No Description
No Table of Contents Available
དེ་ལ་འདིར་ཤེས་བྱ་ཐམས་ཅད་ཀྱི་ཟབ་མོ་དེ་ཁོ་ན་ཉིད་དང་རྒྱ་ཆེ་བའི་ཚུལ་གསལ་བར་བྱེད་པ་བསྟན་བཅོས་དབུ་མ་ལ་འཇུག་པ་འདི་འཆད་པ་ལ་གསུམ། མཚན་གྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས། དངོས་དང༌། ཞར་བྱུང་ངོ༌། །དང་པོ་ལ་གསུམ། མཚན་བསྒྱུར་བ། མཚན་བཤད་པ། མཚན་གྱི་དགོས་པའོ། །དང་པོ་ནི།
གཉིས་པ་མཚན་བཤད་པ་ལ་གཉིས། ཟབ་པ་དང༌། རྒྱ་ཆེ་བ་ལ་འཇུག་ཚུལ་ལོ། །དང་པོ་ནི།
གཉིས་པ་རྒྱ་ཆེ་བ་ནི།
གསུམ་པ་མཚན་གྱི་དགོས་པ་ནི།
གཉིས་པ་ཞར་བྱུང་ནི།
གཉིས་པ་གཞུང་གི་དོན་ལ་གཉིས། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག །འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་བཤད་པའོ། །དང་པོ་ལ། སྙིང་རྗེ་ཆེན་པོ་ལ་བསྟོད་པའི་རྒྱུ་མཚན་དང༌། བསྟོད་པ་དངོས་གཉིས་ལས། དང་པོ་ནི།
གཉིས་པ་བསྟོད་པ་དངོས་ལ་གཉིས་ལས། དང་པོ་སྙིང་རྗེ་ཆེན་པོ་སྤྱི་ལ་བསྟོད་པ་ནི།
གཉིས་པ་སྙིང་རྗེ་སོ་སོར་ཕྱག་འཚལ་བ་ལ་གསུམ་ལས། དང་པོ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བ་ནི།
གཉིས་པ་ཆོས་ལ་དམིགས་པའི་སྙིང་རྗེ་ནི།
གསུམ་པ་དམིགས་པ་མེད་པ་ལ་དམིགས་པའི་སྙིང་རྗེ་ནི།
གཉིས་པ་རྩོམ་པ་ལ་འཇུག་བྱའི་གཞུང་དོན་བཤད་པ་ལ་གཉིས། རྒྱུ་བྱང་ཆུབ་སེམས་དཔའི་ས་བཤད་པ་དང༌། འབྲས་བུ་སངས་རྒྱས་ཀྱི་ས་བཤད་པའོ། །དང་པོ་(རྒྱུ་བྱང་ཆུབ་སེམས་དཔའི་ས་བཤད་པ་)ལ་གཉིས། ཕར་ཕྱིན་ལྷག་པའི་སྒོ་ནས་སོ་སོའི་ངོ་བོ་བཤད་པ། རྣམ་གྲངས་ལྷག་པའི་སྒོ་ནས་སོ་སོའི་ཡོན་ཏན་བཤད་པའོ། །དང་པོ་(ཕར་ཕྱིན་ལྷག་པའི་སྒོ་ནས་སོ་སོའི་ངོ་བོ་བཤད་པ་)ལ། སེམས་བསྐྱེད་པ་དང་པོ་ནས་སེམས་བསྐྱེད་པ་བཅུ་པའི་བར་བཅུ་ལས། དང་པོ་སེམས་བསྐྱེད་པ་དང་པོ་ལ་ལའང་གསུམ་སྟེ། ཁྱད་གཞི་སའི་ངོ་བོ་མདོར་བསྟན། ཁྱད་ཆོས་སའི་ཡོན་ཏན་རྒྱས་པར་བཤད། དཔེའི་སྒོ་ནས་ཡོན་ཏན་བསྡུས་ཏེ་བསྟན་པའོ། །དང་པོ་(ཁྱད་གཞི་སའི་ངོ་བོ་མདོར་བསྟན་)ནི།
གཉིས་པ་ཁྱད་ཆོས་སའི་ཡོན་ཏན་རྒྱས་པར་བཤད་པ་ལ་གཉིས། ས་ལ་གནས་པའི་བསྔགས་བརྗོད་དང༌། ཕར་ཕྱིན་ལྷག་པའི་ཡོན་ཏན་ནོ། །དང་པོ་ལ་བཞིའི། དང་པོ་མིང་འཕོ་བའི་ཡོན་ཏན་ནི།
གཉིས་པ་དོན་ཐོབ་པའི་ཡོན་ཏན་ལ་བཞི་ལས། དང་པོ་རིགས་སུ་སྐྱེ་བའི་ཡོན་ཏན་ནི།
གཉིས་པ་སྤང་རྟོགས་ནུས་པའི་ཡོན་ཏན་ནི།
གསུམ་པས་གོང་མ་གནོན་པའི་ཡོན་ཏན་ནི།
བཞི་པ་ས་འོག་མ་ལས་འདས་པའི་ཡོན་ཏན་ནི།
གསུམ་པ་དཔེས་བསྟན་པའི་ཡོན་ཏན་ནི།
བཞི་པ་གཞན་ཟིལ་གྱིས་གནོན་པའི་ཡོན་ཏན་ལ་གཉིས་ལས། དང་པོ་ས་འདིར་བསོད་ནམས་ཀྱི་སྟོབས་ཀྱིས་ཟིལ་གྱིས་གནོན་པའི་ཡོན་ཏན་ནི།
གཉིས་པ་ས་གོང་མར་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་པ་ནི།
གཉིས་པ་ཕར་ཕྱིན་ལྷག་པའི་ཡོན་ཏན་བརྗོད་པ་ལ་བཞི་ལས། དང་པོ་སྦྱིན་པའི་ཕར་ཕྱིན་གཙོ་བོར་བསྟན་པ་ནི།
གཉིས་པ་སྦྱིན་པ་གཞན་གྱི་བསྔགས་པ་བརྗོད་པ་ལ་གཉིས་ལས། དང་པོ་སྡུག་བསྔལ་ཕྱིར་བཅོས་པའི་རྒྱུ་རུ་བསྟན་པ་ནི།
གཉིས་པ་གཏན་བདེའི་རྒྱུར་ཡང་འགྱུར་བར་བསྟན་པ་ནི།
གསུམ་པ་བྱང་ཆུབ་སེམས་དཔའི་སྦྱིན་པ་བསྔགས་པ་ལ་བཞི་ལས། དང་པོ་འབྲས་བུ་མངོན་གྱུར་གྱིས་དགའ་བ་འཐོབ་པར་བསྟན་པ་ནི།
གཉིས་པ་སྦྱིན་པའི་གཏམ་ཉིད་གཙོ་བོ་ཡིན་པ་ནི།
གསུམ་པ་དགའ་བའི་ཁྱད་པར་དཔེ་ལས་ལྷག་པར་བསྟན་པ་ནི།
བཞི་པ་བྱང་སེམས་ཀྱིས་ལུས་སྦྱིན་པ་ལ་སྡུག་བསྔལ་ཡོད་མེད་བསྟན་པ་ནི།
བཞི་པ་སྦྱིན་པའི་ཕར་ཕྱིན་གྱི་དབྱེ་བ་བསྟན་པ་ནི།
གསུམ་པ་དཔེའི་སྒོ་ནས་ཡོན་ཏན་བསྡུས་ཏེ་བསྟན་པ་ནི།
༈ སེམས་བསྐྱེད་པ་གཉིས་པ་ལ་གཉིས་ཏེ། ཕར་ཕྱིན་ལྷག་པའི་ཡོན་ཏན་རྒྱས་པར་བཤད་པ་དང༌། ངེས་ཚིག་གི་སྒོ་ནས་ཡོན་ཏན་བསྡུས་ཏེ་བསྟན་པའོ། །དང་པོ་ལ་བཞིའི། དང་པོ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་པར་བསྟན་པ་ལའང་བཞི་ལས། དང་པོ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཐོབ་པར་བསྟན་པ་ནི།
གཉིས་པ་དགེ་བའི་ལས་བཅུ་སོག་པ་དག་པར་བསྟན་པ་ནི།
གསུམ་པ་བྱང་སེམས་མཛེས་པར་བྱེད་པ་ནི།
བཞི་པ་འཁོར་གསུམ་གཉིས་འཛིན་བྲལ་བ་ནི།
གཉིས་པ་ཚུལ་ཁྲིམས་དང་བྲལ་བའི་ཉེས་དམིགས་ལ་གསུམ་ལས། དང་པོ་བདེ་འགྲོ་མི་འཐོབ་པའི་སྐྱོན་ནི།
གཉིས་པ་བདེ་འབྲས་ལན་གཅིག་ཏུ་ཟད་པའི་སྐྱོན་ནི།
གསུམ་པ་ངན་སོང་ལས་ཐར་དཀའ་བའི་སྐྱོན་ནི།
གསུམ་པ་ལྡན་པའི་ཕན་ཡོན་ལ་བཞི་ལས། དང་པོ་གཉེན་པོ་ཚུལ་ཁྲིམས་བསྟེན་པར་གདམས་པ་ནི།
གཉིས་པ་ཡོན་ཏན་ཀུན་གྱི་རྟེན་དུ་བརྗོད་པ་ནི།
གསུམ་པ་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུར་བསྟན་པ་ནི།
བཞི་པ་ཚུལ་ཁྲིམས་རྣམ་དག་དཔེས་བསྟན་པ་ནི།
བཞི་པ་ཕ་རོལ་ཕྱིན་པའི་རྣམ་དབྱེ་བསྟན་པ་ནི།
གཉིས་པ་ངེས་ཚིག་གི་སྒོ་ནས་ཡོན་ཏན་བསྡུས་ཏེ་བསྟན་པ་ནི།
༈ སེམས་བསྐྱེད་པ་གསུམ་པ་ལ་ལྔ་སྟེ། ངེས་ཚིག་སྒོ་ནས་ས་ཡི་ངོ་བོ་བསྟན། །ཕར་ཕྱིན་ལྷག་པའི་ཡོན་ཏན་རྒྱས་པར་བཤད། །ས་དེར་ཡོན་ཏན་གཞན་ཡང་འཐོབ་པའི་ཚུལ། །ཕར་ཕྱིན་དང་པོ་གསུམ་གྱི་རྟེན་ཚོགས་འབྲས་བུ་དང་བཅས་པ་བཤད་པ། སའི་ཡོན་ཏན་བརྗོད་དེ་མཇུག་སྡུད་བསྟན་པའོ། །དང་པོ་(ངེས་ཚིག་སྒོ་ནས་ས་ཡི་ངོ་བོ་བསྟན་པ་)ནི།
གཉིས་པ་ཕར་ཕྱིན་ལྷག་པའི་ཡོན་ཏན་རྒྱས་པར་བཤད་པ་ལ་ལྔའི། དང་པོ་ས་འདིར་བཟོད་པ་ལྷག་ཚུལ་ལའང་གཉིས་ལས། དང་པོ་སྙིང་རྗེའི་སྒོ་ནས་བཟོད་པ་ལྷག་ཚུལ་ནི།
གཉིས་པ་ལྟ་བའི་སྒོ་ནས་བཟོད་པ་ལྷག་ཚུལ་ནི།
གཉིས་པ་མི་བཟོད་པའི་ཉེས་དམིགས་བསྟན་པ་ལ་བཞི་ལས། དང་པོ་དོན་མེད་ཅིང་རྣམ་སྨིན་ཡིད་དུ་མི་འོང་པ་འཕེན་པ་ནི།
གཉིས་པ་ཕན་བྱེད་གནོད་པར་བསྒྱུར་བར་བསྟན་པ་ནི།
གསུམ་པ་སྔོན་བསགས་བསོད་ནམས་འཛད་པར་བྱེད་པ་ནི།
བཞི་པ་འདི་དང་ཕྱི་མར་འབྱུང་བའི་ཉེས་དམིགས་བསྟན་པ་ནི།
གསུམ་པ་བཟོད་པའི་ཡོན་ཏན་རབ་ཏུ་བསྟན་པ་ནི།
བཞི་པ་དེས་ན་བཟོད་པ་བསྟེན་པར་གདམས་པ་ནི།
ལྔ་པ་ཕ་རོལ་ཕྱིན་པའི་རྣམ་དབྱེ་བཤད་པ་ནི།
གསུམ་པ་ས་དེར་ཡོན་ཏན་གཞན་ཡང་འཐོབ་པའི་ཚུལ་ནི།
བཞི་པ་ཕར་ཕྱིན་དང་པོ་གསུམ་གྱི་རྟེན་ཚོགས་འབྲས་བུ་དང་བཅས་པ་བཤད་པ་ནི།
ལྔ་པ་སའི་ཡོན་ཏན་བརྗོད་དེ་མཇུག་སྡུད་བསྟན་པ་ནི།
༈ སེམས་བསྐྱེད་པ་བཞི་པ་ལ་གསུམ་ལས། དང་པོ་བརྩོན་འགྲུས་ཀྱི་ཆེ་བའི་ཡོན་ཏན་བརྗོད་པ་ནི།
གཉིས་པ་སའི་ངེས་ཚིག་བསྟན་པ་ནི།
གསུམ་པ་ས་དེའི་སྤངས་པའི་ཁྱད་པར་རྣམ་པར་གཞག་པ་ནི།
༈ སེམས་བསྐྱེད་པ་ལྔ་པ་ལ་གཉིས་ལས། དང་པོ་སའི་ངེས་ཚིག་བསྟན་པ་ནི།
གཉིས་པ་ཕར་ཕྱིན་ལྷག་པ་ནི།
༈ སེམས་བསྐྱེད་པ་དྲུག་པ་ལ་བཞི་སྟེ། ཤེར་ཕྱིན་ལྷག་པས་འགོག་པ་འཐོབ་པར་བསྟན། །ཞར་ལ་ཤེར་ཕྱིན་ཉིད་ཀྱི་ཆེ་བ་བརྗོད། །ཤེར་ཕྱིན་དེ་ལ་འཇུག་ཚུལ་གཏན་ལ་དབབ། །ཚུལ་དེས་བསྟན་པའི་ཡོན་ཏན་བསྡུས་ཏེ་བསྟན་པའོ། །དང་པོ་(ཤེར་ཕྱིན་ལྷག་པས་འགོག་པ་འཐོབ་པར་བསྟན་པ་)ནི།
གཉིས་པ་ཞར་ལ་ཤེར་ཕྱིན་གྱི་ཆེ་བ་བརྗོད་པ་ནི།
གསུམ་པ་ཤེར་ཕྱིན་དེ་ལ་འཇུག་ཚུལ་གཏན་ལ་དབབ་པ་ལ་གསུམ་ལས། དང་པོ་ཟབ་མོའི་དོན་བསྟན་པར་དམ་བཅའ་བ་ནི།
གཉིས་པ་གང་ལ་བཤད་པའི་སྣོད་ལ་གཉིས་ལས། དང་པོ་རུང་བའི་སྣོད་ངོས་གཟུང་བ་ནི།
གཉིས་པ་དེ་ལ་བཤད་ན་ཡོན་ཏན་འབྱུང་བའི་ཚུལ་གྱིས་ཉན་པར་བསྐུལ་བ་ལ་གཉིས་ལས། དང་པོ་ཀུན་རྫོབ་ཐབས་ཀྱི་ཡོན་ཏན་འབྱུང་ཚུལ་ནི།
གཉིས་པ་དོན་དམ་ཡེ་ཤེས་ཀྱི་ཡོན་ཏན་འབྱུང་བའི་ཚུལ་ནི།
གསུམ་པ་བཤད་བྱའི་སྟོང་ཉིད་དངོས་གཏན་ལ་དབབ་པ་ལ་གཉིས་ཏེ། ཐུན་མོང་ཐེག་པས་རྟོགས་བྱའི་སྟོང་ཉིད་བཤད་པ་དང༌། ཐེག་པ་ཆེན་པོས་རྟོགས་བྱའི་སྟོང་ཉིད་བཤད་པའོ། །དང་པོ་(ཐུན་མོང་ཐེག་པས་རྟོགས་བྱའི་སྟོང་ཉིད་བཤད་པ་)ལ་གཉིས་ཏེ། རྟེན་འབྲེལ་ཆོས་ཀྱི་བདག་མེད་པའི་སྒོ་ནས་བཤད་པ་དང༌། རྟེན་འབྲེལ་གང་ཟག་བདག་མེད་པའི་སྒོ་ནས་བཤད་པའོ། །དང་པོ་(རྟེན་འབྲེལ་ཆོས་ཀྱི་བདག་མེད་པའི་སྒོ་ནས་བཤད་པ་)ལ་གསུམ་སྟེ། རང་བཞིན་གྱིས་སྐྱེ་བ་རིགས་པས་དགག་པ་དང༌། དེའི་ཕྱིར་སྐྱེ་བ་བརྟེན་ནས་འབྱུང་ཙམ་གྱི་དོན་དུ་རིགས་པས་གྲུབ་ཚུལ། མཐའ་གཉིས་སྤངས་པའི་རྟེན་འབྲེལ་རྟོགས་པའི་ཕན་ཡོན་བཤད་པའོ། །དང་པོ་(རང་བཞིན་གྱིས་སྐྱེ་བ་རིགས་པས་དགག་པ་)ལ་གཉིས་ཏེ། མཐའ་བཞིའི་སྐྱེ་བ་བདེན་པ་གཉིས་ཆར་དགག་པ་དང༌། རང་གཞན་སྡེ་བའི་རྩོད་པ་སྤང་བའོ། །དང་པོ་(མཐའ་བཞིའི་སྐྱེ་བ་བདེན་པ་གཉིས་ཆར་དགག་པ་)ལ་གསུམ་སྟེ། དམ་བཅའ་མདོར་བསྟན་པ་དང༌། རིགས་པས་རྒྱས་པར་བཤད་པ། དེ་ལྟར་གྲུབ་པའི་དོན་གྱི་མཇུག་བསྡུ་བའོ། །དང་པོ་(དམ་བཅའ་མདོར་བསྟན་པ་)ནི།
གཉིས་པ་རིགས་པས་རྒྱས་པར་བཤད་པ་ལ་བཞི། བདག་ལས་སྐྱེ་བ་དགག་པ། གཞན་ལས་སྐྱེ་བ་དགག་པ། གཉིས་ཀ་ལས་སྐྱེ་བ་དགག་པ། རྒྱུ་མེད་ལས་སྐྱེ་བ་དགག་པའོ། །དང་པོ་ལ་གཉིས། འགྲེལ་བར་མཛད་པའི་རིགས་པས་དགག་པ་དང༌། བསྟན་བཅོས་མཛད་པའི་རིགས་པས་དགག་པའོ། །དང་པོ་ལའང་གསུམ་སྟེ། དེ་ཁོ་ན་ཉིད་དུ་བདག་སྐྱེ་དགག་པ། ཐ་སྙད་དུ་བདག་སྐྱེ་དགག་པ། དེ་གཉིས་ཀའི་གྲུབ་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། གྲགས་པའི་དོན་མི་རུང་བར་ཐལ་བས་དགག་པ། མ་གྲགས་པའི་དོན་ཐོབ་པར་ཐལ་བས་དགག་པའོ། །དང་པོ་ལའང་གསུམ་ལས། དང་པོ་སྐྱེ་བ་དོན་མེད་དུ་ཐལ་བས་དགག་པ་ནི།
གཉིས་པ་སྐྱེ་བ་མི་རིགས་པས་དགག་པ་ནི།
གསུམ་པ་འབྲས་བུ་སྐྱེ་བའི་སྐབས་མི་འཐོབ་པར་ཐལ་བས་དགག་པ་ནི།
གཉིས་པ་ལྟར་ནའང་སྔར་གྱི་སྐྱོན་ལས་མ་འདས་སོ། །གཉིས་པ་མ་གྲགས་པའི་དོན་ཐོབ་པར་ཐལ་བས་དགག་པ་ལ་གསུམ་སྟེ། སྐྱེ་བ་ཐུག་མེད་དུ་ཐལ་བ། རྒྱུ་འབྲས་ངོ་བོ་འཆོལ་བར་ཐལ་བ། ཕན་ཚུན་རྟོགས་པ་མཚུངས་པར་ཐལ་བའོ། །དང་པོ་ས་བོན་ཐུག་མེད་དུ་སྐྱེ་བར་ཐལ་བས་དགག་པ་ནི།
གཉིས་པ་རྒྱུ་འབྲས་ངོ་བོ་འཆོལ་བར་ཐལ་བ་ལ་གཉིས་ལས། དང་པོ་རྒྱུ་འབྲས་མི་འགྱུར་བར་ཐལ་བས་དགག་པ་ནི།
གཉིས་པ་དེས་ན་དབྱིབས་སོགས་ཐ་དད་མེད་པར་ཐལ་བས་དགག་པ་ནི།
གསུམ་པ་ཕན་ཚུན་རྟོགས་པ་མཚུངས་པར་ཐལ་བས་དགག་པ་ནི།
གཉིས་པ་འཇིག་རྟེན་གྱི་ཐ་སྙད་དུའང་བདག་སྐྱེ་མེད་པར་སྟོན་པ་ནི།
གསུམ་པ་གྲུབ་དོན་བསྡུ་བ་ནི།
གཉིས་པ་བསྟན་བཅོས་རྩ་ཤེས་ཀྱི་རིགས་པས་དགག་པ་ནི།
གཉིས་པ་གཞན་སྐྱེ་འགོག་པ་ལ་གསུམ་སྟེ། བདེན་པ་གཉིས་ལ་ལྟོས་པའི་གཞན་སྐྱེ་དགག་པ། དེ་ལྟར་བཀག་པའི་ཕན་ཡོན་རྣམ་གཉིས་བསྟན་པ། གཞན་སྐྱེའི་སྒྲུབ་བྱེད་རྣམ་རིག་གི་གྲུབ་མཐའ་བཟློག་པའོ། །དང་པོ་ལ་གཉིས་ཏེ། དོན་དམ་དུ་གཞན་ལས་སྐྱེ་བ་དགག་པ། ཀུན་རྫོབ་ཏུ་གཞན་ལས་སྐྱེ་བ་དགག་པའོ། །དང་པོ་ལ་གཉིས། གནོད་བྱེད་ཀྱི་རིགས་པ་བརྗོད་པ་དང༌། བཀག་པ་ལ་འཇིག་རྟེན་གྱིས་གནོད་པ་སྤང་བའོ། །དང་པོ་ལའང་གསུམ། ཧ་ཅང་ཐལ་བའི་གནོད་བྱེད་བརྗོད་པ། དུས་ལ་བརྟགས་ཏེ་གཞན་སྐྱེ་དགག་པ། འབྲས་བུའི་མུ་བཞིར་བརྟགས་ཏེ་གཞན་སྐྱེ་དགག་པའོ། །དང་པོ་ལ་གཉིས་ཀྱི། དང་པོ་རིགས་མི་མཐུན་ལས་སྐྱེ་བར་ཐལ་བ་ནི།
གཉིས་པ་སྐྱེ་བ་ངེས་པ་མེད་པར་ཐལ་བ་ལ་གཉིས་ལས། དང་པོ་ཐལ་བ་དངོས་ནི།
གཉིས་པ་སྐྱོན་སྤང་ལ་གཉིས་ལས། དང་པོ་རྩོད་པ་དགོད་པ་ནི།
གཉིས་པ་དེ་དགག་པ་ནི།
གཉིས་པ་དུས་ལ་བཏགས་ཏེ་གཞན་སྐྱེ་དགག་པ་ལ་གཉིས། རྒྱུ་འབྲས་སྔ་ཕྱི་བ་ལ་གཞན་སྐྱེ་དགག་པ་དང༌། རྒྱུ་འབྲས་དུས་མཉམ་པ་ལ་གཞན་སྐྱེ་དགག་པའོ། །དང་པོ་(རྒྱུ་འབྲས་སྔ་ཕྱི་བ་ལ་གཞན་སྐྱེ་དགག་)ལ་གཉིས་ཀྱི། དང་པོ་དགག་པ་དངོས་ནི།
གཉིས་པ་རྩོད་པ་སྤོང་བ་ལ་གཉིས་ལས། དང་པོ་གཞན་འདོད་དགོད་པ་ནི།
གཉིས་པ་དེ་དགག་པ་ནི།
གཉིས་པ་རྒྱུ་འབྲས་དུས་མཉམ་པ་ལ་གཞན་སྐྱེ་དགག་པ་ནི།
གསུམ་པ་འབྲས་བུའི་མུ་བཞིར་དཔྱད་ནས་གཞན་སྐྱེ་དགག་པ་ནི།
གཉིས་པ་དེ་ལྟར་བཀག་པ་ལ་འཇིག་རྟེན་གྱིས་གནོད་པ་སྤང་བ་ལ་གཉིས་ལས། དང་པོ་རྩོད་པ་དགོད་པ་ནི།
རིག༷ས་པས་འཐད་པ་ཉེ་བར་འགོད་པ་ན་མངོན་སུམ་དུ་གྱུར་མ་གྱུར་གཉིས་ལས་གཉིས་པ་ལ་འགོད་པ་ཡིན་ལ། དང་པོ་ནི།
གཉིས་པ་དེ་དགག་པ་གསུམ་སྟེ། འཇིག་རྟེན་ཚད་མ་དགག་ཕྱིར་བདེན་གཉིས་ཀྱི་རྣམ་དབྱེ་བསྟན་པ། དེས་ན་དེ་ཉིད་སྐབས་སུ་འཇིག་རྟེན་གྱིས་མི་གནོད་ཚུལ། འཇིག་རྟེན་ཉིད་ཀྱིས་གནོད་པའི་ཡུལ་གྱི་ཁྱད་པར་བཤད་པའོ། །དང་པོ་(འཇིག་རྟེན་ཚད་མ་དགག་ཕྱིར་བདེན་གཉིས་ཀྱི་རྣམ་དབྱེ་བསྟན་པ་)ནི།
དེ་ལ་རེ་ཞིག་བདེན་པ་གཉིས་ཀྱི་རྣམ་གཞག་འཆད་པ་ལ་གཉིས་ལས། དང་པོ་མཚན་ཉིད་སྤྱིར་བསྟན་པ་ནི།
གཉིས་པ་མཚན་གཞི་སོ་སོར་རྒྱས་པར་བཤད་པ་ལ་གཉིས། ཀུན་རྫོབ་བདེན་པ་དབྱེ་བའི་སྒོ་ནས་བཤད་པ། དོན་དམ་བདེན་པ་དཔེའི་སྒོ་ནས་བཤད་པའོ། །དང་པོ་(ཀུན་རྫོབ་བདེན་པ་དབྱེ་བའི་སྒོ་ནས་བཤད་)ལ་གཉིས་ཏེ། སོ་སྐྱེའི་བློ་ལ་ལྟོས་པའི་དབྱེ་བ་དང༌། སྐྱེ་འཕགས་གཉིས་ལ་ལྟོས་པའི་དབྱེ་བའོ། །དང་པོ་(སོ་སྐྱེའི་བློ་ལ་ལྟོས་པའི་དབྱེ་བ་)ལ་བཞི་སྟེ། ཡུལ་ཅན་མཐོང་བ་རྫུན་པ་གཉིས་སུ་དབྱེ་བ། ཚུལ་དེས་ཡུལ་ལའང་ཡང་ལོག་གཉིས་སུ་གྲུབ་པ། གཉིས་པོ་འཇིག་རྟེན་ལས་ཀྱང་མེད་པར་བསྟན་པ། དེ་ཉིད་དཔེའི་སྒོ་ནས་ལན་ལ་སྦྱར་བའོ། །དང་པོ་(ཡུལ་ཅན་མཐོང་བ་རྫུན་པ་གཉིས་སུ་དབྱེ་བ་)ནི།
གཉིས་པ་(ཚུལ་དེས་ཡུལ་ལའང་ཡང་ལོག་གཉིས་སུ་གྲུབ་པ་)ནི།
གསུམ་པ་(ཚུལ་དེས་ཡུལ་ལའང་ཡང་ལོག་གཉིས་སུ་གྲུབ་པ་)ནི།
བཞི་པ་དེ་ཉིད་དཔེའི་སྒོ་ནས་ལན་ལ་སྦྱར་བ་ནི།
གཉིས་པ་སྐྱེ་འཕགས་གཉིས་ལ་ལྟོས་པའི་དབྱེ་བ་ནི།
གཉིས་པ་དོན་དམ་བདེན་པ་དཔེའི་སྒོ་ནས་བསྟན་པ་ནི།
གཉིས་པ་དེས་ན་དེ་ཁོ་ན་ཉིད་དུ་འཇིག་རྟེན་ཚད་མར་མི་རིགས་པར་བསྟན་པ་ལ་གཉིས་ལས། དང་པོ་འཇིག་རྟེན་ཚད་མ་ཡིན་ན་འཕགས་ལམ་དོན་མེད་དུ་ཐལ་བ་ནི།
གཉིས་པ་དེས་ན་ཚད་མིན་གྱིས་ཚད་མར་མི་གནོད་པར་བསྟན་པ་ནི།
གཉིས་པ་འཇིག་རྟེན་དེ་ཉིད་ཀྱིས་གནོད་པའི་ཡུལ་གྱི་ཁྱད་པར་བཤད་པ་ནི།
གཉིས་པ་ཀུན་རྫོབ་ཏུའང་རང་བཞིན་གྱིས་གཞན་སྐྱེ་མེད་པར་སྟོན་པ་ནི།
གཉིས་པ་དེ་ལྟར་བཀག་པའི་ཕན་ཡོན་རྣམ་གཉིས་བསྟན་པ་ལ་གཉིས་ཏེ། རྟག་ཆད་གཉིས་ལས་གྲོལ་བའི་ཡོན་ཏན་དང༌། ལས་ཀྱི་འབྲས་བུ་འཐད་པའི་ཡོན་ཏན་ནོ། །དང་པོ་(རྟག་ཆད་གཉིས་ལས་གྲོལ་བ་)ལ་གསུམ། རྟག་ཆད་གཉིས་ལས་གྲོལ་བའི་ཚུལ། དེའི་འཐད་པ་རྒྱས་པར་བཤད་པ། བཤད་པ་གྲུབ་པའི་མཇུག་སྡུད་བསྟན་པའོ། །དང་པོ་(རྟག་ཆད་གཉིས་ལས་གྲོལ་བའི་ཚུལ་)ནི།
གཉིས་པ་དེའི་འཐད་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། དོན་དམ་གཟིགས་ངོར་རང་བཞིན་མེད་ཚུལ། ཐ་སྙད་དུ་རང་བཞིན་མེད་ཚུལ་ལོ། །དང་པོ་(དོན་དམ་གཟིགས་ངོར་རང་བཞིན་མེད་ཚུལ་)ནི།
གཉིས་པ་ཐ་སྙད་དུ་རང་བཞིན་མེད་ཚུལ་ལ་གསུམ་ལས། དང་པོ་ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བས་དགག་པ་ནི།
གཉིས་པ་དོན་དམ་རིགས་པས་ཀུན་རྫོབ་སྐྱེ་མེད་དུ་གྲུབ་ཚུལ་ནི།
གསུམ་པ་དེ་ལྟར་བཤད་པའི་རྩོད་སྤོང་ནི།
གསུམ་པ་བཤད་པ་གྲུབ་པའི་མཇུག་སྡུད་བསྟན་པ་ནི།
གཉིས་པ་ལས་ཀྱི་འབྲས་བུ་འཐད་པའི་ཡོན་ཏན་ལ་གསུམ་སྟེ། ཀུན་གཞི་མེད་ཀྱང་ལས་འབྲས་ཆུད་མི་ཟ། །དེ་ལ་ཧ་ཅང་ཐལ་བ་རྣམ་གཉིས་སྤངས། །ཀུན་གཞི་སོགས་གསུངས་དྲང་དོན་ཉིད་དུ་བསྟན་པའོ། །དང་པོ་(ཀུན་གཞི་མེད་ཀྱང་ལས་འབྲས་ཆུད་མི་ཟ་བ་)ལ་གཉིས་ཏེ། དངོས་ཀྱི་དོན་དང༌། དེ་ཉིད་དཔེས་བཤད་པའོ། །དང་པོ་ཀུན་གཞི་སོགས་མེད་ཀྱང་ལས་འགགས་པ་ལས་འབྲས་བུ་འབྱིན་ནུས་པའི་ཚུལ་ནི།
གཉིས་པ་དེ་ཉིད་དཔེའི་སྒོ་ནས་གསལ་བར་བྱེད་པ་ནི།
གཉིས་པ་ཧ་ཅང་ཐལ་བ་སྤང་བ་ལ་གཉིས། རྣམ་སྨིན་ཐུག་མེད་དུ་ཐལ་བ་སྤང༌། རྣམ་སྨིན་ངེས་པ་མེད་པར་ཐལ་བ་སྤང་བའོ། །དང་པོ་(རྣམ་སྨིན་ཐུག་མེད་དུ་ཐལ་བ་སྤང༌་)ནི།
གཉིས་པ་རྣམ་སྨིན་མ་ངེས་པར་ཐལ་བ་སྤང་བ་ནི།
གསུམ་པ་ཀུན་གཞི་སོགས་གསུངས་པའི་ལུང་དྲང་དོན་དུ་བསྟན་པ་ལ་གཉིས། དངོས་དང༌། དེ་དག་དཔེའི་སྒོ་ནས་བསྟན་པའོ། །དང་པོ་(དངོས་)ནི།
གཉིས་པ་དེ་དག་དཔེའི་སྒོ་ནས་བསྟན་པ་ནི།
གསུམ་པ་གཞན་སྐྱེ་སྒྲུབ་བྱེད་རྣམ་རིག་གི་གྲུབ་མཐའ་དགག་པ་ལ་གསུམ། ཕྱི་རོལ་མེད་པའི་ཤེས་པ་རང་བཞིན་གྱིས་གྲུབ་པ་དགག །གཞན་དབང་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་ཚད་མ་དགག །སེམས་ཙམ་དུ་གསུངས་པ་ཙམ་གྱི་སྒྲས་ཕྱི་དོན་འགོག་པ་མིན་པར་བསྟན་པའོ། །དང་པོ་(ཕྱི་རོལ་མེད་པའི་ཤེས་པ་རང་བཞིན་གྱིས་གྲུབ་པ་དགག་པ་)ལ་གཉིས། གཞན་ལུགས་བརྗོད་པ་དང༌། ལུགས་དེ་དགག་པའོ། །དང་པོ་(གཞན་ལུགས་བརྗོད་པ་)ནི།
གཉིས་པ་འགོག་བྱེད་ཀྱི་རིགས་པ་འཆད་པ་ལ་གཉིས། དགག་པ་རྒྱས་པ་བརྗོད་པ་དང༌། དེ་ལྟར་བཀག་པའི་མཇུག་བསྡུ་བའོ། །དང་པོ་(དགག་པ་རྒྱས་པ་བརྗོད་པ་)ལ་གསུམ། ཕྱི་རོལ་མེད་པའི་ཤེས་པ་རང་བཞིན་གྱིས་གྲུབ་པའི་དཔེ་དགག །བག་ཆགས་ཀྱི་ནུས་པ་ལས་དོན་གྱིས་སྟོང་པའི་ཤེས་པ་སྐྱེ་བའི་དོན་དགག །དེ་ལྟར་བཀག་པ་དང་མི་སྡུག་བསྒོམ་པ་གཉིས་མི་འགལ་བར་བསྟན་པའོ། །དང་པོ་(ཕྱི་རོལ་མེད་པའི་ཤེས་པ་རང་བཞིན་གྱིས་གྲུབ་པའི་དཔེ་དགག་པ་)ལ་གཉིས། རྨི་ལམ་གྱི་དཔེས་དགག་པ། སྐྲ་ཤད་མཐོང་བའི་དཔེས་དགག་པའོ། །དང་པོ་རྨི་ལམ་གྱི་དཔེས་ཤེས་པ་རང་བཞིན་གྱིས་ཡོད་པ་མི་འགྲུབ་པར་བསྟན་པ་ནི།
གཉིས་པ་རྨི་ལམ་གྱི་དཔེས་སད་དུས་ཀྱི་ཕྱི་དོན་མེད་པར་མི་འགྲུབ་པར་བསྟན་པ་ལ་འདོད་པ་དགོད་པ་ནི།
གསུམ་པ་དེའི་ཕྱིར་ན་རྨི་ལམ་གྱི་དཔེས་དངོས་པོ་ཐམས་ཅད་རྫུན་པར་འགྲུབ་ཚུལ་ནི།
གཉིས་པ་སྐྲ་ཤད་ཀྱི་དཔེ་དགག་པ་ནི།
གཉིས་པ་བག་ཆགས་ཀྱི་ནུས་པ་སྨིན་པ་ལས་དོན་སྣང་གི་ཤེས་པ་སྐྱེ་ཚུལ་དགག་པ་ལ་གསུམ། བག་ཆགས་སྨིན་མ་སྨིན་ཉིད་ལས་དོན་སྣང་གི་རྣམ་ཤེས་སྐྱེ་བ་དང་མི་སྐྱེ་བ་དགག་པ། སླར་ཡང་ཕྱི་རོལ་མེད་པར་རྣམ་ཤེས་ཡོད་ཚུལ་བརྗོད་པ་དགག་པ། དེ་བཀག་པ་ལ་ལུང་གིས་གནོད་པ་མེད་པར་བསྟན་པའོ། །དང་པོ་ལ་ཕྱོགས་སྔའི་འདོད་པ་བརྗོད་པ་ནི།
དེ་འགོག་བྱེད་ཀྱི་རིགས་པ་ལ་གཉིས་ལས། དང་པོ་མདོར་བསྟན་པ་ནི།
གཉིས་པ་རྒྱས་པར་དགག་པ་ལ་གསུམ་ལས། དང་པོ་ད་ལྟ་བའི་ནུས་པ་དགག་པ་ནི།
གཉིས་པ་མ་འོངས་པའི་ནུས་པ་དགག་པ་ནི།
གསུམ་པ་འདས་པ་ལ་ནུས་པ་དགག་པ་ནི།
གཉིས་པ་བག་ཆགས་ཀྱི་ནུས་པ་སྨིན་པ་ལས་དོན་གྱིས་སྟོང་པའི་ཤེས་པ་སྐྱེ་བ་དགག་པ་ལ་གཞན་ལུགས་བརྗོད་པ་ནི།
དེ་དགག་པ་ལ་བཞི་ལས། དང་པོ་ཕྱི་རོལ་མེད་པར་ཤེས་པ་ཁོ་ན་དོན་སྣང་གི་རྣམ་པར་སྐྱེ་ན་སད་དུས་སུ་ལོང་བ་ལ་གཟུགས་སྣང་བར་ཐལ་བས་དགག་པ་ནི།
གཉིས་པ་སད་དུས་ཀྱི་ལོང་བ་དེ་ནུས་པ་མ་སྨིན་པ་ལ་འདོད་ན་རྨི་ལམ་གྱི་ཚེའང་གཟུགས་སྣང་མི་སྐྱེ་བར་ཐལ་བས་དགག་པ་ནི།
གསུམ་པ་དེས་ན་ཡུལ་དབང་ཤེས་གསུམ་བདེན་རྫུན་མཉམ་པར་བསྟན་པ་ནི།
བཞི་པ་སེམས་ཙམ་པ་ལ་རིགས་པའི་སྒྲུབ་བྱེད་མེད་པར་བསྟན་པ་ནི།
གསུམ་པ་ལུང་གི་སྒྲུབ་བྱེད་མེད་པར་བསྟན་པ་ནི།
གསུམ་པ་དེ་ལྟར་བཀག་པ་དང་མི་སྡུག་པ་སྒོམ་པ་གཉིས་མི་འགལ་བར་བསྟན་པ་ནི།
གཉིས་པ་མཇུག་བསྡུ་བ་ནི།
གཉིས་པ་གཞན་དབང་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་ཚད་མ་དགག་པ་ལ་བཞི། གཞན་དབང་གི་སྒྲུབ་བྱེད་རང་རིག་དགག་པ། སེམས་ཙམ་པའི་ལུགས་བདེན་གཉིས་ལས་ཉམས་པར་བསྟན་པ། དེས་ན་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་རིགས་པ། གཞན་དབང་དང་འཇིག་རྟེན་པའི་ཐ་སྙད་འགོག་པ་གཉིས་མི་མཚུངས་པར་བསྟན་པའོ། །དང་པོ་ལ་བཞི་ལས། དང་པོ་གཞན་དབང་རང་བཞིན་གྱིས་གྲུབ་པ་དགག་པ་ལ་དེའི་སྒྲུབ་བྱེད་དྲི་བའི་ཚུལ་གྱིས་དགག་པ་མདོར་བསྟན་པ་ནི།
གཉིས་པ་དེ་འཐད་པའི་གཞན་གྱི་ལན་དགག་པ་ལ་གསུམ་ལས། དང་པོ་རང་རིག་རྗེས་དཔག་གི་སྒོ་ནས་མི་འགྲུབ་པའི་ཚུལ་ནི།
གཉིས་པ་རང་ལུགས་ལ་རང་རིག་མེད་ཀྱང་དྲན་པ་སྐྱེ་བར་འཐད་པ་ནི།
གསུམ་པ་རིགས་པ་གཞན་གྱིས་ཀྱང་རང་རིག་མི་འགྲུབ་པའི་ཚུལ་ནི།
བཞི་པ་གཞན་དབང་རང་བཞིན་གྱིས་གྲུབ་པ་མོ་གཤམ་གྱི་བུ་དང་མཚུངས་པར་བསྟན་པ་ནི།
གཉིས་པ་དེས་ན་རྣམ་རིག་པའི་ལུགས་བདེན་པ་གཉིས་ཆར་ལས་ཉམས་པར་བསྟན་པ་ནི།
གསུམ་པ་དེས་ན་ཀླུ་སྒྲུབ་ཀྱི་ལུགས་ཁོ་ནའི་རྗེས་སུ་འབྲང་རིགས་པར་བསྟན་པ་ནི།
བཞི་པ་གཞན་དབང་བདེན་གྲུབ་ཏུ་ཁས་ལེན་པ་དང་ཐ་སྙད་ཙམ་དུ་ཁས་ལེན་པ་མི་མཚུངས་པར་བསྟན་པ་ནི།
གསུམ་པ་སེམས་ཙམ་དུ་གསུངས་པའི་ལུང་གི་དོན་བཤད་པ་ལ་གསུམ་ལས། དང་པོ་མདོ་སྡེ་ས་བཅུ་པ་ལས་གསུངས་པའི་ལུང་གི་དོན་བཤད་པ་ནི།
གཉིས་པ་དོན་འདི་ཉིད་མདོ་གཞན་གྱིས་ཀྱང་བསྟན་པ་ནི།
གསུམ་པ་ཙམ་གྱི་སྒྲས་སེམས་གཙོ་བོར་བསྒྲུབ་པ་ནི།
གཉིས་པ་གཟུགས་སེམས་ཡོད་མེད་མཚུངས་པར་བསྟན་པ་ནི།
གསུམ་པ་ལང་གཤེགས་ལས་གསུངས་པའི་དགོངས་པ་བཤད་པ་ལ་གཉིས། ཕྱི་རོལ་མེད་པའི་སེམས་ཙམ་དུ་གསུངས་པ་དང༌། དོན་དུ་བསྟན་པ་མདོའི་དྲང་ངེས་ཀྱི་དོན་རྟོགས་པའི་ཐབས་བསྟན་པའོ། །དང་པོ་(ཕྱི་རོལ་མེད་པའི་སེམས་ཙམ་དུ་གསུངས་པ་)ལ་གཉིས། དྲང་དོན་དུ་ལུང་གིས་བསྟན་པ། རིགས་པས་བསྟན་པའོ། །དང་པོ་(དྲང་དོན་དུ་ལུང་གིས་བསྟན་པ་)ནི།
གཉིས་པ་རིགས་པས་བསྟན་པ་ནི།
གཉིས་པ་དོན་དུ་བསྟན་པ་མདོ་སྡེ་རྣམས་ཀྱི་དྲང་ངེས་རྟོགས་པའི་ཐབས་བསྟན་པ་ནི།
གསུམ་པ་གཉིས་ཀ་ལས་སྐྱེ་བ་དགག་པ་ལ་གོང་གི་རིགས་པས་ཁེགས་པའི་ཚུལ་བསྟན་པ་ནི།
བཞི་པ་རྒྱུ་མེད་ལས་སྐྱེ་བ་དགག་པ་ལ་དྲུག་ལས། དང་པོ་རྟག་ཏུ་ཡོད་པ་དང་ཐམས་ཅད་ལས་བྱུང་བར་ཐལ་བས་དགག་པ་ནི།
གཉིས་པ་འབྲས་བུའི་ཆེད་དུ་རྒྱུ་མི་སོག་པར་ཐལ་བས་དགག་པ་ནི།
གསུམ་པ་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་ནམ་མཁའི་མེ་ཏོག་ལྟར་རྟག་ཏུ་མེད་པར་ཐལ་བས་དགག་པ་ནི།
བཞི་པ་འཇིག་རྟེན་ཕ་རོལ་མེད་པར་དགག་པ་ནི།
ལྔ་པ་བློ་དེ་འདྲ་བ་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ཡིན་པར་བསྒྲུབ་པ་ནི།
དྲུག་པ་མཐའ་བཞིའི་སྐྱེ་བ་བཀག་པའི་གྲུབ་དོན་བསྡུ་བ་ནི།
གཉིས་པ་རང་གཞན་སྡེ་པའི་རྩོད་པ་སྤང་བ་ལ་གཉིས་ཏེ། བྱིས་པས་མཐོང་བའི་དོན་དང་འགལ་བ་སྤང༌། །ཐ་སྙད་དུ་ཡང་མེད་པར་ཐལ་བ་སྤང་བའོ། །དང་པོ་(བྱིས་པས་མཐོང་བའི་དོན་དང་འགལ་བ་སྤང༌པ་)ནི།
གཉིས་པ་ཐ་སྙད་དུ་ཡང་མེད་པར་ཐལ་བ་སྤང་བ་ལ་གཉིས་ལས། དང་པོ་ནི།
གཉིས་པ་རང་སྡེ་རང་ལ་གྲགས་པའི་དཔེ་ཡིས་དགག་པ་ནི།
གཉིས་པ་མཐའ་བཞིར་མི་སྐྱེ་བའི་གནད་ཀྱིས་ཆོས་རྣམས་རྟེན་འབྱུང་ཙམ་དུ་བསྟན་པ་ནི།
གསུམ་པ་མཐའ་གཉིས་སྤངས་པའི་རྟེན་འབྲེལ་རྟོགས་པའི་ཕན་ཡོན་བཤད་པ་ལ་བཞི་ལས། དང་པོ་རྟེན་འབྱུང་གི་རིགས་པ་དེ་ཡིས་ལྟ་ངན་མ་ལུས་པ་གཅོད་པའི་བསྔགས་པ་ནི།
གཉིས་པ་རྟེན་འབྲེལ་རྟོགས་པས་རྟོག་པ་མ་ལུས་ལྡོག་པ་ནི།
གསུམ་པ་དེ་ལྟར་རྟོག་པའི་འབྲས་བུ་བསྟན་པ་ནི།
བཞི་པ་དེ་ཁོ་ན་ཉིད་དཔྱོད་པ་ལ་སྐྱོན་མེད་པས་ན་དགོས་ཚུལ་བསྟན་པ་ནི།
གཉིས་པ་རྟེན་འབྲེལ་གང་ཟག་གི་བདག་མེད་པའི་སྒོ་ནས་བཤད་པ་ལ་གཉིས་ལས། དང་པོ་བདག་ལྟའི་ཞེན་ཡུལ་འགོག་པའི་དགོས་པ་བསྟན་པ་ནི།
གཉིས་པ་ལ་གསུམ་སྟེ། གང་ཟག་རྫས་ཡོད་རིགས་པས་དཔྱད་ནས་དགག །བརྟེན་ནས་བཏགས་པའི་གང་ཟག་རྣམ་པར་གཞག །རིགས་པའི་ཚུལ་དེ་དངོས་པོ་ཀུན་ལ་བསྒྲེ་བའོ། །དང་པོ་ལ་གཉིས་ཏེ། གང་ཟག་རྣམ་ལྔར་གྲུབ་པ་དགག །བརྗོད་དུ་མེད་པའི་གང་ཟག་དགག་པའོ། །དང་པོ་ལ་གཉིས་ཏེ། འགོག་བྱེད་རིགས་པ་རྒྱས་པར་བཤད། བསྡུས་ཏེ་འཇིག་ལྟའི་གྲངས་ངེས་བཤད་པའོ། །དང་པོ་ལ་བཞི་སྟེ། བདག་ཕུང་གཞན་དུ་གྲུབ་པ་དགག །བདག་ཕུང་གཅིག་ཏུ་གྲུབ་པ་དགག །རྟེན་དང་བརྟེན་པར་གྲུབ་པ་དགག །བདག་ལ་ཕུང་པོ་ལྡན་པ་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི།
གཉིས་པ་ལ་གསུམ་ལས། དང་པོ་ངོ་བོ་ཁྱད་པར་གཞན་གྲགས་རྟགས་ཀྱིས་དགག་པ་ལའང་གཉིས་ལས། དང་པོ་ནི།
གཉིས་པ་ཁྱད་པར་གཞན་གྲགས་ཀྱི་རྟགས་ཀྱིས་དགག་པ་ནི།
གཉིས་པ་ཕུང་པོ་ལས་གཞན་མ་དམིགས་རྟགས་ཀྱིས་དགག་པ་ནི།
གསུམ་པ་ངར་འཛིན་དམིགས་པ་བཀག་སྟེ་མཇུག་སྡུད་བསྟན་པ་ནི།
གཉིས་པ་བདག་ཕུང་གཅིག་ཏུ་འདོད་པ་དགག་པ་ལ་གཉིས་ལས། དང་པོ་ཕྱོགས་སྔ་བརྗོད་པ་ནི།
གཉིས་པ་སུན་འབྱིན་བཤད་པ་ལ་གསུམ། བདག་ཕུང་གཅིག་པའི་དོན་ལ་རིགས་པས་གནོད། །བདག་ཕུང་གཅིག་པ་ལུང་གི་དོན་མ་ཡིན། །བདག་ཕུང་གཅིག་ན་སྤང་གཉེན་འཆོལ་པའོ། །དང་པོ་ལ་གསུམ། ཞེན་ཡུལ་བདག་དང་ཕུང་པོ་དཔྱད་ནས་དགག །འབྲས་བུ་མཐའ་ལྡན་ལ་སོགས་མེད་པས་དགག །ཡུལ་ཅན་རྣལ་འབྱོར་མངོན་སུམ་སྒོ་ནས་དགག་པའོ། །དང་པོ་ལ་གཉིས་ལས། དང་པོ་ཧ་ཅང་ཐལ་བ་བདུན་གྱིས་གནོད་པ་ནི།
གཉིས་པ་ཉེས་སྤོང་བརྗོད་དེ་མཇུག་སྡུད་བསྟན་པ་ནི།
གཉིས་པ་འབྲས་བུ་མཐའ་ལྡན་ལ་སོགས་མེད་པས་དགག་པ་ནི།
གསུམ་པ་ཡུལ་ཅན་རྣལ་འབྱོར་མངོན་སུམ་སྒོ་ནས་དགག་པ་ལ་གཉིས་ལས། དང་པོ་བདག་མེད་རྟོགས་ཚེ་ཕུང་པོ་ཆད་པར་ཐལ་བ་ནི།
གཉིས་པ་བདག་མེད་མཐོང་ཚེ་ཆགས་སོགས་མི་ལྡོག་པར་ཐལ་བ་ནི།
གཉིས་པ་བདག་ཕུང་གཅིག་པ་ལུང་གི་དོན་མ་ཡིན་པ་ལ་གསུམ་ལས། དང་པོ་ཕུང་པོ་བདག་ཏུ་བཞེད་པ་ལུང་དོན་མ་ཡིན་པ་ནི།
གཉིས་པ་ལུང་དོན་ཡིན་ན་ལུང་རིགས་གཉིས་ཀྱིས་གནོད་ཚུལ་ལ་གཉིས་ལས། དང་པོ་ལུང་གིས་གནོད་ཚུལ་ནི།
གཉིས་པ་རིགས་པས་གནོད་ཚུལ་ལ་གསུམ་ལས། དང་པོ་འདུས་ཙམ་ཡིན་ན་ཤིང་རྟའི་དཔེ་ཡིས་དགག་པ་ནི།
གཉིས་པ་ཚོགས་དབྱིབས་ཡིན་ན་སེམས་མ་ཡིན་པས་གནོད་པ་ནི།
གསུམ་པ་གཉིས་ཀ་བྱ་བྱེད་གཅིག་ཏུ་ཐལ་བས་གནོད་པ་ནི།
གསུམ་པ་ལུང་ལ་བརྟེན་ནས་སྔ་མའི་གྲུབ་དོན་བསྡུ་བ་ནི།
གསུམ་པ་བདག་ཕུང་གཅིག་ན་སྤང་གཉེན་འཆོལ་བར་ཐལ་བ་ནི།
གསུམ་པ་བདག་ཕུང་རྟེན་དང་བརྟེན་པར་གྲུབ་པར་དགག་པ་ནི།
བཞི་པ་བདག་ལ་ཕུང་པོ་ལྡན་པ་དགག་པ་ནི།
གཉིས་པ་བསྡུས་ཏེ་འཇིག་ལྟའི་གྲངས་ངེས་བསྟན་པ་ནི།
གཉིས་པ་བརྗོད་དུ་མེད་པའི་བདག་དགག་པ་ལ་གཉིས་ལས། དང་པོ་ཕྱོགས་སྔ་བརྗོད་པ་ནི།
གཉིས་པ་ལ་གསུམ་ལས། དང་པོ་དངོས་པོར་ཡོད་ན་བརྗོད་དུ་ཡོད་པར་ཐལ་བས་དགག་པ་ནི།
གཉིས་པ་བརྗོད་དུ་མེད་ན་བཏགས་པ་ཡོད་པར་བསྟན་པ་ནི།
གསུམ་པ་དངོས་པོའི་ཆོས་དང་བྲལ་བས་དངོས་པོར་མི་འགྲུབ་པས་དགག་པ་ནི།
གཉིས་པ་རྟེན་ནས་བཏགས་པའི་གང་ཟག་རྣམ་པར་གཞག་པ་ལ་གསུམ་ལས། དང་པོ་སྔར་བཤད་རིགས་པས་བཏགས་ཡོད་དུ་འགྲུབ་པ་ནི།
གཉིས་པ་དེ་ཉིད་ཤིང་རྟའི་དཔེ་དང་སྦྱར་བ་ལ་གཉིས་ལས། དང་པོ་མདོར་བསྟན་པ་ནི།
གཉིས་པ་རྒྱས་བཤད་ལ་གཉིས། དཔེ་སྒྲུབ་པ་དང༌། དོན་ལ་སྦྱར་བའོ། །དང་པོ་ལ་གསུམ་ལས། དང་པོ་རྣམ་བདུན་རིགས་པས་དཔྱད་ན་རྫས་སུ་མེད་པ་ལའང་གཉིས་ཀྱི། དང་པོ་ཚོགས་ཙམ་ཤིང་རྟ་ཉིད་མ་ཡིན་པ་ནི།
གཉིས་པ་དབྱིབས་ཙམ་ཤིང་རྟར་འདོད་པ་དགག་པ་ལ་གཉིས་ལས། དང་པོ་མདོར་བསྟན་པ་ནི།
གཉིས་པ་ནི།
གཉིས་པ་མ་དཔྱད་པར་འཇིག་རྟེན་ཉིད་ལས་ཤིང་རྟར་གྲུབ་པ་ལ་གཉིས་ལས། དང་པོ་བརྟེན་ནས་བཏགས་ཚེ་ཤིང་རྟའི་ཐ་སྙད་འགྲུབ་ཚུལ་ནི།
གཉིས་པ་ཚུལ་དེས་ཡན་ལག་ཅན་སོགས་ཐ་སྙད་འགྲུབ་ཚུལ་ནི།
གསུམ་པ་རྣམ་བདུན་རིགས་པས་དཔྱད་པའི་ཕན་ཡོན་བསྟན་པ་ལ་གཉིས་ལས། དང་པོ་གནས་ལུགས་དོན་ལ་འཇུག་པར་བསྟན་པ་ནི།
གཉིས་པ་ཡན་ལག་སོགས་ཁེགས་པར་བསྟན་པ་ནི།
གཉིས་པ་དོན་ལ་སྦྱར་བ་ལ་བཞི་ལས། དང་པོ་བརྟེན་ནས་བཏགས་ཚེ་ལེན་པ་པོ་སོགས་འགྲུབ་པ་ནི།
གཉིས་པ་རྣམ་པར་དཔྱད་ཚེ་སྤྲོས་པ་མ་ལུས་བཟློག་པ་ནི།
གསུམ་པ་ངར་འཛིན་དམིགས་པ་གཏི་མུག་དབང་གིས་གཞག་པ་ནི།
བཞི་པ་ཚུལ་དེས་བདག་གི་བ་སྤངས་ཏེ་རྣམ་པར་གྲོལ་བའི་ཚུལ་ནི།
གསུམ་པ་རིགས་པའི་ཚུལ་དེ་དངོས་པོ་ཀུན་ལ་བསྒྲེ་བ་ལ་གསུམ་ལས། དང་པོ་བརྟེན་ནས་བཏགས་པའི་དངོས་པོ་ཀུན་ལ་བསྒྲེ་བ་ནི།
གཉིས་པ་ཁྱད་པར་བྱ་བྱེད་དང་དངོས་པོ་ཀུན་ལ་བསྒྲེ་བ་ནི།
གསུམ་པ་རྒྱུ་འབྲས་ལ་བསྒྲེ་བ་ལ་གསུམ་ལས། དང་པོ་རྒྱུ་འབྲས་རང་བཞིན་གྱིས་མ་གྲུབ་པས་ལྟོས་ནས་འཇོག་པ་ནི།
གཉིས་པ་ཕྲད་དང་མ་ཕྲད་དཔྱད་ཚེ་རང་བཞིན་མེད་པ་ནི།
གསུམ་པ་རང་ལའང་མཚུངས་པའི་རྩོད་སྤང་ལ་གཉིས་ལས། དང་པོ་ཕྱོགས་སྔ་ནི།
གཉིས་པ་ལན་ལ་གཉིས། ཁས་བླངས་མེད་པས་རྩོད་པ་སེལ། སུན་འབྱིན་ལྷག་མས་རྩོད་པ་སེལ་བའོ། །དང་པོ་ལ་བཞིའི། དང་པོ་བདེན་ཕྱོགས་མེད་པས་རྩོད་པའི་ཉེས་པ་མི་མཚུངས་པ་ནི།
གཉིས་པ་མ་དཔྱད་ཚེ་ན་བྱ་བྱེད་འཐད་པའི་དཔེ་ནི།
གསུམ་པ་དཔྱད་པའི་ཉེས་པ་གཞན་སྐྱོན་ཁོ་ནར་བསྟན་པ་ནི།
བཞི་པ་རང་བཞིན་གྱིས་གྲུབ་པའི་གཏན་ཚིགས་དགོས་མེད་དུ་བསྟན་པ་ནི།
གཉིས་པ་སུན་འབྱིན་ལྷག་མས་རྩོད་པ་སེལ་བ་ནི།
གཉིས་པ་ཐེག་པ་ཆེན་པོའི་རྟོགས་བྱའི་སྟོང་ཉིད་བཤད་པ་ལ་གསུམ་ལས། དང་པོ་དགོས་པའི་སྒོ་ནས་རྒྱས་པར་དབྱེ་བའི་ཚུལ་ནི།
གཉིས་པ་སྟོང་གཞི་ཆོས་ཅན་གྱི་སྒོ་ནས་རྒྱས་པར་དབྱེ་བ་ལ་བཅུ་དྲུག་ཏུ་ཡོད་པ་ལས། དང་པོ་ནང་སྟོང་པ་ཉིད་ནི།
གཉིས་པ་ཕྱི་སྟོང་པ་ཉིད་ནི།
གསུམ་པ་ཕྱི་ནང་སྟོང་པ་ཉིད་ནི།
བཞི་པ་སྟོང་པ་ཉིད་སྟོང་པ་ཉིད་ནི།
ལྔ་པ་ཆེན་པོ་སྟོང་པ་ཉིད་ནི།
དྲུག་པ་དོན་དམ་པ་སྟོང་པ་ཉིད་ནི།
བདུན་པ་འདུས་བྱས་སྟོང་པ་ཉིད་ནི།
བརྒྱད་པ་འདུས་མ་བྱས་སྟོང་པ་ཉིད་ནི།
དགུ་པ་མཐའ་ལས་འདས་པའི་སྟོང་པ་ཉིད་ནི།
བཅུ་པ་ཐོག་མ་དང་ཐ་མ་མེད་པའི་སྟོང་པ་ཉིད་ནི།
བཅུ་གཅིག་པ་དོར་བ་མེད་པའི་སྟོང་པ་ཉིད་ནི།
བཅུ་གཉིས་པ་རང་བཞིན་སྟོང་པ་ཉིད་ནི།
བཅུ་གསུམ་པ་ཆོས་ཐམས་ཅད་སྟོང་པ་ཉིད་ནི།
བཅུ་བཞི་པ་རང་གི་མཚན་ཉིད་སྟོང་པ་ཉིད་ལ་གསུམ་ལས། དང་པོ་སྟོང་ཉིད་ཀྱི་ངོ་བོ་ངོས་གཟུང་བ་ནི།
གཉིས་པ་ལ་གཞི་ལམ་འབྲས་གསུམ་ལས། །དང་པོ་ནི།
གཉིས་པ་ལམ་གྱི་ཆོས་ནི།
གསུམ་པ་འབྲས་བུའི་ཆོས་ལ་འཆད་འགྱུར་གྱི་སྟོབ༷ས་རྣམ༷ས་ནི།
གསུམ་པ་སྟོང་ཚུལ་ནི།
བཅོ་ལྔ་པ་མི་དམིགས་པ་སྟོང་པ་ཉིད་ནི།
བཅུ་དྲུག་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི།
གཉིས་པ་བསྡུས་ཏེ་བཞིར་དབྱེ་བ་ལ་བཞི་ལས། དང་པོ་དངོས་པོ་སྟོང་པ་ཉིད་ནི།
གཉིས་པ་དངོས་པོ་མེད་པའི་སྟོང་པ་ཉིད་ནི།
གསུམ་པ་རང་གི་ངོ་བོ་སྟོང་པ་ཉིད་ནི།
བཞི་པ་གཞན་གྱི་ངོ་བོ་སྟོང་པ་ཉིད་ནི།
བཞི་པ་ལུང་ཁུངས་སྨོས་ཏེ་མཇུག་བསྡུ་བ་ནི།
གསུམ་པ་ཚུལ་དེས་ཐོབ་པའི་ཡོན་ཏན་བསྡུས་ཏེ་བསྟན་པ་ལ་གསུམ་ལས། དང་པོ་དོན་དམ་རྟོགས་པའི་ཡོན་ཏན་ནི།
གཉིས་པ་ཀུན་རྫོབ་རྟོགས་པའི་ཡོན་ཏན་ནི།
གསུམ་པ་ཟུང་དུ་འཇུག་པའི་ཡོན་ཏན་ཐོབ་པ་ནི།
༈ སེམས་བསྐྱེད་པ་བདུན་པ་ལ་གཉིས། སྙོམས་པར་འཇུག་པའི་ཡོན་ཏན་དང༌། ཕར་ཕྱིན་ལྷག་པའི་ཡོན་ཏན་ནོ། །དང་པོ་ནི།
གཉིས་པ་(ཕར་ཕྱིན་ལྷག་པའི་ཡོན་ཏན་པ་)ནི།
༈ སེམས་བསྐྱེད་པ་བརྒྱད་པ་ལ་གསུམ་ལས། དང་པོ་སྔར་གྱི་དགེ་བ་ལས་ལྷག་པའི་ཡོན་ཏན་ནི།
གཉིས་པ་ས་རང་གི་སྤང་རྟོགས་ཀྱི་ཡོན་ཏན་ནི།
ས་ཕྱི་མ་རྫོགས་པར་བྱེད་པའི་ཡོན་ཏན་ནི།
༈ སེམས་བསྐྱེད་པ་དགུ་པ་ལ་གཉིས་ལས། དང་པོ་ཕར་ཕྱིན་ལྷག་པའི་ཡོན་ཏན་ནི།
༈ གཉིས་པ་ཡོན་ཏན་གཞན་ཡང་ཐོབ་ཚུལ་ནི།
༈ སེམས་བསྐྱེད་པ་བཅུ་པ་ལ་གསུམ་ལས། དང་པོ་རྒྱལ་ཚབ་ཏུ་དབང་བསྐུར་བ་ནི།
གཉིས་པ་ཕར་ཕྱིན་གྱི་ཡོན་ཏན་ལྷག་པ་ནི།
གསུམ་པ་ངེས་ཚིག་དང་མཐུན་པའི་ཡོན་ཏན་ནི།
༈ གཉིས་པ་རྣམ་གྲངས་ལྷག་པའི་སྒོ་ནས་སོ་སོའི་ཡོན་ཏན་བསྟན་པ་ལ་གཉིས། ས་བདུན་ཡོན་ཏན་གྲངས་ཀྱིས་བསྒྲེ་བའི་ཚུལ། །ས་གསུམ་ཡོན་ཏན་རྡུལ་གྱིས་བསྒྲེ་བའི་ཚུལ་ལོ། །དང་པོ་ལ་གཉིས་ལས། ས་དང་པོའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་བཤད་པ་ནི།
གཉིས་པ་ས་གཉིས་པ་སོགས་ཀྱི་ཡོན་ཏན་འགྱུར་གྱིས་བསྒྲེ་བ་ནི།
གཉིས་པ་དག་པ་ས་གསུམ་ལ་རྡུལ་གྲངས་ཀྱིས་བསྒྲེ་བ་ནི།
རྩ་བའི་གཉིས་པ་འབྲས་བུ་མཐར་ཐུག་སངས་རྒྱས་ཀྱི་ས་བཤད་པ་ལ་གསུམ། བྱང་ཆུབ་ཇི་ལྟར་བརྙེས་པའི་ཚུལ། བརྙེས་བྱ་སྐུ་བཞིའི་རྣམ་གཞག་བཤད། དུས་ཀྱི་སྒོ་ནས་མཆོག་ཏུ་བསྔགས་པའོ། །དང་པོ་ལ་གཉིས། དངོས་དང༌། རྩོད་སྤོང་ངོ༌། །དང་པོ་ལའང་གསུམ་གྱི་དང་པོ།
གཉིས་པ་གནས་གང་དུ་བརྙེས་ན།
གསུམ་པ་ངོ་བོ་གང་བརྙེས་ན།
གཉིས་པ་རྩོད་སྤང་ལ་གཉིས་ལས། དང་པོ་རྩོད་པ་དགོད་པ་ནི།
གཉིས་པ་དེའི་ལན་ལ་གཉིས་ལས། དང་པོ་ཡུལ་སྐྱེ་མེད་རྟོགས་པར་འཐད་པ་ནི།
གཉིས་པ་སྐྱེ་བ་མེད་ཀྱང་དེ་ཉིད་སྟོན་པར་འཐད་པ་ནི།
གཉིས་པ་བརྙེས་བྱ་སྐུའི་རྣམ་གཞག་ལ་གཉིས། སྐུ་གསུམ་ཡོན་ཏན་བཅས་པར་བཤད། སྤྲུལ་སྐུ་ཕྲིན་ལས་བཅས་པར་བཤད་པའོ། །དང་པོ་ལ་གསུམ། རྟེན་སྐུ་བཤད་པ། བརྟེན་པ་ཡོན་ཏན་བཤད་པ། དེ་གཉིས་སུ་བསྡུ་བའོ། །དང་པོ་ལའང་གསུམ་གྱི། དང་པོ་སྤྲོས་པ་ཉེར་ཞིའི་ཆོས་སྐུ་བཤད་པ་ནི།
གཉིས་པ་ལོངས་སྐུ་ནི།
གསུམ་པ་རྒྱུ་མཐུན་གྱི་སྐུ་ལ་གསུམ། གཟུགས་སྐུ་གཅིག་ལ་རང་གི་རྣམ་འགྱུར་སྟོན། བ་སྤུའི་ཁུང་བུར་རང་གཞན་རྣམ་ཐར་སྟོན། བཞེད་པ་ཙམ་གྱིས་མངའ་བསྒྱུར་གཞན་ཡང་སྟོན་པའོ། །དང་པོ་ལ་གཉིས་ཀྱི། དང་པོ་འཁོར་བའི་སྤྱོད་པ་སྟོན་པ་ནི།
གཉིས་པ་སྦྱིན་སོགས་ཀྱི་སྤྱོད་པ་སྟོན་པ་ནི།
གསུམ་པ་བཞེད་པ་ལ་མངའ་དབང་བསྒྱུར་བའི་ཚུལ་ལ་གཉིས་ལས། དང་པོ་ཡུལ་གྱི་དབང་དུ་བྱས་པ་ནི།
གཉིས་པ་དུས་ཀྱི་དབང་དུ་བྱས་པ་ནི།
གཉིས་པ་བརྟེན་པ་ཡོན་ཏན་ལ་གསུམ། སྟོབས་བཅུ་བཤད་པ་དང༌། ཡོན་ཏན་གྱི་དབྱེ་བ་མཐའ་དག་བརྗོད་མི་ནུས་ཚུལ། ཡོན་ཏན་གཉིས་ཤེས་པའི་ཕན་ཡོན་བསྟན་པའོ། །དང་པོ་ལ་གཉིས་ལས། དང་པོ་མདོར་བསྟན་པ་ནི།
གཉིས་པ་རྒྱས་བཤད་ལ་བཅུ་ལས།
གསུམ་པ་ཡོན་ཏན་གྱི་དབྱེ་བ་ཀུན་བརྗོད་མི་ནུས་པ་ནི།
གསུམ་པ་ཡོན་ཏན་དེ་དག་གཉིས་སུ་བསྡུ་བ་ནི།
གཉིས་པ་སྤྲུལ་སྐུ་ཕྲིན་ལས་དང་བཅས་པ་བཤད་པ་ལ་གསུམ་ལས། དང་པོ་སྤྲུལ་སྐུས་གནས་སྐབས་ཐེག་གསུམ་བསྟན་པ་ནི།
གཉིས་པ་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་ཚུལ་བརྗོད་པ་ནི།
གསུམ་པ་ཐེག་པ་གསུམ་དུ་གསུངས་པ་དྲང་དོན་དུ་བསྟན་པ་ནི།
གསུམ་པ་དུས་ཀྱི་སྒོ་ནས་མཆོག་ཏུ་བསྔགས་པ་ལ་གསུམ་ལས། དང་པོ་མངོན་པར་བྱང་ཆུབ་པའི་དུས་ཚད་མེད་པར་བསྟན་པ་ནི།
གཉིས་པ་རྟག་ཏུ་སྲིད་པར་བཞུགས་པའི་དབང་དུ་བྱས་ནས་ཚད་མེད་པར་བསྟན་པ་ནི།
གསུམ་པ་སྡུག་བསྔལ་ཅན་གྱི་སེམས་ཅན་ཟད་པ་མེད་པས་མྱ་ངན་ལས་མི་འདའ་བའི་ཚུལ་ནི།
གསུམ་པ་གཞུང་དོན་མཐར་ཕྱིན་པའི་བྱ་བ་བཤད་པ་ལ་བཞི་ལས། དང་པོ་གང་གིས་ཇི་ལྟར་བརྩམས་པའི་ཚུལ་ནི།
གཉིས་པ་བརྗོད་བྱ་ཐུན་མོང་མ་ཡིན་པར་བསྟན་པ་ནི།
གསུམ་པ་དེ་ལྟར་བརྩམས་པའི་དགོས་པ་ལ་གཉིས་ལས། དང་པོ་དེ་ཉིད་བསྟན་ཕྱིར་བསྟན་བཅོས་བརྩམས་པ་ནི།
གཉིས་པ་དགོས་པ་དེ་ལྡན་གྱི་གཞུང་འདི་ཁོ་ན་འཛིན་པར་གདམས་པ་ནི།
གསུམ་པ་བརྩམས་པའི་དགེ་བ་བསྔོ་བ་ནི།
གསུམ་པ་མཇུག་དོན་ལ་གཉིས་ལས། དང་པོ་སློབ་དཔོན་གང་གིས་མཛད་པ་ནི།
ལོ་ཙཱ་བ་གང་གིས་བསྒྱུར་བའི་ཚུལ་ནི།
