིར་ཤེར་ཕྱིན་ལྔ་བརྒྱ་པའི་ནང་དུ་རང་བཞིན་གསུམ་ཇི་ལྟར་བསྟན་ཚུལ། རྫོགས་ལྡན་ལུགས་སུ་ཤེར་ཕྱིན་ལྔ་བརྒྱ་པའི་ལུང་དོན་ཇི་ལྟར་ངོ་སྤྲོད་ཚུལ། དམིགས་བསལ་སངས་རྒྱས་ཉིད་ཀྱི་རང་འགྲེལ་གཞན་དུའང་རྒྱུ་མཚན་རྣམ་གྲངས་བཅུ་དགུའི་སྒོ་ནས་ཆོས་ཉིད་ཀྱི་གཟུགས་སོགས་ངོ་སྤྲོད་ཚུལ། མཁའ་འགྲོ་རྒྱ་མཚོའི་རྒྱུད་དུའང་ཆོས་ཉིད་ཁམས་གསུམ་པའི་རྣམ་པ་ཐམས་ཅད་དོན་དམ་ཡེ་ཤེས་ཀྱི་ལྷར་ངོ་སྤྲོད་ཚུལ་བཅས། མདོར་ན་རྫོགས་ལྡན་འཁྲུལ་མེད་ཀྱི་ལུགས་སུ་ཆོས་ཉིད་ཀྱི་གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་ཡོངས་གྲུབ་དོན་དམ་པའི་ཆོས་བརྒྱ་དང་ཉེར་བདུན་གསུངས་པ་ཐམས་ཅད་དོན་གཅིག་པ་ཡིན་པར་ངོ་སྤྲོད་པ་ལ་ས་བཅད་སྟབས་བདེ་ཞིག་ཀྱང་ཁ་སྣོན་གྱིས་བསྒྲིགས་པའོ།།

དཀར་ཆག་མེད།

༄༅། །༧ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་ངོ་སྤྲོད་ཁྱད་འཕགགས་ཞེས་བྱ་བའི་གཞུང་བཟང་འདི་ཉིད་འཆད་པ་ལ་གསུམ་སྟེ། ༡༽ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། ༢༽བར་དུ་དགེ་བ་གཞུང་གི་དོན་དང་། ༣༽ཐ་མར་དགེ་བ་འཇུག་གི་དོན་ནོ། །དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལ་གསུམ་ཏེ། ༡༽བསྟན་བཅོས་ཀྱི་མཚན་སྨོས་པ་ནི།

༢༽མཆོད་པར་བརྗོད་པ་ནི།

༣༽བཤད་པར་དམ་བཅའ་བ་ནི།

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་ཉེར་དྲུག་སྟེ། ༡༽སྟོན་པས་ཤེར་ཕྱིན་ལྔ་བརྒྱ་པའི་ནང་དུ་དངོས་པོ་གསུམ་གྱི་ངོ་སྤྲོད་གནང་ཚུལ་ནི།

༢༽དེ་ལས་འཕྲོས་པའི་དངོས་པོ་མེད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་ཀྱི་མཚན་ཉིད་ཡིན་པར་ངོ་སྤྲོད་ཚུལ་ནི།

༣༽དངོས་པོ་ངན་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་གཞན་དབང་གི་མཚན་ཉིད་ཡིན་པར་ངོ་སྤྲོད་ཚུལ་ནི།

༤༽དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཡོངས་གྲུབ་ཀྱི་མཚན་ཉིད་ཡིན་པར་ངོ་སྤྲོད་ཚུལ་ནི།

༥༽ལྷག་པར་དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་བདེ་གཤེགས་སྙིང་པོ་དང་དབྱེར་མ་མཆིས་པའི་ཆོས་ཉིད་འདུས་མ་བྱས་ཀྱི་དངོས་པོ་ཡོད་པར་ངོ་སྤྲོད་ཚུལ་ནི།

༦༽དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་སོ་སོའི་རང་གི་རིག་པ་གཉིས་མེད་ཡེ་ཤེས་དང་ངོ་བོ་དབྱེར་མེད་ཡིན་པར་ངོ་སྤྲོད་ཚུལ་ནི།

༧༽དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང༌ཐིག་ལེ་སྟོང་པ་འགྱུར་མེད་དྲུག་དང་ཨེ་ཝཾ་རོ་མཉམ་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་དང་ངོ་བོ་དབྱེར་མེད་ཡིན་པར་ངོ་སྤྲོད་ཚུལ་ནི།

༨༽དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་ཆོས་ཉིད་དོན་དམ་པ་འདུས་མ་བྱས་ཀྱི་ཡེ་ཤེས་པྲ་ཕབ་བརྒྱད་དང་ངོ་བོ་དབྱེར་མེད་ཡིན་པར་ངོ་སྤྲོད་ཚུལ་ནི།

༡༠༽དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་ཆོས་ཉིད་ཀྱི་སྲིད་པ་རྣམ་པ་བཅུས་པྲ་ཕབ་པ་ལྟ་བུ་ཆ་མེད་ཀུན་འགྲོ་ཁྱབ་པ་པོ་དང་ངོ་བོ་དབྱེར་མེད་ཡིན་པར་ངོ་སྤྲོད་ཚུལ་ནི།

༡༡༽དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་ཆོས་ཉིད་རྣམ་པ་ཐམས་ཅད་པའི་རྣམ་བཅུ་དབང་ལྡན་ཆེན་པོ་དང་ངོ་བོ་དབྱེར་མེད་ཡིན་པར་ངོ་སྤྲོད་ཚུལ་ནི།

༡༢༽དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་དོན་དམ་ཆོས་ཉིད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་གདོད་ནས་རང་བཞིན་གྱིས་འདྲེས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དང་ངོ་བོ་དབྱེར་མེད་ཡིན་པར་ངོ་སྤྲོད་ཚུལ་ནི།

༡༣༽དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་ཆོས་ཉིད་ཀྱི་ལྷ་སྟོང་དྲུག་བརྒྱ་ཉི་ཤུ་དབྱེར་མེད་དུ་འདྲེས་པ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་པྲ་ཕབ་པ་དང་ངོ་བོ་དབྱེར་མེད་ཡིན་པར་ངོ་སྤྲོད་ཚུལ་ནི།

༡༤༽དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་ཨེ་ཝཾ་རྡོ་རྗེ་དང་ཡི་གེ་རྡོ་རྗེ་དང་པད་མ་རྡོ་རྗེ་དང་སེམས་དཔའ་རྡོ་རྗེ་དང་བྷ་ག་ཐིག་ལེ་གྲུ་གསུམ་དང་ཨཱ་ལི་ཀཱ་ལི་དམིགས་བཅས་སྟོང་ཉིད་དང་དམིགས་མེད་སྙིང་རྗེ་དང་ཤེས་རབ་ཐབས་ཀྱི་བདག་ཉིད་དང་གདོད་ནས་དབྱེར་མེད་དུ་འདྲེས་པའི་ལྷ་ཡབ་ཡུམ་ཐམས་ཅད་པྲ་ཕབ་བརྒྱད་དང་མཚུངས་པ་དང་བརྟན་གཡོ་ཀུན་ལ་མཁའ་ལྟར་ཁྱབ་པའི་བདག་ཉིད་དང་ངོ་བོ་དབྱེར་མེད་ཡིན་པར་ངོ་སྤྲོད་ཚུལ་ནི།

༡༥༽དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་ཆོས་ཉིད་ཡོངས་གྲུབ་ཀྱི་དུས་འཁོར་དང་གསང་འདུས་དང་བདེ་དགྱེས་དང་མཧཱ་མ་ཡ་དང་རྡོ་རྗེ་གདན་བཞི་དང་སངས་རྒྱས་ཐོད་པ་དང་སངས་རྒྱས་མཁའ་འགྲོ་དང་རྡོ་རྗེ་མཁའ་འགྲོ་དང་རིན་ཆེན་མཁའ་འགྲོ་དང་པད་མ་མཁའ་འགྲོ་དང་སྣ་ཚོགས་མཁའ་འགྲོ་དང་ཡེ་ཤེས་མཁའ་འགྲོ་དང་མཁའ་འགྲོ་རྒྱ་མཚོ་ལ་སོགས་ཆོས་ཉིད་ཀྱི་ལྷ་དང༌སྔགས་དང་རྒྱུད་དང་དཀྱིལ་འཁོར་དང༌ཕྱག་རྒྱ་ཐམས་ཅད་དབྱེར་མེད་རོ་མཉམ་དུ་གདོད་ནས་འདྲེས་པ་པྲ་ཕབ་པ་དང་མཚུངས་པ་མཁའ་ལྟར་ཁྱབ་པ་དང་ངོ་བོ་དབྱེར་མེད་ཡིན་པར་ངོ་སྤྲོད་ཚུལ་ནི།

༡༦༽དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་དོན་དམ་ཆོས་ཉིད་ཀྱི་དུས་གསུམ་དང༌དུས་བཞི་དང༌དུས་དྲུག་ལ་སོགས་པ་དུས་གསུམ་དུས་མེད་རྟོགས་པ་པོ་དང༌དུས་གསུམ་མཉམ་པ་ཉིད་གཞན་པྲ་ཕབ་ལྟ་བུ་ཆོས་ཉིད་ཀྱི་འདས་པ་དང༌མ་འོངས་པ་དང༌ད་ལྟར་བྱུང་བ་དང་ངོ་བོ་དབྱེར་མེད་ཡིན་པར་ངོ་སྤྲོད་ཚུལ་ནི།

༡༧༽དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་དོན་དམ་པ་འདུས་མ་བྱས་རྟག་ཏུ་ཡོད་པའི་དགེ་བ་པྲ་ཕབ་པ་ལྟ་བུ་ཆོས་ཉིད་ཀྱི་དགེ་བ་དང་མི་དགེ་བ་དང༌ལུང་དུ་མ་བསྟན་པ་དང་ངོ་བོ་དབྱེར་མེད་ཡིན་པར་ངོ་སྤྲོད་ཚུལ་ནི།

༡༨༽དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་ཆོས་ཉིད་ཀྱི་འོད་གསལ་པྲ་ཕབ་ལྟ་བུའི་ལོ་དང༌ཟླ་བ་དང༌བགྲོད་པ་དང༌ཕྱོགས་དང༌ཉིན་མཚན་དང༌སྔ་དྲོ་དང༌ཕྱི་དྲོ་དང༌ནམ་གུང་དང༌དུས་སྦྱོར་དང༌ཆུ་ཚོད་དང༌ཆུ་སྲང་དང༌དབུགས་དང༌ཐུན་མཚམས་དང༌ཐུན་ཚོད་དང༌ཡུད་ཙམ་ལ་སོགས་པ་པྲ་ཕབ་བརྒྱད་དང་མཚུངས་པ་དང༌རྡུལ་མེད་རྡུལ་བྲལ་དྲི་མ་མེད་དང་ཀུན་ཤེས་ཀུན་རིགས་(རིག་)དམ་པ་པོ་དང་ངོ་བོ་དབྱེར་མེད་ཡིན་པར་ངོ་སྤྲོད་ཚུལ་ནི།

༡༩༽དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་ཆོས་ཉིད་ཡོངས་གྲུབ་ཀྱི་རི་དང༌བྲག་ཆ་དང༌ཆུ་ཀླུང་དང༌ཚལ་དང༌ནགས་ཚང་ཚིང་དང༌རྩ་བ་དང༌སྡོང་པོ་དང༌ཡལ་ག་དང༌ལོ་མ་དང༌འདབ་མ་དང༌མེ་ཏོག་དང༌འབྲས་བུ་དང༌གདུགས་དང༌རྒྱལ་མཚན་དང༌བ་དན་དང༌དུང་དང༌གླིང་བུ་དང༌རྔ་དང༌ཆ་ལང་དང༌མཁའ་རྔ་དང༌པི་ཝཾ་དང༌གླུ་དང༌དབྱངས་དང༌གར་དང༌རོལ་མོ་སྣ་ཚོགས་པ་དང༌རྒོད་པ་དང༌ངུ་བ་ལ་སོགས་པའི་རྣམ་འགྱུར་མི་འདྲ་བ་རྣམ་པ་སྣ་ཚོགས་པ་རྣམས་རྣམ་པ་ཀུན་ལྡན་རྣམ་པ་མེད་པ་དང་ངོ་བོ་དབྱེར་མེད་ཡིན་པར་ངོ་སྤྲོད་ཚུལ་ནི།

༢༠༽དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་ཆོས་ཉིད་གཉུག་མ་རང་བཞིན་འོད་གསལ་བའི་སངས་རྒྱས་དང༌བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང༌རང་སངས་རྒྱས་དང༌སོ་སོ་སྐྱེ་བོ་དང༌སློབ་པ་དང༌མི་སློབ་པ་དང༌གྲུབ་པ་ཐོབ་པ་དང༌དཔའ་བོ་དང༌རྣལ་འབྱོར་མ་དང༌མཁའ་འགྲོ་ཆོས་སྐྱོང་ལ་སོགས་པ་པྲ་ཕབ་པ་ལྟ་བུ་གཟུགས་མེད་གཟུགས་བཟང་དམ་པ་དང་ངོ་བོ་དབྱེར་མེད་ཡིན་པར་ངོ་སྤྲོད་ཚུལ་ནི།

༢༡༽དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་ཆོས་ཉིད་འོད་གསལ་བདེ་གཤེགས་སྙིང་པོའི་སྐྱེས་པ་དང༌བུད་མེད་དང༌ཁྱེའུ་དང༌བུ་མོ་དང༌མ་ནིང་དང༌ཞིང་དང༌ཁང་པ་དང༌གྲོང་ཁྱེར་དང༌ཡུལ་ཁམས་ཆེན་པོ་དང༌རྒྱལ་པོ་དང༌བཙུན་མོ་དང༌བློན་པོ་དང༌རྒྱལ་ཕྲན་དང༌བྲམ་ཟེ་དང༌རྗེ་རིགས་དང༌དམངས་རིགས་དང༌གདོལ་པའི་རིགས་དང༌ཁྱི་དང༌ཕག་དང༌མ་ཧེ་དང༌བ་ལང་དང༌བོང་བུ་དང༌རྟ་དང༌གཡག་དང༌ར་ལུག་ལ་སོགས་པ་པྲ་ཕབ་བརྒྱད་དང་མཚུངས་པ་དང་དངོས་པོ་ཀུན་གྱི་རང་བཞིན་མཆོག་དང་དངོས་པོ་ཀུན་གྱི་རང་བཞིན་འཛིན་དང་སྐྱེ་མེད་ཆོས་དེ་སྣ་ཚོགས་དོན་དང་ཆོས་ཀུན་ངོ་བོ་ཉིད་འཆང་བ་དང་ངོ་བོ་དབྱེར་མེད་ཡིན་པར་ངོ་སྤྲོད་ཚུལ་ནི།

༢༢༽དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་ཆོས་ཉིད་ཀུན་རྫོབ་རྣམ་པ་ཐམས་ཅད་པ་དང་དབང་པོ་ཐམས་ཅད་པ་དང་ཕྱག་ཐམས་ཅད་པ་དང་ཞབས་ཐམས་ཅད་པ་དང་དབུ་ཐམས་ཅད་པ་དང་སྤྱན་ཐམས་ཅད་པ་དང་སྙན་ཐམས་ཅད་པ་དང་ཤངས་ཐམས་ཅད་པ་དང་ལྗགས་ཐམས་ཅད་པ་དང་ཞལ་ཐམས་ཅད་པ་དང་དབྱིབས་ཐམས་ཅད་པ་དང་ཁ་དོག་ཐམས་ཅད་པ་དང་གཟུགས་ཐམས་ཅད་པ་དང་སྒྲ་ཐམས་ཅད་པ་དང་དྲི་ཐམས་ཅད་པ་དང་རོ་ཐམས་ཅད་པ་དང་རེག་བྱ་ཐམས་ཅད་པ་དང་ཆོས་ཐམས་ཅད་ལ་ཀུན་ནས་པྲ་ཕབ་པ་དང་མཚུངས་པ་ཆོས་ཉིད་ཀུན་འགྲོ་ཡེ་ཤེས་སེམས་དཔའ་ཀུན་འགྲོ་དང་ངོ་བོ་དབྱེར་མེད་ཡིན་པར་ངོ་སྤྲོད་ཚུལ་ནི།

༢༣༽དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་རྡུལ་སྙེད་ལས་འདས་པའི་པྲ་ཕབ་བརྒྱད་དང༌མཚུངས་པ་ལུས་མེད་ལུས་དེ་ལུས་ཀྱི་མཆོག་དང་ངོ་བོ་དབྱེར་མེད་ཡིན་པར་ངོ་སྤྲོད་ཚུལ་ནི།

༢༤༽དངོས་པོ་ཡོད་པའི་གཟུགས་ནས་རྣམ་མཁྱེན་བར་གྱི་འགྲེས་རྐང་བརྒྱ་དང་ཉེར་བདུན་ནི་ཀུན་བཏགས་དང་གཞན་དབང་གིས་སྟོང་པའི་གཞི་མ་བཅོས་གཉུག་མ་རང་བཞིན་འོད་གསལ་ཆོས་ཉིད་ཀྱི་རྣམ་པ་པྲ་ཕབ་བརྒྱད་དང་མཚུངས་པ་རྣམ་པ་མེད་པ་ཁམས་གསུམ་མ་ལུས་པའི་སངས་རྒྱས་གཟུགས་ཏེ། ཆོས་ཉིད་ཀྱི་ཡང་སོས་མ་དང་ཐིག་ནག་མ་དང་བསྡུས་འཇོམས་མ་དང་ངུ་འབོད་མ་དང་ངུ་འབོད་ཆེན་པོ་མ་དང་ཚ་བ་མ་དང་རབ་ཏུ་ཚ་བ་མ་དང་མནར་མེད་མ་དང་ལྷུང་བ་མོ་དང་བར་མེད་མ་དང་བུ་མོ་དང་གཤིན་རྗེ་མོ་དང་མེ་འགལ་མོ་དང་མར་ནག་ཏུ་འཚེད་མ་དང་རི་གཉིས་ཀྱིས་བཙིར་མ་དང་ལྡང་མ་དང་རྨོངས་མ་དང་ཕྲག་དོག་མ་དང་ཆགས་མྱོས་མ་དང་སེར་སྣ་མ་དང་སྐུད་པ་མ་དང་གྲགས་མ་དང་རལ་གྲིའི་ནགས་ཚལ་དང་དུ་མ་དང་མུ་གེ་མ་དང་ནད་དགོན་མ་དང་མཚན་དགོན་མ་དང་ཆུའི་དགོན་པ་མ་དང་རལ་གྲི་མ་དང་སེན་མོ་རབ་མེད་པ་དང་སྤུ་གྲིའི་ལོ་མ་དང་འཁོར་ལོ་མ་དང་གྲུལ་བུམ་མ་དང་ལྷ་མོ་ཆེ་མཆེད་མ་དང་ཟམ་གཉིད་མ་དང་ལེ་ལོ་མ་དང་ཆོས་སེམས་མ་དང་སྒོམ་པ་མོ་དང་ཁྱེད་སེམས་མ་དང་བུད་མེད་སེམས་མ་དང་དོན་སེམས་སྦྱོར་བྲལ་མ་དང་བུ་སེམས་མ་དང་མྱ་ངན་མ་དང་བསམ་གཏན་སེམས་མ་དང་སྔགས་བཟློས་མ་དང་ངོ་ཚ་མ་དང་ང་རྒྱལ་མ་དང་གདུང་བ་མོ་དང་སེམས་ཅན་དོན་བྱེད་མ་དང་བརྩོན་པ་མོ་དང་རྒྱལ་པོ་སེམས་མ་དང་གཞན་གཅོད་མ་དང་ཡེ་ཤེས་ཐོབ་མ་དང་དཀའ་ཐུབ་མ་དང་རྒས་མ་དང་འཆི་བའི་སེམས་ཅན་མ་དང་བདེ་མ་སྡུག་མ་མི་དགའ་མ་དང་ཡོད་དང་མེད་པ་ཉིད་དང་བླ་མ་སེམས་མ་འགྲོ་བ་མ་དང་བཟོད་མ་མི་བཟོད་མ་དང་ངལ་ལམ་ངལ་སོས་མ་དང་བཀྲེས་མ་མཆོག་དང་ལས་ཐམས་ཅད་བྱེད་པ་མོ་དང་རྒྱལ་ཆེན་བཞིའི་རིས་མ་དང་སུམ་ཅུ་རྩ་གསུམ་འཁོར་སྒྱུར་མ་དང་འཐབ་བྲལ་དགའ་ལྡན་འཁོར་བསྒྱུར་མ་དང་འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་མ་དང་ཚངས་རིས་ཚངས་པ་འདུན་ན་འདུན་དང་ཚངས་ཆེན་འོད་ཆུང་ཚད་མེད་འོད་དང་འོད་གསལ་མ་དང་དགེ་ཆུང་མ་དང་ཚད་མེད་དགེ་མ་དགེ་རྒྱས་མ་དང་སྤྲིན་མེད་མ་དང་བསོད་ནམས་སྐྱེས་དང་འབྲས་བུ་ཆེ་དང་མི་ཆེ་མ་དང་མི་གདུང་མ་དང་ཤིན་ཏུ་མཐོང༌དང་བཟང་ངན་མ་དང་འོག་མིན་མ་དང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་མ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་མ་དང་འདུ་ཤེས་མེད་དང་མེད་མིན་མ་དང་དམྱལ་མོ་ཡི་དྭགས་མོ་དང་དུད་འགྲོ་མི་མོ་ལྷ་མིན་མོ་དང་གཞལ་མེད་ཁང་སྤྱོད་མ་དང་ཟླ་བ་ཉི་མ་གཤིན་རྗེ་མོ་དང་དབང་མོ་འཁོར་བསྒྱུར་མ་དང་གཞན་ཡང་ངང་མོ་བྱ་དཀར་སྲེག་པ་མོ་དང་རྨ་བྱ་ཕུག་རོན་བྱ་རོག་ཆེན་པོ་མོ་དང་བྱི་ལ་མོ་ཁྲ་མོ་ཧོར་མོ་དང་སེང་གེ་སྟག་མོ་རི་བོང་མོ་དང་གླང་ཆེན་རི་དྭགས་ལྕེ་སྤྱང་མོ་དང་བསེ་མོ་འབྲི་མོ་དང་རྔ་མོ་སྲེ་མོ་དང་རྩང་པ་མོ་དང་བྱི་བ་བོང་མོ་དང་དོམ་མོ་དང་རུ་སྦལ་མ་དང་ཆུ་སྲིན་མོ་དང་སྟག་གི་ནག་མོ་དང་སྲིན་མོའི་གདོང་མ་དང་ཆག་མོ་དང་ཆུ་བྱི་མོ་དང་གྲོག་མོའི་གདོང་མ་དང་ཆུ་སྦྲུལ་མ་དང་དུང་མོ་དང་མགྲོན་བུ་མ་དང་ཉ་ཕྱིས་མ་དང་ཤ་སྦྲང་མ་དང་ཉ་བ་མོ་དང་སྡིག་དཀར་མ་དང་དུང་མཁན་མ་དང་ཐག་མཁན་མ་དང་ཁུར་བ་མཁན་མོ་དང་ཤིང་བཟོ་མ་དང་ཕྲེང་བ་མཁན་མ་དང་ཚོས་མཁན་མ་དང་སྲིན་བལ་བྱེད་མ་དང་ཕོ་ཉ་མོ་དང་བཤང་བ་འཕྱངས་མ་དང་རྩི་མཁན་མ་དང་ལྡུམ་རའི་གཉེར་པ་མོ་དང་རྒྱལ་པོས་བཀྲ་བ་མ་དང་བཤན་པ་མོ་དང་སོ་རྩི་འཚོ་བར་བྱེད་མ་དང་གསེར་འགར་མ་དང་ནོར་རྒྱུད་མ་དང་ནགས་པ་མོ་དང་ཀླ་ཀློ་མ་དང་ཚོད་པ་མོ་དང་རྡོ་བཟོ་མ་དང་ཞིང་ལས་མ་དང་གོ་ལྤགས་མཁན་མ་དང་ཁམས་གསུམ་པའི་རྣམ་པ་ཐམས་ཅད་ཡེ་ཤེས་ཀྱི་ལྷ་དང་ངོ་བོ་དབྱེར་མེད་ཡིན་པར་ངོ་སྤྲོད་ཚུལ་ནི།

༢༥༽རང་འགྲེལ་ཁྱད་འཕགས་རྣམས་སུ་ཆོས་ཉིད་ཀྱི་གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་གྱི་དོན་དམ་པའི་ཆོས་བརྒྱ་དང་ཉེར་བདུན་བཀའ་སྩལ་པ་རྣམས་ངོ་བོ་ཕན་ཚུན་འགལ་འདུ་སྐྱོན་མེད་དང་དོན་གཅིག་པ་ཡིན་པར་ངོ་སྤྲོད་པ་ནི།

༢༦༽རྗེས་ཐོབ་ཤན་འབྱེད་པའི་ཚེ་གསུང་རབ་དྲི་མ་མེད་པ་མང་པོ་ལས་དོན་དམ་གྱི་ཆོས་ཉིད་འཁོར་འདས་དབྱེར་མེད་དང་བདེན་བཞི་དབྱེར་མེད་དང༌སྲིད་ཞི་དབྱེར་མེད་དང༌དུ་མ་རོ་གཅིག་དང༌ཆོས་ཉིད་པྲ་ཕབ་པ་ལྟ་བུའི་གནས་ལུགས་ལེགས་པར་རྟོགས་ནས། མཉམ་བཞག་ལ་ཟློ་བའི་ཚེ་ན་ཅིར་ཡང་མི་རྟོག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་རླུང་སེམས་ཀྱི་འགྱུ་བ་ཐམས་ཅད་རང་གིས་ངང་གིས་འགགས་ཤིང་འགྱུར་མེད་བདེ་ཆེན་མྱུར་དུ་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་ཐུབ་པར་སྨོན་ཚུལ་ནི།

གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ་བཞི་སྟེ། ༡༽གཞུང་འདིའི་ཆོས་ཁུངས་བསྟན་པ་ནི།

༢༽མཛད་བྱང་སྨོས་པ་ནི།

༣༽གསང་བའི་བཀའ་རྒྱས་བཏབ་ཚུལ་ནི།

༤༽སྨོན་ཚིག་བརྗོད་པ་ནི།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།