ཚད་མའི་རྟགས་རིགས་ཀྱི་སྐོར་གཏན་ལ་འབེབས་པར་བྱེད་པ་སྡེ་བདུན་སྒོ་བརྒྱ་འབྱེད་པའི་འཕྲུལ་གྱི་ལྡེའུ་མིག་གི་བསྡུས་དོན།
གཏན་ཚིགས་རིགས་པའི་གཞུང་འདི་ས་བཅད་གཉིས་ཀྱི་སྒོ་ནས་འཆད་དེ།
རང་དོན་རྗེས་དཔག་དང་། གཞན་དོན་རྗེས་དཔག དང་པོ་ལ། རང་དོན་རྗེས་དཔག་གི་མཚན་ཉིད་དང་། དབྱེ་བ།
དབྱེ་བ་དེ་དག་གི་མཚན་ཉིད། རྟགས་ཡང་དག་དང་རྟགས་ལྟར་སྣང་གི་མཚན་ཉིད་དང་དབྱེ་བའི་སྐོར་གསལ་པོར་བཤད། གཉིས་པ་གཞན་དོན་རྗེས་དཔག་ལ།
གཞན་དོན་རྗེས་དཔག་གི་མཚན་ཉིད། ངག་སྨྲ་པོའི་གང་ཟག་གི་རྣམ་གཞག རྩོད་པའི་སྐབས་ཀྱི་ངག་གི་རབ་ཏུ་དབྱེ་བའི་སྐོར་གསལ།
མདོར་ན་གཞུང་འདི་ནི་ཚད་མ་རིག་པའི་རྟགས་རིགས་ཀྱི་གནད་དོན་རྣམས་གཏན་ལ་འབེབས་པར་བྱེད་པའི་གཞུང་ལུགས་ཡིན་པར་གསལ།
གཞུང་བརྩམས་པའི་ཚུལ་ནི་མཛད་བྱང་དུ། ཚད་མའི་རྟགས་རིགས་པའི་སྐོར་གཏན་ལ་འབེབས་པར་བྱེད་སྡེ་འདུན་མདོའི་སྒོ་བརྒྱ་འབྱེད་པའི་འཕྲུལ་གྱི་ལྡེའུ་མིག་ཅེས་བྱ་བ་ནི། དུས་ཕྱིས་རིགས་པའི་གཏེར་གྱི་དགོངས་པ་ཕིག་དཀའ་བས་རིང་ལུགས་ཀྱི་ཚད་མའི་བཤད་རྒྱུན་ཉག་ཕྲ་བར་མཐོང་ནས་གཅིག་ཤེས་ཀུན་གྲོལ་འདི་ལྟ་བུ་ཞིག་འབྲི་འདུན་ཡོད་པའི་ཁར།
དམ་པའི་གྲོགས་པོ་བློ་གསལ་དོན་གཉར་ཅན་འགའ་ཞིག་གིས་ཀྱང་རྟགས་རིགས་ཟུར་བསྐོལ་ནག་འགྲོས་ཞིག་བྱུང་ན་ཞེས་བསྐུལ་བ་དང༌།
ལྷག་པར་འཇམ་མགོན་མཆོག་ནས་རྡོ་རྗེའི་གསུང་གི་ཟེགས་མས་གནང་བ་ཞིག་ཐོབ་པར་བརྟེན་ནས།
ཆུང་དུས་མཚན་ཉིད་ཀྱི་ཆོས་ར་འགྲིམ་སྐབས་སུ་ཐུབ་བསྟན་རྣམ་པར་རྒྱལ་བའ་མཁན་ཆེན་བོད་གངས་ཅན་ཙམ་ན་འགྲན་ཟླ་དང་བྲེལ་བའི་སྡེ་སྣོད་འཛིན་པ་ཆེན་པོ་མི་ཕམ་སེང་གེ་རབ་རྒྱས་ཀྱི་ཞལ་སྔ་ནས་བློ་རིགས་དང་རྟགས་རིགས་པའི་སྐོར་ཕྱིན་ཅི་མ་ལོག་པར་ཐོས་པ་དང༌། དུས་ཕྱིར་མ་ཧཱ་བྷོ་ཊའི་ལྗོངས་འདིར་ཡང་མཁས་པའི་དབང་པོ་དུ་མ་དག་གི་ཞབས་པད་ཡུན་རིང་དུ་བསྟན་ནས་སྡེ་སྣོད་ཀྱི་གཞུང་ལུགས་འགའ་ཞིག་དང༌། རིགས་རྣམ་གཉིས་ལ་ཐོས་བསམ་ཅུང་ཟད་བྱས་ཤིང༌། ཁྱད་པར་འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་དབང་པོ་རྫོགས་པའི་སངས་རྒྱས་རྗེ་བློ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བྱིན་ཟབ་ཀྱི་བསིལ་ཟེར་ཕྲ་མོས་རེག་པས་བློའི་ཀུནྡ་ཅུང་ཟད་བཞེད་པ་འཇམ་དབྱངས་བློ་གཏེར་དབང་པོའམ། བརྡ་སྤྲོད་རིག་པའི་བཏགས་མིང་དུ་འཇམ་དཔལ་གྲུབ་པའི་རྡོ་རྗེ་ཐུབ་བསྟན་གསལ་བའི་ཉིད་བྱེད་འཇིགས་མེད་གཙུག་ལག་རྒྱ་མཚོའི་སྡེ་ཞེས་བོད་པས། རིགས་རྣམ་གཉི ས་ཀྱི་དགོངས་པ་རོ་མཉམ་པར་རྩ་བའི་སྲོ ག་ཏུ་བཟུང༌། ཀུན་མཁྱེན་བློ་མ་ཆེན་པོའི་ལེགས་བཤད་རིགས་གཏེར་གསལ་བྱེད་ཀྱིས་ཟུར་བརྒྱན། མཚམས་སུ་རིགས་པའི་འཕྲུལ་འཁོར་གྱི་ས་བོན་ཅུང་ཟད་རང་བློས་སྤྲོས་ཏེ། ཚིག་སྦྱོར་སྤངས་ནས་བཀླགས་པས་གྲུབ་པར་མཁས་གྲུབ་དུ་མའི་འབྱུང་གནས་རྫོང་སར་བཀྲ་ཤིས་ལྷ་རྩེར་བྲིས་པ་དགེ་བར་གྱུར་ཅིག་ཅེས་གསལ།
No Table of Contents Available
No Outline Available
Other Volumes in This Series:
{"post_id":"22736","book_code":"IBA-LWS-01","book_title":"སྟོན་མཆོག་ཐམས་ཅད་མཁྱེན་པ་ཐུབ་པའི་དབང་པོའི་སྐྱེས་རབས་གསལ་བར་བརྗོད་པ་བརྒྱ་ལྔ་བཅུ་པ་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །","book_title_english":"A Garland of Jewels: One Hundred Fifty Stories of the Buddha's Life","author_name_tib":["འཇམ་དབྱངས་བློ་གཏེར་དབང་པོ།"],"author_name":["Jamyang Loter Wangpo"],"book_link":"https:\/\/dharmacloud.tsadra.org\/book\/iba-lws-01-a-garland-of-jewels\/","index":"1","total_count":"4"}
{"post_id":"22772","book_code":"IBA-LWS-02","book_title":"སངས་རྒྱས་ཀྱི་མཚན་བཀླག་ཐབས་ཨིནྡྲ་ནཱི་ལའི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ། །","book_title_english":"The Lapis-Lazuli Key: A Method for Reciting the Names of the Buddha","author_name_tib":["འཇམ་དབྱངས་བློ་གཏེར་དབང་པོ།"],"author_name":["Jamyang Loter Wangpo"],"book_link":"https:\/\/dharmacloud.tsadra.org\/book\/iba-lws-02-a-sadhana-of-buddha\/","index":"2","total_count":"4"}
{"post_id":"22776","book_code":"IBA-LWS-03","book_title":"ཚད་མ་རིགས་པའི་གཏེར་གྱི་མཆན་འགྲེལ་སྡེ་བདུན་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།","book_title_english":"A Lamp Illuminating the Seven Treatises of Dharmakīrti","author_name_tib":["འཇམ་དབྱངས་བློ་གཏེར་དབང་པོ།"],"author_name":["Jamyang Loter Wangpo"],"book_link":"https:\/\/dharmacloud.tsadra.org\/book\/iba-lws-03-a-lamp-illuminating-the-seven-treatises-of-dharmakirti\/","index":"3","total_count":"4"}
{"post_id":"22780","book_code":"IBA-LWS-04","book_title":"ཚད་མའི་རྟགས་རིགས་ཀྱི་སྐོར་གཏན་ལ་འབེབས་པར་བྱེད་པ་སྡེ་བདུན་སྒོ་བརྒྱ་འབྱེད་པའི་འཕྲུལ་གྱི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ།།","book_title_english":"A Magical Key That Opens a Hundred Doorways into the Seven Treatises of Dharmakīrti","author_name_tib":["འཇམ་དབྱངས་བློ་གཏེར་དབང་པོ།"],"author_name":["Jamyang Loter Wangpo"],"book_link":"https:\/\/dharmacloud.tsadra.org\/book\/iba-lws-04-a-decisive-presentation-of-syllogistic-logic\/","index":"4","total_count":"4"}
