ཚད་མ་རིགས་པའི་གཏེར་གྱི་མཆན་འགྲེལ་སྡེ་བདུན་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

A Lamp Illuminating the Seven Treatises of Dharmakīrti

ཚད་མ་རིགས་པའི་གཏེར་གྱི་མཆན་འགྲེལ་སྡེ་བདུན་གསལ་བའི་སྒྲོན་མེའི་བསྡུས་དོན། གཞུང་འདི་རྩ་བའི་ས་བཅད་གསུམ་གྱི་སྒོ་ནས་འཆད་དེ། བསྟན་བཅོས་ལ་འཇུག་པའི་ཡན་ལག འཇུག་བྱའི་བསྟན་བཅོས་ཀྱི་དོན་དངོས། བསྟན་བཅོས་མཐར་ཕྱིན་པའི་བྱ་བ། དང་པོ་ལ། མཚན་དོན། མཆོད་བརྗོད། རྩོམ་པར་དམ་བཅའ་བ་གསུམ་གྱི་སྐོར་གསལ། གཉིས་པ་ལ། སྤྱིར་ཤེས་བྱ་གཏན་ལ་འབེབས་ཚུལ་དང་། ཤེས་བྱེད་ཚད་མའི་རང་བཞིན་ལ་ཚད་མའི་མཚན་ཉིད་དང་དབྱེ་བ། མངོན་སུམ་དང་རྗེས་དཔག་གི་ངོ་བོ། རྟགས་ཡང་དག་གི་མཚན་ཉིད། རྒོལ་ངོར་འཇུག་པའི་ཐབས་ལ་སོགས་པའི་སྐོར་གསལ། གསུམ་པ་ལ། བསྟན་བཅོས་ཇི་ལྟར་བརྩམས་ཚུལ། དགེ་བ་བསྔོ་ཚུལ། རྩོམ་པ་པོའི་མཚན་བསྟན་ནས་བསྟན་བཅོས་ལ་ཡིད་ཆེས་བསྐྱེད་ཚུལ་གྱི་སྐོར་གསལ། མཆན་འགྲེལ་འདི་ནི་མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དང༌། རྫོགས་པའི་སངས་རྒྱས་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་གཙོ་བོར་སྨོས་པའི་འདྲེན་མཆོག་དུ་མའི་ཞབས་རྡུལ་སྤྱི་བོས་ལེན་པ། འཇམ་དབྱངས་བློ་གཏེར་དབང་པོས་ཆུང་དུས་སུ་མཚན་ཉིད་ཀྱི་ཆོས་གྲྭ་འགྲིམས་སྐབས་ཐུབ་བསྟན་རྣམ་པར་རྒྱལ་བའི་མཁན་ཆེན་མི་ཕམ་སེང་གེ་རབ་རྒྱས་དང༌། གནས་ལྔ་རིགས་པའི་པཎ་ཆེན་ཨ་བྷ་ཡི་ཤྲཱི་མཱཾ་གྱི་ཞལ་སྔ་ནས་རྟགས་རིགས་པའི་སྐོར་ཕྱིན་ཅི་མ་ལོག་པར་ནོས་ཤིང་། ཁྱད་པར་དུ་ཡུལ་རྫ་སྟོད་ཀྱི་མ་ཧཱ་པཎྜི་ཏ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་ཞབས་པད་ཡུན་དུ་བསྟེན་ནས་རྣམ་འགྲེལ་དང༌། རིགས་པའི་གཏེར་གྱི་གཞུང་བཤད་དཔྱིས་ཕྱིན་པ་ཐོབ་པའི་སྐབས་བློས་ཇི་ཟིན་པ་ཡི་གེར་བཀོད་པ་ལ། ཕྱིས་སུ་རང་ལུགས་ཀྱི་ཡིག་ཆ་ཁུངས་ཐུབ་རྣམས་ལ་གཏུགས་ནས། གོ་བདེར་བྲིས་ཡོད་པ་གསལ།

No Table of Contents Available

རྗེ་བཙུན་འཇམ་པའི་དབྱངས་ས་སྐྱ་པཎྜི་ཏས་མཛད་པའི་རབ་བྱེད་བཅུ་གཅིག་གི་བདག་ཉིད་ཚད་མ་རིགས་པའི་གཏེར་འདི་འཆད་པ་ལ་གསུམ། བསྟན་བཅོས་ལ་འཇུག་པའི་ཡན་ལག །འཇུག་བྱའི་བསྟན་བཅོས་ཀྱི་དོན་དངོས། བསྟན་བཅོས་མཐར་ཕྱིན་པའི་བྱ་བའོ། དང་པོ་ལ། ཐ་སྙད་རྟོགས་པའི་སླད་དུ་མཚན་གྱི་དོན་བཤད་པ། བར་ཆད་ཞི་བའི་ཆེད་དུ་མཆོད་པ་བརྗོད་པ། བསྟན་བཅོས་མཐར་ཕྱིན་པའི་རྒྱུ་རྩོམ་པར་དམ་བཅའ་བ་གསུམ་ལས། དང་པོ་(ཐ་སྙད་རྟོགས་པའི་སླད་དུ་མཚན་གྱི་དོན་བཤད་པ་)ནི།

གཉིས་པ་བར་ཆད་ཞི་བའི་ཆེད་དུ་མཆོད་པ་བརྗོད་པ་ལ་གསུམ། ལྷག་པའི་ལྷ་ལ་མཆོད་པ་བརྗོད་པ། རྩ་བའི་བླ་མ་ལ་མཆོད་པ་བརྗོད་པ། རིགས་པའི་དབང་ཕྱུག་རྣམ་གཉིས་ལ་མཆོད་པ་བརྗོད་པའོ། །དང་པོ་(ལྷག་པའི་ལྷ་ལ་མཆོད་པ་བརྗོད་པ་)ནི།

གཉིས་པ་(རྩ་བའི་བླ་མ་ལ་མཆོད་པ་བརྗོད་པ་)ནི།

གསུམ་པ་(རིགས་པའི་དབང་ཕྱུག་རྣམ་གཉིས་ལ་མཆོད་པ་བརྗོད་པ་)ནི།

གསུམ་པ་བསྟན་བཅོས་མཐར་ཕྱིན་པའི་རྒྱུ་རྩོམ་པར་དམ་བཅའ་བ་ནི།

གཉིས་པ་འཇུག་བྱ་བསྟན་བཅོས་ཀྱི་དོན་དངོས་ལ་གཉིས། ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་ཕབ་པ་དང༌། ཤེས་བྱེད་ཚད་མའི་རང་བཞིན་ངེས་པར་བྱ་བའོ། །དང་པོ་ལ་གསུམ། ཤེས་བྱའི་ཡུལ། ཤེས་བྱེད་ཀྱི་བློ། བློ་དེས་ཡུལ་རྟོགས་ཚུལ་ལོ། །དང་པོ་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ཡུལ་གྱི་མཚན་ཉིད་ནི།

གཉིས་པ་(དབྱེ་བ་)ལ། དགག་གཞག་སྤང་གསུམ་ལས། དང་པོ་ལའང་ཁས་བླང་བརྗོད་པ་དང༌། སུན་འབྱིན་བཤད་པ་གཉིས་ལས། དང་པོ་ནི།

གཉིས་པ་(སུན་འབྱིན་བཤད་པ་)ལ་གཉིས་ལས། དང་པོ་ཡུལ་ཅན་གྱི་བློ་མ་འཁྲུལ་བར་ཐལ་བ་ནི།

གཉིས་པ་ཡུལ་སྣང་རུང་དུ་ཐལ་བ་ནི།

གཉིས་པ་རང་ལུགས་གཞག་པ་ནི།

གསུམ་པ་རྩོད་པ་སྤོང་བ་ལ་གཉིས། འཁྲུལ་ཤེས་ཡུལ་མེད་ལ་རྩོད་པ་སྤང་བ་དང༌། གཟུང་ཡུལ་རང་མཚན་ལ་རྩོད་པ་སྤོང་བའོ། །དང་པ་ལ་བཞི། གཞལ་བྱ་གཉིས་སུ་གསུངས་པ་དང་འགལ་བ་སྤང་བ། དོན་སྤྱི་དང་མེད་པ་གསལ་བ་ཡུལ་དུ་མཚུངས་པའི་རྩོད་པ་སྤོང་བ། མྱོང་བ་དང་འགལ་བ་སྤོང་བ། དགག་པ་ཚད་མས་མི་རྟོགས་པར་ཐལ་བ་སྤང་བའོ། །དང་པོ་(གཞལ་བྱ་གཉིས་སུ་གསུངས་པ་དང་འགལ་བ་སྤང་བ་)ནི།

གཉིས་པ་(དོན་སྤྱི་དང་མེད་པ་གསལ་བ་ཡུལ་དུ་མཚུངས་པའི་རྩོད་པ་སྤོང་བ་)ནི།

གསུམ་པ་(མྱོང་བ་དང་འགལ་བ་སྤོང་བ་)ནི།

བཞི་པ་དགག་པ་ཚད་མས་མི་རྟོགས་པར་ཐལ་བ་སྤང་བ་ནི།

གཉིས་པ་གཟུང་ཡུལ་རང་མཚན་ལ་རྩོད་པ་སྤང་བ་ལ་རྩོད་པ་དང༌། ལན་གཉིས་ལས། དང་པོ་ནི།

གཉིས་པ་ལན་ལ་གཉིས། གྲུབ་མཐའི་རྣམ་གཞག་སྤྱིར་དཔྱད་པ་དང༌། སློབ་དཔོན་གྱིས་ཇི་ལྟར་གཏན་ལ་དབབ་པའོ། །དང་པོ་(གྲུབ་མཐའི་རྣམ་གཞག་སྤྱིར་དཔྱད་པ་)ནི།

གཉིས་པ་(སློབ་དཔོན་གྱིས་ཇི་ལྟར་གཏན་ལ་དབབ་པ་)ལ་གཉིས། དོན་རིག་དང༌། རྣམ་རིག་གོ །དང་པོ་ལ་གཉིས་ཏེ། གཞན་ལུགས་དགག་པ་དང༌། རང་ལུགས་གཞག་པའོ། །དང་པོ་ལའང་གཉིས་ཀྱི། དང་པོ་བྱེ་སྨྲའི་ལུགས་དགག་པ་ནི།

གཉིས་པ་དེ་དང་ཕྱོགས་མཚུངས་གངས་ཅན་པའི་ལུགས་དགག་པ་ནི།

གཉིས་པ་རང་ལུགས་ནི།

གཉིས་པ་རྣམ་རིག་པའི་ལུགས་གཏན་ལ་དབབ་པ་ལ་དགག་གཞག་སྤང་གསུམ་ལས།

གཉིས་པ་འཇིག་རྟེན་གྲགས་པར་བརྟེན་པ་དགག་པ་ནི།

གཉིས་པ་རྣམ་པར་རིག་པར་སྒྲུབ་པ་ནི།

གསུམ་པ་དེ་ལ་རྩོད་པ་སྤང་བ་ལ་གཉིས། རྡུལ་ཕྲན་དང་མཚུངས་པའི་རྩོད་སྤང་དང༌། རྣམ་པ་ཡོད་མེད་ལ་བརྟགས་ན་མི་འཐད་པ་སྤང་བའོ། །དང་པོ་ནི།

གཉིས་པ་(རྣམ་པ་ཡོད་མེད་ལ་བརྟགས་ན་མི་འཐད་པ་སྤང་བ་)ནི།

གཉིས་པ་ཤེས་བྱེད་ཀྱི་བློ་ལ་གཉིས། མཚན་ཉིད་དབྱེ་བ་དང་བཅས་པ་དང༌། དེ་དག་གི་དོན་གཏན་ལ་དབབ་པའོ། །དང་པོ་ནི།

གཉིས་པ་(དེ་དག་གི་དོན་གཏན་ལ་དབབ་པ་)ལ་ཚད་མའི་མཚན་ཉིད་འོག་ཏུ་འཆད་ལ། ཚད་མ་མ་ཡིན་པ་ལ་གཉིས་ཏེ། གཞན་ལུགས་དགག་པ་དང༌། རང་ལུགས་གཞག་པའོ། །དང་པོ་ལའང་གཉིས། ཁས་བླངས་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི།

གཉིས་པ་(དེ་དགག་པ་)ལ་གསུམ་སྟེ། ཡིད་དཔྱོད་རང་གི་ངོ་བོ་དགག་པ། སྣང་ལ་མ་ངེས་པ་ཚད་མིན་གྱི་བློ་ཡིན་པ་དགག་པ། བཅད་ཤེས་མ་རྟོགས་པ་ལས་ཚད་མིན་གྱི་བློ་གཞན་ཡིན་པ་དགག་པའོ། །དང་པོ་ལ་གཉིས་ཏེ། སྤྱིར་དགག་པ་དང༌། སོ་སོར་དགག་པའོ། །དང་པོ་ལའང་བརྟགས་ན་མི་འཐད་པ་དང༌། ཧ་ཅང་ཐལ་བ་དང༌། བཟློག་དང་མཚུངས་པ་གསུམ་ལས། དང་པོ་ནི།

གཉིས་པ་(ཧ་ཅང་ཐལ་བ་)ནི།

གསུམ་པ་བཟློག་དང་མཚུངས་པ་ནི།

གཉིས་པ་སོ་སོར་དགག་པ་ལ་གསུམ་ལས། དང་པོ་རྒྱུ་མཚན་མེད་པའི་ཡིད་དཔྱོད་དགག་པ་ནི།

གཉིས་པ་རྒྱུ་མཚན་ཕྱིན་ཅི་ལོག་གི་ཡིད་དཔྱོད་དགག་པ་ནི།

གསུམ་པ་ལུང་ལ་བརྟེན་པའི་ཤེས་པ་ཡིད་དཔྱོད་ཡིན་པ་དགག་པ་ནི།

གཉིས་པ་སྣང་ལ་མ་ངེས་པ་ཚད་མིན་གྱི་བློ་ཡིན་པ་དགག་པ་ནི།

གསུམ་པ་བཅད་ཤེས་མ་རྟོགས་པ་ལས་ཚད་མིན་གྱི་བློ་གཞན་ཡིན་པ་དགག་པ་ལ་གཉིས་ལས། དང་པོ་སྤྱིར་དགག་པ་ནི།

གཉིས་པ་བྱེ་བྲག་ཏུ་མངོན་སུམ་བཅད་ཤེས་དགག་པ་ལ་གཉིས། དངོས་དང༌། དེ་ལ་རྩོད་སྤང་ངོ༌། །དང་པོ་ལའང་གཉིས་ཀྱི། དང་པོ་འགལ་བ་ལ་གཞི་མཐུན་དགག་པ་ནི།

གཉིས་པ་དབང་ཤེས་རིགས་ལ་ཚད་མ་དགག་པ་ནི།

གཉིས་པ་དེ་ལ་རྩོད་པ་སྤང་བ་ནི།

གཉིས་པ་རང་གི་ལུགས་ལ་གསུམ་སྟེ། ཚད་མ་མ་ཡིན་པ་སྤྱིའི་མཚན་ཉིད། གྲངས་ཀྱི་དབྱེ་བསྡུ། སོ་སོའི་རྣམ་གཞག་གོ །དང་པོ་ནི།

གཉིས་པ་(གྲངས་ཀྱི་དབྱེ་བསྡུ་བ་)ནི།

གསུམ་པ་(སོ་སོའི་རྣམ་གཞག་)ལ་མ་རྟོགས། ལོག་རྟོག །ཐེ་ཚོམ་སྟེ་གསུམ་པོ་རེ་རེ་བཞིན་མཚན་ཉིད་དང༌། དབྱེ་བ་གཉིས་གཉིས་ལས། དང་པོ་ནི།

གཉིས་པ་(ལོག་རྟོག་)ནི།

གསུམ་པ་(ཐེ་ཚོམ་)ནི།

གསུམ་པ་བློ་དེས་ཡུལ་རྟོགས་པའི་ཚུལ་ལ་བཞི། སྤྱི་དང་བྱེ་བྲག་གི་རྟོགས་ཚུལ། སྣང་བ་དང་སེལ་བའི་རྟོགས་ཚུལ། བརྗོད་བྱ་དང་རྗོད་བྱེད་ཀྱི་རྟོགས་ཚུལ། འགལ་བ་དང་འབྲེལ་བའི་རྟོགས་ཚུལ་ལོ། །དང་པོ་ལ་གཉིས་ཀྱི། དང་པོ་ཡུལ་དང་ཡུལ་ཅན་གྱི་རྣམ་གཞག་སྤྱིར་བསྟན་པ་ནི།

གཉིས་པ་སྤྱི་དང་བྱེ་བྲག་གི་རྟོག་པ་ཁྱད་པར་དུ་དཔྱད་པ་ལ་གསུམ་གྱི། དང་པོ་མཚན་ཉིད་ནི།

གཉིས་པ་ནི།

གསུམ་པ་དོན་གཏན་ལ་དབབ་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ་གཉིས་ཏེ། རྫས་ཐ་དད་དང༌། གཅིག་པ་དགག་པའོ། །དང་པོ་ལ་གཉིས་ཀྱི། དང་པོ་ཕྱོགས་སྔ་བརྗོད་པ་ནི།

གཉིས་པ་དེ་དགག་པ་ནི།

གཉིས་པ་(གཅིག་པ་དགག་པ་)ལ་གསུམ་སྟེ། སྤྱི་གཅིག་བྱེ་བྲག་དུ་མ་དང་གཅིག་པ་དགག་པ་དང༌། སྤྱི་དུ་མ་བྱེ་བྲག་དུ་མ་དང་གཅིག་པ་དགག་པ་དང༌། མཚུངས་པའི་སྤྱི་དགག་པའོ། །དང་པོ་ལ་ཁས་བླང་བརྗོད་པ་དང༌། དེ་དགག་པ་གཉིས་ལས། དང་པོ་ནི།

གཉིས་པ་(དེ་དགག་པ་)ལ་གསུམ་སྟེ། སྣང་རུང་མ་དམིགས་པ། རྣམ་པར་བརྟག་པ། ཧ་ཅང་ཐལ་བའོ། །དང་པོ་ནི།

གཉིས་པ་(རྣམ་པར་བརྟག་པ་)ནི།

གསུམ་པ་(ཧ་ཅང་ཐལ་བ་)ནི།

གཉིས་པ་(སྤྱི་དུ་མ་བྱེ་བྲག་དུ་མ་དང་གཅིག་པ་དགག་པ་)ལའང་ཕྱོགས་སྔ་མ་བརྗོད་པ་དང༌། དེ་དགག་པ་གཉིས་ལས། དང་པོ་ནི།

གཉིས་པ་(དེ་དགག་པ་)ནི།

གསུམ་པ་མཚུངས་པའི་སྤྱི་དགག་པ་ལ་གཉིས་ཏེ། དོན་ལ་མཚུངས་པའི་སྤྱི་དགག་པ་དང༌། བློ་ངོར་མཚུངས་པའི་སྤྱི་དགག་པའོ། །དང་པོ་ལའང་ཁས་བླངས་བརྗོད་པ་དང༌། དེ་དགག་པ་གཉིས་ལས། དང་པོ་ནི།

གཉིས་པ་(དེ་དགག་པ་)ནི།

གཉིས་པ་(བློ་ངོར་མཚུངས་པའི་སྤྱི་དགག་)ནི།

གཉིས་པ་རང་གི་ལུགས་ནི།

གསུམ་པ་རྩོད་སྤང་ནི།

གཉིས་པ་སྣང་བ་དང་སེལ་བའི་རྟོགས་ཚུལ་ལ་གཉིས་ཏེ། འཇུག་ཚུལ་སྤྱིར་བསྟན་པ་དང༌། སོ་སོའི་རང་བཞིན་ངེས་པར་བྱ་བའོ། །དང་པོ་ནི།

གཉིས་པ་(སོ་སོའི་རང་བཞིན་ངེས་པར་བྱ་བ་)ལ་གཉིས་ཏེ། སྣང་བ་དང༌། སེལ་བའོ། །དང་པོ་ལ་གསུམ་སྟེ། ཡུལ་གྱི་གནས་ལུགས། བློས་འཛིན་སྟངས། བློ་དོན་མཐུན་པའོ། །དང་པོ་ནི།

གཉིས་པ་(བློས་འཛིན་སྟངས་)ནི།

གསུམ་པ་(བློ་དོན་མཐུན་པ་)ལ་གཉིས་སྟེ། ཇི་ལྟར་མཐུན་པའི་ཚུལ་དང༌། མངོན་སུམ་མ་ངེས་པར་སྒྲུབ་པའོ། །དང་པོ་ནི།

གཉིས་པ་(མངོན་སུམ་མ་ངེས་པར་སྒྲུབ་པ་)ལ་གསུམ་སྟེ། མ་ངེས་པར་གྲུབ་པའི་འཐད་པ་དངོས། དེ་ལ་མི་འཐད་པ་སྤང་བ། སྣང་ཡུལ་ལ་སྒྲ་རྟོག་མི་འཇུག་པའི་ཚུལ་ལོ། །དང་པོ་ནི།

གཉིས་པ་(དེ་ལ་མི་འཐད་པ་སྤང་བ་)ལ་གཉིས་ཏེ། མངོན་སུམ་ཚད་མས་དགག་སྒྲུབ་བྱེད་ཚུལ་དང༌། དེས་ན་མངོན་སུམ་དུ་འགལ་བ་བསྟན་པའོ། །དང་པོ་ནི།

གཉིས་པ་(དེས་ན་མངོན་སུམ་དུ་འགལ་བ་བསྟན་པ་)ལ་གསུམ་སྟེ། སྔོ་ལྡོག་ངེས་པ་རྟོག་པར་བསྒྲུབ་པ། ངེས་པའི་སྒྲོ་འདོགས་གཅོད་པའི་ཚུལ། དེ་སློབ་དཔོན་གྱི་དགོངས་པ་ཡིན་པར་བསྟན་པའོ། །དང་པོ་ནི།

གཉིས་པ་(ངེས་པའི་སྒྲོ་འདོགས་གཅོད་པའི་ཚུལ་)ནི།

གསུམ་པ་དེ་སློབ་དཔོན་གྱི་དགོངས་པ་ཡིན་པར་བསྟན་པ་ནི།

གསུམ་པ་སྣང་ཡུལ་ལ་སྒྲ་རྟོག་མི་འཇུག་པའི་ཚུལ་ལ་གསུམ། སྣང་ན་དགག་སྒྲུབ་ཅིག་ཅར་ཐལ་བ། དོན་གཅིག་གི་མིང་ཐམས་ཅད་རྣམ་གྲངས་པ་ཡིན་པ། ལྡོག་པས་འབྱེད་ན་སེལ་བར་འགྱུར་བའོ། །དང་པོ་ནི།

གཉིས་པ་(དོན་གཅིག་གི་མིང་ཐམས་ཅད་རྣམ་གྲངས་པ་ཡིན་པ་)ནི།

གསུམ་པ་(ལྡོག་པས་འབྱེད་ན་སེལ་བར་འགྱུར་བ་)ནི།

གཉིས་པ་སེལ་བ་ནི།

དེ་ལ་རང་བཞིན་ངེས་པར་བྱ་བ་དང༌། རྩོད་པ་སྤང་བ་གཉིས། དང་པོ་ལའང་གཉིས། རྣམ་གཞག་དང༌། རབ་ཏུ་དབྱེ་བའོ། །དང་པོ་ནི།

དེ་ཉིད་དོན་གྱི་སྟེང་ན་གཅིག་དང་ཐ་དད་ཕན་ཚུན་འདྲེས་པ་མེད་ཀྱང་རང་མཚན་གཅིག་ཡིན་པ་དང་ཐ་དད་ཡིན་པ་ལ་སེལ་བའི་མཛིན་སྟངས་གཅིག་ལ་གཅིག་ཐ་དད་ལ་ཐ་དད་གཟུང་བ་གཉིས། བཟློག་སྟེ་གཟུང་བ་གཉིས་ཏེ་མུ་བཞི་སྲིད་པ་ལས་ཕྱི་མ་གཉིས་གོ་དཀའ་བས་འདིར་འཆད་པ་ལ། དང་པོ་ཐ་དད་ལ་གཅིག་ཏུ་འཛིན་པ་ལ་གསུམ། སྒྲོ་འདོགས་པའི་རྒྱུ་མཚན། བློས་འཛིན་ཚུལ། དེའི་དགོས་པའོ། །དང་པོ་ནི།

གཉིས་པ་(བློས་འཛིན་ཚུལ་)ནི།

གསུམ་པ་དེའི་དགོས་པ་ནི།

གཉིས་པ་གཅིག་ལ་ཐ་དད་དུ་འཛིན་པ་ལའང་སྔ་མ་ལྟར་གསུམ་ལས། དང་པོ་ནི།

གཉིས་པ་བློས་འཛིན་ཚུལ་ནི།

གསུམ་པ་དགོས་པ་ནི།

གཉིས་པ་རབ་ཏུ་དབྱེ་བ་ལ་གསུམ་སྟེ། དབྱེ་བ་དངོས། དོན་ལ་གཞན་སེལ་དགག་པ། སོ་སོའི་རྣམ་གཞག་གོ །དང་པོ་ནི།

གཉིས་པ་དོན་ལ་གཞན་སེལ་དགག་པ་ལ་གཉིས། དངོས་དང༌། དེའི་རྒྱུ་མཚན་ནོ། །དང་པོ་ནི།

གཉིས་པ་དེའི་རྒྱུ་མཚན་ལའང་གཉིས། སེལ་བ་སྣང་བར་འགྱུར་བ་དང༌། སྣང་བ་ལའང་མཚུངས་པ་གཉིས། དང་པོ་ནི།

གཉིས་པ་སྣང་བ་ལའང་མཚུངས་པ་ནི།

གསུམ་པ་སོ་སོའི་རྣམ་གཞག་ལ་གཉིས་ལས། དང་པོ་ཡོད་པའི་སྒྲ་བློ་གཉིས་འཇུག་ཚུལ་གཅིག་པས་ཕྱོགས་གཅིག་ཏུ་བརྗོད་པ་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི།

གཉིས་པ་དབྱེ་བ་ནི།

དང་པོ་ནི།

གཉིས་པ་ནི།

གཉིས་པ་མེད་པ་གཞན་སེལ་གྱི་སྒྲ་བློ་གཉིས་འཇུག་ཚུལ་གཅིག་པས་ཕྱོགས་གཅིག་ཏུ་བརྗོད་པ་ལ་གསུམ། མཚན་ཉིད། དབྱེ་བ། དངོས་མེད་སྣང་ཡུལ་མ་ཡིན་པའོ། །དང་པོ་ནི།

གཉིས་པ་དབྱེ་བ་ནི།

གསུམ་པ་དངོས་མེད་སྣང་ཡུལ་མ་ཡིན་པ་ལ་གཉིས། འཐད་པ་དངོས་དང༌། དེ་ལ་མི་འཐད་པ་སྤང་བའོ། །དང་པོ་ནི།

གཉིས་པ་དེ་ལ་མི་འཐད་པ་སྤང་བ་ལ་བཞི། དངོས་པོ་དང་མཚུངས་པ་སྤང་བ། ཚད་མ་དང་འགལ་བ་སྤང་བ། གྲགས་པ་དང་འགལ་བ་སྤང་བ། ལུང་དང་འགལ་བ་སྤང་བའོ། །དང་པོ་ནི།

གཉིས་པ་ཚད་མ་དང་འགལ་བ་སྤང་བ་ནི།

གསུམ་པ་གྲགས་པ་དང་འགལ་བ་སྤང་བ་ནི།

བཞི་པ་ལུང་དང་འགལ་བ་སྤང་བ་ནི།

གཉིས་པ་སེལ་བ་ལ་རྩོད་པ་སྤང་བ་ལ་ལྔ་སྟེ། སྤྱི་མེད་ན་བརྡ་སྦྱོར་མི་སྲིད་པ་སྤང་བ། གཞན་སེལ་ཡིན་ན་ཕན་ཚུན་བརྟེན་པར་ཐལ་བ་སྤང་བ། གཅད་བྱ་མེད་པ་ལ་གཞན་སེལ་མི་འཇུག་པ་སྤང་བ། སེལ་བ་དངོས་པོར་གྲུབ་མ་གྲུབ་བརྟགས་ན་མི་འཐད་པ་སྤང་བ། སེལ་བ་ལ་སྤྱི་མེད་ན་གཞི་མཐུན་མི་སྲིད་པ་སྤང་བའོ། །དང་པོ་ནི།

གཉིས་པ་(གཞན་སེལ་ཡིན་ན་ཕན་ཚུན་བརྟེན་པར་ཐལ་བ་སྤང་བ་)ནི།

འདིའི་ལན་ལ་གཉིས་ལས། དང་པོ་མགོ་མཚུངས་ཀྱིས་དགག་པ་ནི།

གཉིས་པ་དངོས་པོའི་ལན་ནི།

གསུམ་པ་གཅད་བྱ་མེད་པ་ལ་གཞན་སེལ་མི་འཇུག་པ་སྤང་བ་ནི།

བཞི་པ་སེལ་བ་དངོས་པོར་གྲུབ་མ་གྲུབ་བརྟགས་ན་མི་འཐད་པ་སྤང་བ་ནི།

ལན་ལ་གཉིས་ལས། དང་པོ་གཞན་གྱི་ལན་དགག་ན།

གཉིས་པ་རང་ལན་ནི།

ལྔ་པ་སེལ་བ་ལ་སྤྱི་མེད་ན་གཞི་མཐུན་མི་སྲིད་པ་སྤང་བ་ནི།

གསུམ་པ་བརྗོད་བྱ་དང་རྗོད་བྱེད་བརྟགས་པའི་ཚུལ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ་གཉིས་ཏེ། རང་མཚན་བརྗོད་བྱར་འདོད་པ་དང༌། སྤྱི་བརྗོད་བྱར་འདོད་པ་དགག་པའོ། །དང་པོ་ལའང་གཉིས་ཏེ། དོན་རང་མཚན་བརྗོད་བྱར་འདོད་པ་དགག་པ་དང༌། ཤེས་པ་རང་མཚན་བརྗོད་བྱར་འདོད་པ་དགག་པའོ། །དང་པོ་ནི།

གཉིས་པ་ཤེས་པ་རང་མཚན་བརྗོད་བྱར་འདོད་པ་དགག་པ་ནི།

གཉིས་པ་སྤྱི་བརྗོད་བྱར་འདོད་པ་དགག་པ་ལ་གཉིས། རིགས་སྤྱི་བརྗོད་བྱར་འདོད་པ་དགག་པ་དང༌། སྒྲ་དོན་གྱི་སྤྱི་བརྗོད་བྱར་འདོད་པ་དགག་པའོ། །དང་པོ་ནི།

གཉིས་པ་ལྡན་མིན་འདུ་བྱེད་བརྗོད་བྱར་འདོད་པ་དགག་པ་ནི།

གཉིས་པ་རང་ལུགས་གཞག་པ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། དེའི་དོན་གཏན་ལ་དབབ་པའོ། །དང་པོ་ནི།

གཉིས་པ་དབྱེ་བ་ནི།

གསུམ་པ་དེའི་དོན་གཏན་ལ་དབབ་པ་ལ་གསུམ་སྟེ། སྒྲའི་དངོས་ཀྱི་བརྗོད་བྱ་མེད་པར་སྒྲུབ་པ། གཞི་མེད་ལ་འཁྲུལ་ནས་བརྡ་སྦྱོར་བའི་ཚུལ། འཁྲུལ་པ་ལ་སྦྱར་བས་འཇུག་ཡུལ་ཐོབ་པའི་འཐད་པའོ། །དང་པོ་ནི།

གཉིས་པ་གཞི་མེད་ལ་འཁྲུལ་ནས་བརྡ་སྦྱོར་བའི་ཚུལ་ནི།

གསུམ་པ་འཁྲུལ་པ་ལ་སྦྱར་བས་འཇུག་ཡུལ་ཐོབ་པའི་འཐད་པ་ནི།

གསུམ་པ་རྩོད་པ་སྤང་བ་ལ་ལྔ་སྟེ། དངོས་པོའི་སྤྱི་བརྗོད་བྱར་འདོད་པ་དང་མཚུངས་པ་སྤང་བ། ཤེས་པ་རང་མཚན་བརྗོད་བྱར་འདོད་པ་དང་མཚུངས་པ་སྤང་བ། མི་ལྡན་འདུ་བྱེད་བརྗོད་བྱར་འདོད་པ་དང་མཚུངས་པ་སྤང་བ། བརྗོད་བྱ་མེད་ན་ཐ་སྙད་རྒྱུན་ཆད་པར་འགྱུར་བ་སྤང་བ། འཁྲུལ་པའི་འབྲེལ་པ་མི་དགོས་པར་འདོད་པ་སྤང་བའོ། །དང་པོ་ནི།

གཉིས་པ་ཤེས་པ་རང་མཚན་བརྗོད་བྱར་འདོད་པ་དང་མཚུངས་པ་སྤང་བ་ནི།

གསུམ་པ་(མི་ལྡན་འདུ་བྱེད་བརྗོད་བྱར་འདོད་པ་དང་མཚུངས་པ་སྤང་བ་)ནི།

བཞི་པ་བརྗོད་བྱ་མེད་ན་ཐ་སྙད་རྒྱུན་ཆད་པར་འགྱུར་བ་སྤང་བ་ནི།

ལྔ་པ་འཁྲུལ་པའི་འབྲེལ་པ་མི་དགོས་པར་འདོད་པ་སྤང་བ་ནི།

བཞི་པ་འགལ་འབྲེལ་རྟོགས་ཚུལ་ནི།

དེ་ལའང་གཉིས་ལས། དང་པོ་འབྲེལ་པ་ལ་གསུམ་སྟེ། དོན་ལ་འབྲེལ་པ་དགག །བློ་ངོར་འབྲེལ་པ་བསྒྲུབ། འབྲེལ་པ་སྒྲུབ་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ལའང་གཉིས་ལས་འབྲེལ་པ་སྤྱིར་དགག་པ་ནི།

གཉིས་པ་སོ་སོར་དགག་པ་ལ་གསུམ། བདག་གཅིག་པའི་འབྲེལ་པ་དོན་ལ་གྲུབ་པ་དགག །དེ་བྱུང་གི་འབྲེལ་པ་དོན་ལ་གྲུབ་པ་དགག །འབྲེལ་པ་གཞན་བཀག་པ་གྲུབ་པའོ། །དང་པོ་ནི།

གཉིས་པ་དེ་བྱུང་གི་འབྲེལ་པ་དོན་ལ་གྲུབ་པ་དགག་པ་ལ་གཉིས་ཏེ། རྒྱུ་འབྲས་ཀྱྀ་རྫས་ལ་འབྲེལ་པ་དགག་པ་དང༌། རིགས་ལ་འབྲེལ་པ་དགག་པའོ། །དང་པོ་ལ་གསུམ། རྒྱུ་འབྲས་རིམ་གྱིས་པ་ལ་འབྲེལ་པ་དགག་པ། རྐྱང་པ་ལ་འབྲེལ་པ་དགག་པ། ལྟོས་པ་ལ་འབྲེལ་པ་དགག་པའོ། །དང་པོ་ལའང་སྔ་ཕྱི་ལ་མི་འཐད་པ་དང༌། བར་གྱི་སྦྱོར་འབྲེལ་མི་འཐད་པ་གཉིས་ལས། དང་པོ་ནི།

གཉིས་པ་བར་གྱི་སྦྱོར་འབྲེལ་མི་འཐད་པ་ནི།

གཉིས་པ་རྐྱང་པ་ལ་འབྲེལ་པ་དགག་པ་ནི།

གསུམ་པ་ལྟོས་པ་ལ་འབྲེལ་པ་དགག་པ་ལ་གཉིས། ཕན་འདོགས་པ་ལ་འབྲེལ་པ་དགག་པ་དང༌། མེད་ན་མི་འབྱུང་བ་ལ་འབྲེལ་པ་དགག་པའོ། །དང་པོ་ནི།

གཉིས་པ་མེད་ན་མི་འབྱུང་བ་ལ་འབྲེལ་པ་དགག་པ་ནི།

གཉིས་པ་རིགས་ལ་འབྲེལ་པ་དགག་པ་ནི།

གསུམ་པ་འབྲེལ་པ་གཞན་བཀག་པ་གྲུབ་པ་ནི།

གཉིས་པ་བློ་ངོར་འབྲེལ་པ་བསྒྲུབ་པ་ལ་གཉིས་ཏེ། བློས་ཇི་ལྟར་སྦྲེལ་བའི་ཚུལ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི།

གཉིས་པ་དེ་ལ་རྩོད་པ་སྤང་བ་ལ་གཉིས། བདག་གཅིག་པར་སྦྲེལ་བ་ལ་རྩོད་པ་སྤང་བ་དང༌། དེ་ལས་བྱུང་བར་སྦྲེལ་བ་ལ་རྩོད་པ་སྤང་བའོ། །དང་པོ་ནི།

གཉིས་པ་དེ་ལས་བྱུང་བར་སྦྲེལ་བ་ལ་རྩོད་པ་སྤང་བ་ནི།

གསུམ་པ་འབྲེལ་པ་སྒྲུབ་བྱེད་ཀྱི་ཚད་མ་ལ་གསུམ་སྟེ། མཚན་ཉིད་བསྒྲུབ་པ། མཚན་གཞི་ངོས་གཟུང་བ། དེ་དག་གང་གིས་ངེས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བདག་གཅིག་གི་འབྲེལ་པ་སྒྲུབ་བྱེད་དང༌། དེ་བྱུང་གི་འབྲེལ་པ་སྒྲུབ་བྱེད་དོ། །དང་པོ་ལ་གཉིས། ཐ་སྙད་སྒྲུབ་ཀྱི་འབྲེལ་པ་དང༌། དོན་སྒྲུབ་ཀྱི་འབྲེལ་པའོ། །དང་པོ་ནི།

གཉིས་པ་དོན་སྒྲུབ་ཀྱི་འབྲེལ་པ་ལ་གཉིས་ཏེ། རྟགས་དགོད་པ་དང༌། དེ་མ་ངེས་པ་སྤང་བའོ། །དང་པོ་ནི།

གཉིས་པ་དེ་མ་ངེས་པ་སྤང་བ་ལ་གསུམ་སྟེ། ལྟོས་མེད་དང༌། གནོད་པ་ཅན་གྱི་རྟགས། དེ་གཉིས་ཀྱི་དགོས་པའོ། །དང་པོ་ནི།

ལྟོས་མེད་ཀྱི་རྟགས་དེ་ལ་མ་གྲུབ་པ་དང༌། མ་ངེས་པ་དང༌། ཧ་ཅང་ཐལ་བའི་སྐྱོན་གསུམ་སྤང་བ་ལ། དང་པོ་ནི།

གཉིས་པ་མ་ངེས་པ་ནི།

གསུམ་པ་(ཧ་ཅང་ཐལ་བའི་སྐྱོན་གསུམ་སྤང་བ་)ནི།

གཉིས་པ་གནོད་པ་ཅན་གྱི་རྟགས་ལ་གཉིས་ཏེ། ཕྱོགས་སྔ་མ་དང༌། དེ་དགག་པའོ། །དང་པོ་ནི།

གཉིས་པ་དེ་དགག་པ་ལ་གཉིས། བརྟགས་ན་མི་འཐད་པར་བསྟན་པ་དང༌། དེ་རྟགས་ཀྱིས་བསྒྲུབ་པའོ། །དང་པོ་ནི།

གཉིས་པ་དེ་རྟགས་ཀྱིས་བསྒྲུབ་པ་ལ་གཉིས་ཏེ། རྟགས་དགོད་པ། སྦྱོར་བའི་དོན་ངོས་གཟུང་བའོ། དང་པོ་རྟགས་དགོད་པ་ནི།

གཉིས་པ་(སྦྱོར་བའི་དོན་ངོས་གཟུང་བ་)ལ་གསུམ་ལས། དང་པོ་ནི།

གཉིས་པ་བསྒྲུབ་བྱ་ནི།

གསུམ་པ་གཏན་ཚིགས་ལ་གཉིས། ཕྱོགས་ཆོས་དང༌། ཁྱབ་པ་བསྒྲུབ་པའོ། །དང་པོ་ལའང་དགག་གཞག་གཉིས། དང་པོ་ལ་གཉིས་ལས། དང་པོ་མངོན་སུམ་གྱིས་གྲུབ་པ་དགག་པ་ནི།

གཉིས་པ་རང་རིག་གཅིག་པུས་གྲུབ་པ་དགག་པ་ནི།

གཉིས་པ་རང་ལུགས་གཞག་པ་ནི།

གཉིས་པ་ཁྱབ་པ་བསྒྲུབ་པ་ནི།

གསུམ་པ་རྟགས་དེ་གཉིས་ཀྱི་དགོས་པ་ནི།

གཉིས་པ་དེ་ལས་བྱུང་བའི་འབྲེལ་པ་ངེས་པར་བྱེད་པ་ལའང་དགག་གཞག་སྤང་གསུམ་ལས།
དང་པོ་ནི།

གཉིས་པ་རང་ལུགས་གཞག་པ་ལ་གཉིས་ཀྱི། དང་པོ་མཚན་ཉིད་ནི།

གཉིས་པ་དེ་ངེས་པར་བྱེད་པ་ནི།

གསུམ་པ་རྩོད་པ་སྤང་བ་ནི།

གཉིས་པ་དེའི་མཚན་གཞི་ངོས་གཟུང་བ་ནི།

གསུམ་པ་དེ་དག་གང་གིས་ངེས་པའི་ཚུལ་ལ་གཉིས། ཕྱོགས་རེས་ངེས་པ་གཞན་གྱི་ལུགས་དང༌། གཉིས་ཀ་དགོས་པ་རང་གི་ལུགས་སོ། །དང་པོ་ལ་གཉིས་ལས། དང་པོ་ནི།

གཉིས་པ་ནི།

གཉིས་པ་རང་ལུགས་ནི།

གཉིས་པ་འགལ་བའི་དོན་ངེས་པར་བྱ་བ་ལ་གཉིས་ཏེ། འགལ་བ་སྤྱིའི་མཚན་ཉིད་དང༌། མཚན་གཞིའི་རབ་ཏུ་དབྱེ་བའོ། །དང་པོ་ནི།

དང་པོ་ལྷན་ཅིག་མི་གནས་པ་ལ་བཞི་སྟེ། མཚན་ཉིད། འགལ་བ་གནས་པའི་ཡུལ། གནོད་བྱ་ལྡོག་པའི་དུས། འགལ་བ་ངེས་བྱེད་ཀྱི་ཚད་མའོ། །དང་པོ་ལ་དགག་གཞག་གཉིས་ལས། དང་པོ་(གཞན་གྱི་ལན་དགག་པ་)ནི།

གཉིས་པ་རང་ལུགས་གཞག་པ་ནི།

གཉིས་པ་འགལ་བ་གནས་པའི་ཡུལ་ལ་གཉིས། འགལ་བ་ངོས་གཟུང་བ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི།

གཉིས་པ་དེ་ལ་རྩོད་པ་སྤང་བ་ལ་གཉིས། ཡུལ་ལ་བརྟགས་ན་མི་འཐད་པ་སྤང་བ་དང༌། རྫས་ལ་བརྟགས་ན་མི་འཐད་པ་སྤང་བའོ། །དང་པོ་ནི།

གཉིས་པ་(རྫས་ལ་བརྟགས་ན་མི་འཐད་པ་སྤང་བ་)ནི།

འདིའི་ལན་ལ་གཉིས་ལས། དང་པོ་གཞན་གྱི་ལན་དགག་པ་ནི།

གཉིས་པ་རང་ལུགས་ནི།

གསུམ་པ་གནོད་བྱ་ལྡོག་པའི་དུས་ལའང་དགག་གཞག་སྤང་གསུམ་ལས། དང་པོ་ནི།

གཉིས་པ་རང་ལུགས་གཞག་པ་ནི།

གསུམ་པ་རྩོད་པ་སྤང་བ་ལ་གཉིས། དོན་གྱི་འགལ་བ་ལ་རྩོད་པ་སྤང་བ་དང༌། བློའི་འགལ་བ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས། ཆ་ཡོད་མེད་ལ་བརྟགས་ན་མི་འཐད་པ་སྤང་བ་དང༌། ནུས་པ་ཐོགས་མེད་ལ་བརྟགས་ན་མི་འཐད་པ་སྤང་བའོ། །དང་པོ་ནི།

གཉིས་པ་(ནུས་པ་ཐོགས་མེད་ལ་བརྟགས་ན་མི་འཐད་པ་སྤང་བ་)ནི།

གཉིས་པ་བློའི་འགལ་བ་ལ་རྩོད་པ་སྤང་བ་ནི།

བཞི་པ་འགལ་བ་ངེས་བྱེད་ཀྱི་ཚད་མ་ལ་གསུམ་གྱི། དང་པོ་དོན་ལ་འགལ་བ་དགག་པ་ནི།

གཉིས་པ་བློ་ངོར་འགལ་བ་བསྒྲུབ་པ་ནི།

གསུམ་པ་གྲུབ་པ་ལ་རྩོད་པ་སྤང་བ་ནི།

གཉིས་པ་ཕན་ཚུན་སྤང་འགལ་ལ་གཉིས་ཏེ། གཞན་ལུགས་མི་འཐད་པར་བསྟན་པ་དང༌། འཐད་པའི་རང་ལུགས་གཞག་པའོ། །དང་པོ་ལ་གཉིས། ཕྱོགས་སྔ་མ་དང༌། དེ་དགག་པའོ། །དང་པོ་ནི།

གཉིས་པ་དེ་དགག་པ་ལ་གསུམ། དགག་པ་དངོས་དང༌། ཉེས་སྤོང་གི་ལན་དགག་པ། ཐ་དད་ལ་འགལ་བར་གསུངས་པའི་དགོངས་པ་བསྟན་པའོ། །དང་པོ་ནི།

གཉིས་པ་ཉེས་སྤོང་གི་ལན་དགག་པ་ནི།

གསུམ་པ་(ཉེས་སྤོང་གི་ལན་དགག་པ་)ནི།

གཉིས་པ་འཐད་པའི་རང་ལུགས་གཞག་པ་ལ་གསུམ། གཅིག་དང་ཐ་དད་ཀྱི་རྣམ་གཞག །ཐ་དད་ལ་འགལ་འབྲེལ་དུ་འཇོག་པའི་ཚུལ། ཕན་ཚུན་སྤང་འགལ་ཉིད་བཤད་པའོ། །དང་པོ་ནི།

གཉིས་པ་ཐ་དད་ལ་འགལ་འབྲེལ་དུ་འཇོག་པའི་ཚུལ་ནི།

གསུམ་པ་ཕན་ཚུན་སྤང་འགལ་ཉིད་བཤད་པ་ལ་གཉིས། དངོས་འགལ་དང་བརྒྱུད་འགལ་བཤད་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི།

གཉིས་པ་(དེ་ལ་རྩོད་པ་སྤང་བ་)ནི།

གཉིས་པ་ཤེས་བྱེད་ཚད་མའི་རང་བཞིན་ངེས་པར་བྱ་བ་ལ་གཉིས་ཏེ། མཚན་ཉིད་ཀྱི་རྣམ་གཞག་དང༌། མཚན་གཞི་སོ་སོའི་དོན་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་སྟེ། སྤྱིར་མཚན་མཚོན་གཞི་གསུམ་གྱི་རང་བཞིན། བྱེ་བྲག་ཏུ་ཚད་མའི་མཚན་ཉིད་ངེས་པར་བྱ་བ། མཚན་ཉིད་ཀྱིས་མཚོན་པའི་དོན་གཏན་ལ་དབབ་པའོ། །དང་པོ་ལའང་གསུམ་སྟེ། ཤེས་བྱ་ལ་ཆོས་གསུམ་གྱིས་ཁྱབ་པར་བསྒྲུབ་པ། ཁྱབ་བྱེད་ཆོས་གསུམ་གྱི་རང་བཞིན་ངེས་པར་བྱ་བ། ཆོས་གསུམ་སོ་སོའི་རྣམ་གཞག་གོ །དང་པོ་ནི།

གཉིས་པ་ཁྱབ་བྱེད་ཆོས་གསུམ་གྱི་རང་བཞིན་ངེས་པར་བྱ་བ་ལ་གཉིས་ཏེ། ངོ་བོ་ངོས་གཟུང་བ་དང༌། སོ་སོའི་མཚན་ཉིད་དོ། །དང་པོ་ནི།

གཉིས་པ་སོ་སོའི་མཚན་ཉིད་ནི།

དགོས་པ་དེ་ལྡན་གྱི་རྒྱུ་མཚན་དངོས་བཤད་པ་ལ་གསུམ། མཚན་ཉིད། མཚོན་བྱ། མཚན་གཞིའི་རྒྱུ་མཚན་ནོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་ལ་མཚན་ཉིད་མི་དགོས་པར་རྟོག་པ་དགག །དགོས་པའི་མཚན་ཉིད་གཞག་པ། དེས་བསལ་བྱ་སྐྱོན་ཅན་གྱི་རབ་ཏུ་དབྱེ་བའོ། །དང་པོ་ནི།

གཉིས་པ་དགོས་པའི་མཚན་ཉིད་གཞག་པ་ནི།

གསུམ་པ་དེས་བསལ་བྱ་སྐྱོན་ཅན་གྱི་རབ་ཏུ་དབྱེ་བ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ་གཉིས། ཕྱོགས་སྔའི་འདོད་པ་དང༌། དེ་དགག་པའོ། །དང་པོ་ནི།

གཉིས་པ་དེ་དགག་པ་ནི།

གཉིས་པ་རང་ལུགས་གཞག་པ་ནི།

གསུམ་པ་རྩོད་པ་སྤང་བ་ནི།

གཉིས་པ་མཚོན་བྱ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི།

གཉིས་པ་རང་ལུགས་གཞག་པ་ནི།

གསུམ་པ་རྩོད་པ་སྤང་བ་ནི།

གསུམ་པ་མཚན་གཞི་ནི།

གསུམ་པ་ཆོས་གསུམ་སོ་སོའི་རྣམ་གཞག་ལ་གསུམ། རང་ལྡོག་ངོས་གཟུང་བ། ཇི་ལྟར་འབྲེལ་བའི་ཚུལ། མཚན་ཉིད་དང་འབྲེལ་ནས་སོ་སོར་མཚོན་པའི་རྣམ་གཞག་གོ །དང་པོ་ལ་གཞན་ལུགས་དགག་པ་དང༌། རང་གི་འདོད་པ་དགོད་པ་གཉིས་ལས། དང་པོ་ནི།

གཉིས་པ་རང་གི་འདོད་པ་དགོད་པ་ནི།

གཉིས་པ་(ཇི་ལྟར་འབྲེལ་བའི་ཚུལ་)ལ་གཉིས་ཀྱི་དང་པོ་ཇི་ལྟར་འབྲེལ་པའི་ཚུལ་དངོས་ནི།

གཉིས་པ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ནི།

གསུམ་པ་མཚན་ཉིད་དང་འབྲེལ་ནས་སོ་སོར་མཚོན་པའི་རྣམ་གཞག་ལ་གཉིས་ཏེ། ཇི་ལྟར་མཚོན་པའི་ཚུལ་དང༌། ཕན་ཚུན་ངེས་པའི་རྣམ་གཞག་གོ །དང་པོ་ལ་གཉིས། སྦྱོར་བའི་དབྱེ་བ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི།

གཉིས་པ་དེ་ལ་རྩོད་པ་སྤང་བ་ལ་གསུམ་སྟེ། རང་ལྡོག་ཡིན་པར་མཚོན་ཚུལ་ལ་རྩོད་པ་སྤང་བ། གཞན་ལྡོག་མིན་པར་མཚོན་ཚུལ་ལ་རྩོད་པ་སྤང་བ། འགལ་མཚུངས་ཀྱི་སྦྱོར་བ་དཔེར་བརྗོད་པའོ། །དང་པོ་ནི།

གཉིས་པ་གཞན་ལྡོག་མིན་པར་མཚོན་ཚུལ་ལ་རྩོད་པ་སྤོང་བ་ནི།

གསུམ་པ་འགལ་མཚུངས་ཀྱི་སྦྱོར་བ་དཔེར་བརྗོད་པ་ནི།

གཉིས་པ་ཕན་ཚུན་ངེས་པའི་རྣམ་གཞག་ནི།

གཉིས་པ་བྱེ་བྲག་ཏུ་ཚད་མའི་མཚན་ཉིད་ངེས་པར་བྱ་བ་ལ་གཉིས་ཏེ། མཚན་ཉིད་ངོས་གཟུང་བ་དང༌། དེས་སྒྲོ་འདོགས་གཅོད་པའི་ཚུལ་ལོ། །དང་པོ་ལའང་དགག་གཞག་སྤང་གསུམ་ལས། དང་པོ་ནི།

གཉིས་པ་རང་ལུགས་གཞག་པ་ནི།

གསུམ་པ་རྩོད་པ་སྤང་བ་ནི།

གཉིས་པ་དེས་སྒྲོ་འདོགས་གཅོད་པའི་ཚུལ་ལ་གཉིས། ཇི་ལྟར་ངེས་པ་དང༌། རྩོད་པ་སྤང་བའོ། །དང་པོ་ནི།

གཉིས་པ་རྩོད་པ་སྤང་བ་ནི།

གསུམ་པ་མཚན་ཉིད་ཀྱིས་མཚོན་པའི་དོན་གཏན་ལ་དབབ་པ་ལ་བཞི་སྟེ། མཚོན་བྱའི་རབ་ཏུ་དབྱེ་བ། མཚན་གཞི་ལ་ལོག་རྟོག་དགག་པ། མཚན་གཞི་ལ་མཚན་ཉིད་ངེས་པར་བྱེད་པའི་ཚད་མ་བཤད་པ། དེས་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་ལོ། །དང་པོ་ལ་བཞི་སྟེ། དབྱེ་བའི་གཞི། དབྱེ་བའི་ངོ་བོ། གྲངས་ངེས་པ། སྒྲའི་དོན་ནོ། །དང་པོ་ལ་གཉིས། མི་འཐད་པ་དགག །འཐད་པའི་ལུགས་གཞག་པའོ། །དང་པོ་ནི།

གཉིས་པ་འཐད་པའི་ལུགས་གཞག་པ་ནི།

གཉིས་པ་དབྱེ་བའི་ངོ་བོ་ནི།

གསུམ་པ་གྲངས་ངེས་པ་ནི།

བཞི་པ་སྒྲའི་དོན་ནི།

གཉིས་པ་མཚན་གཞི་ལ་ལོག་རྟོག་དགག་པ་ལ་གཉིས་ཏེ། མངོན་སུམ་གྱི་མཚན་གཞི་ལ་ལོག་རྟོག་དགག་པ་དང༌། རྗེས་དཔག་གི་མཚན་གཞི་ལ་ལོག་རྟོག་དགག་པའོ། །དང་པོ་ལ་གསུམ་སྟེ། མངོན་སུམ་མ་ཡིན་པ་ལ་ཡིན་པར་རྟོག་པ་དགག་པ་དང༌། ཡིན་པ་ལ་མིན་པར་རྟོག་པ་དགག་པ་དང༌། ཡིན་མིན་མཚུངས་པར་རྟོག་པ་དགག་པའོ། །དང་པོ་ནི།

གཉིས་པ་(ཡིན་པ་ལ་མིན་པར་རྟོག་པ་དགག་པ་)ནི།

གསུམ་པ་(ཡིན་མིན་མཚུངས་པར་རྟོག་པ་དགག་པ་)ནི།

གཉིས་པ་(རྗེས་དཔག་གི་མཚན་གཞི་ལ་ལོག་རྟོག་དགག་པ་)ལ་གཉིས་ཏེ། རྗེས་དཔག་ཡིན་པ་ལ་མིན་པར་རྟོག་པ་དགག་པ་དང༌། མིན་པ་ལ་ཡིན་པར་རྟོག་པ་དགག་པའོ། །དང་པོ་ནི།

གཉིས་པ་(མིན་པ་ལ་ཡིན་པར་རྟོག་པ་དགག་པ་)ནི།

གསུམ་པ་མཚན་གཞི་ལ་མཚན་ཉིད་ངེས་པར་བྱེད་པའི་ཚད་མ་བཤད་པ་ལ་གཉིས་ཏེ། དྲི་བ་དགོད་པ་དང༌། ལན་ནོ། །དང་པོ་ནི།

གཉིས་པ་ལན་ལ་གསུམ་སྟེ། གཞན་གྱི་བརྟགས་པའི་ལན་དགག་པ། རང་ལུགས་ཀྱི་ལན་དགོད་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི།

གཉིས་པ་(རང་ལུགས་ཀྱི་ལན་དགོད་པ་)ནི།

གསུམ་པ་རྩོད་པ་སྤང་བ་ནི།

བཞི་པ་དེས་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་ལ་གཉིས་ཏེ། དགག་སྒྲུབ་ཀྱི་རྣམ་གཞག་དང༌། དེས་དོན་ཇི་ལྟར་རྟོགས་པའི་ཚུལ་ལོ། །དང་པོ་ནི།

གཉིས་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི།

གཉིས་པ་རང་ལུགས་གཞག་པ་ནི།

གསུམ་པ་རྩོད་པ་སྤང་བ་ནི།

གཉིས་པ་མཚན་གཞི་སོ་སོའི་དོན་ལ་གཉིས་ཏེ། མངོན་སུམ་དང༌། རྗེས་དཔག་གོ །དང་པོ་ལ་གསུམ་སྟེ། མངོན་སུམ་ཡང་དག །བཟློག་ཕྱོགས་མངོན་སུམ་ལྟར་སྣང༌། མངོན་སུམ་ཚད་མའི་འབྲས་བུའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། མཚོན་བྱའི་དབྱེ་བ། མཚན་གཞི་སོ་སོའི་དོན་ནོ། །དང་པོ་ལ་གཉིས། གཞན་གྱི་བརྟགས་པ་དགག་པ། རང་གི་འཐད་པ་བརྗོད་པའོ། །དང་པོ་ནི།

གཉིས་པ་རང་གི་འཐད་པ་བརྗོད་པ་ནི།

གཉིས་པ་མཚོན་བྱའི་དབྱེ་བ་ནི།

གསུམ་པ་མཚན་གཞི་སོ་སོའི་དོན་ལ་བཞི་སྟེ། དབང་པོའི་མངོན་སུམ། ཡིད་ཀྱི་མངོན་སུམ། རང་རིག་མངོན་སུམ། རྣལ་འབྱོར་མངོན་སུམ་མོ། །དང་པོ་ལ་མཚན་ཉིད་དང༌། དེ་བསྒྲུབ་པ། སྒྲ་དོན་ངེས་པར་བྱ་བ་གསུམ་ལས། དང་པོ་ནི།

གཉིས་པ་དེ་བསྒྲུབ་པ་ལ་གཉིས་ཏེ། དབང་པོ་ལས་སྐྱེས་པར་བསྒྲུབ་པ། རྟོག་བྲལ་མ་འཁྲུལ་བར་བསྒྲུབ་པའོ། །དང་པོ་ནི།

གཉིས་པ་རྟོག་བྲལ་མ་འཁྲུལ་བར་བསྒྲུབ་པ་ནི།

གསུམ་པ་སྒྲ་དོན་ངེས་པར་བྱ་བ་ནི།

གཉིས་པ་ཡིད་ཀྱི་མངོན་སུམ་ལ་གསུམ་སྟེ། ངོ་བོ་ངོས་གཟུང་བ། རང་བཞིན་གཏན་ལ་དབབ་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི།

གཉིས་པ་རང་བཞིན་གཏན་ལ་དབབ་པ་ལ་གསུམ་སྟེ། སྐྱེ་བའི་ཚུལ་དང༌། ཚད་མར་གྱུར་པའི་འཐད་པ་དང༌། སྐྱེ་བའི་གནས་སྐབས་ལ་དཔྱད་པའོ། །དང་པོ་ནི།

གཉིས་པ་ཚད་མར་གྱུར་པའི་འཐད་པ་ནི།

གསུམ་པ་དེ་ལ་རྩོད་པ་སྤང་བ་ནི།

གསུམ་པ་རང་རིག་མངོན་སུམ་ལ་གཉིས་ཏེ། མཚན་ཉིད་དང༌། རྩོད་པ་སྤང་བའོ། །དང་པོ་ནི།

གཉིས་པ་རྩོད་པ་སྤང་བ་ནི།

བཞི་པ་རྣལ་འབྱོར་མངོན་སུམ་ལ་གསུམ་སྟེ། རང་བཞིན་ངོས་གཟུང་བ། ཚད་མར་འགྱུར་བའི་ཚུལ། དེ་སྒྲུབ་བྱེད་ཀྱི་ཚད་མའོ། །དང་པོ་རང་བཞིན་ངོས་གཟུང་བ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། རྒྱུ་བསམ་པའོ། །དང་པོ་མཚན་ཉིད་ནི།

གཉིས་པ་དབྱེ་བ་ནི།

གསུམ་པ་རྒྱུ་བསམ་པ་ལ་གསུམ་སྟེ། ཡེ་ཤེས་ཀྱི་རྒྱུ། དེ་མཐར་ཕྱིན་པའི་དུས། ཐབས་ལ་ལྟོས་པའི་འབྲས་བུའི་ཁྱད་པར་རོ། །དང་པོ་ནི།

གཉིས་པ་དེ་མཐར་ཕྱིན་པའི་དུས་ནི།

གསུམ་པ་ཐབས་ལ་ལྟོས་པའི་འབྲས་བུའི་ཁྱད་པར་ནི།

གཉིས་པ་ཚད་མར་འགྱུར་བའི་ཚུལ་ལ་གཉིས་ཏེ། མངོན་སུམ་ཚད་མར་བསྒྲུབ་པ། ཚད་མ་དེས་འཇུག་ལྡོག་བྱེད་ཚུལ་ལོ། །དང་པོ་ནི།

གཉིས་པ་ཚད་མ་དེས་འཇུག་ལྡོག་བྱེད་ཚུལ་ནི།

གསུམ་པ་དེ་སྒྲུབ་བྱེད་ཀྱི་ཚད་མ་ལ་གསུམ་སྟེ། ངོ་བོ་བསྒྲུབ་པ། མཚན་ཉིད་བསྒྲུབ་པ། གྲུབ་པའི་དོན་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས། འདས་འབྱུང་གཉིས་བསྒྲུབ་པ་དང༌། རྟེན་བརྟེན་པ་བསྒྲུབ་པའོ། །དང་པོ་ནི།

གཉིས་པ་རྟེན་བརྟེན་པ་བསྒྲུབ་པ་ལ་གཉིས། ཕྱོགས་ཆོས་བསྒྲུབ་པ་དང༌། ཁྱབ་པ་བསྒྲུབ་པའོ། །དང་པོ་ལ་གཉིས། གཞན་གྱི་བརྟགས་པ་དགག་པ། རང་གི་འཐད་པ་བརྗོད་པའོ། །དང་པོ་ནི།

གཉིས་པ་རང་གི་འཐད་པ་བརྗོད་པ་ལ་གཉིས་ཏེ། སྔོན་མཐའ་དང༌། མ་འོངས་པ་ཐུག་མེད་དུ་བསྒྲུབ་པའོ། །དང་པོ་ནི།

གཉིས་པ་མ་འོངས་པ་ཐུག་མེད་དུ་བསྒྲུབ་པ་ལ་གཉིས་ཏེ། བདག་འཛིན་དང་བཅས་པ་དང༌། བདག་འཛིན་མེད་པའི་གསལ་བ་ཐུག་མེད་དུ་བསྒྲུབ་པའོ། །དང་པོ་ལ་གཉིས། རྟགས་ཀྱིས་བསྒྲུབ་པ་དང༌། དོན་གཏན་ལ་དབབ་པའོ། །དང་པོ་ནི།

གཉིས་པ་དོན་གཏན་ལ་དབབ་པ་ལ་དགག་གཞག་གཉིས་ལས། དང་པོ་ནི།

གཉིས་པ་རང་ལུགས་གཞག་པ་ལ་གཉིས་ཏེ། འཁོར་བར་སྐྱེ་བའི་རྒྱུ་ངོས་གཟུང་བ། དེའི་གཉེན་པོ་དཔྱད་པའོ། །དང་པོ་ནི།

གཉིས་པ་དེའི་གཉེན་པོ་དཔྱད་པ་ལ་གཉིས་ཏེ། ཕྱོགས་རེའི་མགོ་གནོན་དང༌། མཐའ་དག་དཔྱིས་འབྱིན་ནོ། །དང་པོ་ནི།

གཉིས་པ་མཐའ་དག་དཔྱིས་འབྱིན་པ་ནི།

གཉིས་པ་བདག་འཛིན་མེད་པའི་གསལ་བ་ཐུག་མེད་དུ་བསྒྲུབ་པ་ནི།

གཉིས་པ་ཁྱབ་པ་བསྒྲུབ་པ་ནི།

གཉིས་པ་མཚན་ཉིད་བསྒྲུབ་པ་ནི།

གསུམ་པ་གྲུབ་པའི་དོན་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། སྤངས་པ་ཕུན་ཚོགས་དང༌། ཡེ་ཤེས་ཕུན་ཚོགས་ལ་མི་འཐད་པ་སྤང་བའོ། །དང་པོ་ནི།

གཉིས་པ་ཡེ་ཤེས་ཕུན་ཚོགས་ལ་མི་འཐད་པ་སྤང་བ་ལ་གཉིས་ཏེ། རྒྱུ་ལམ་གོམས་པ་མི་འཐད་པ་དང༌། འབྲས་བུ་ཐམས་ཅད་མཁྱེན་པ་མི་འཐད་པ་སྤང་བའོ། །དང་པོ་ནི།

གཉིས་པ་འབྲས་བུ་ཐམས་ཅད་མཁྱེན་པ་མི་འཐད་པ་སྤང་བ་ནི།

འདིའི་ལན་ལ་དགོས་པའི་དོན་ཀུན་མཁྱེན་པས་ཐམས་ཅད་མཁྱེན་པར་གྲུབ་པའི་ཚུལ་དང༌། ཤེས་བྱའི་དོན་ཀུན་མཁྱེན་པས་ཐམས་ཅད་མཁྱེན་པར་གྲུབ་པའི་ཚུལ་གཉིས་ལས། དང་པོ་ནི།

གཉིས་པ་ཤེས་བྱའི་དོན་ཀུན་མཁྱེན་པས་ཐམས་ཅད་མཁྱེན་པར་གྲུབ་པའི་ཚུལ་ནི།

གཉིས་པ་བཟློག་ཕྱོགས་མངོན་སུམ་ལྟར་སྣང་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི།

གཉིས་པ་དབྱེ་བ་ནི།

གསུམ་པ་མངོན་སུམ་ཚད་མའི་འབྲས་བུ་ལ་གཉིས་ཏེ། དངོས་དང༌། ཞར་བྱུང་ངོ༌། །དང་པོ་ལ་གསུམ་སྟེ། གཞན་གྱིས་བཤད་པའི་རྣམ་གྲངས་དགོད་པ། འཐད་པ་དང་ལྡན་པའི་རང་ལུགས་གཞག་པ། དེ་གྲུབ་མཐའ་བཞི་དང་སྦྱར་བའོ། །དང་པོ་ནི།

གཉིས་པ་འཐད་པ་དང་ལྡན་པའི་རང་ལུགས་གཞག་པ་ནི།

གསུམ་པ་དེ་གྲུབ་མཐའ་བཞི་དང་སྦྱར་བ་ནི།

བཤད་པའི་སྐབས་བདེ་བས་འདིར་རྗེས་སུ་དཔག་པའི་ཚད་འབྲས་བཤད་པ་ལ་གཉིས། དོན་རིག་པའི་ལུགས་དང༌། རྣམ་རིག་པའི་ལུགས་སོ། །དང་པོ་ནི།

གཉིས་པ་རྣམ་རིག་པའི་ལུགས་ནི།

གཉིས་པ་རྗེས་དཔག་ལ་རྣམ་པ་གཉིས་ཏེ། རང་དོན་རྗེས་དཔག་དང༌། གཞན་དོན་རྗེས་དཔག་གོ །དང་པོ་ལ་མཚན་ཉིད་དང༌། དོན་གཏན་ལ་དབབ་པ་གཉིས་ལས། དང་པོ་རང་དོན་རྗེས་དཔག་གི་མཚན་ཉིད་ནི།

གཉིས་པ་དོན་གཏན་ལ་དབབ་པ་ལ་གཉིས་ཏེ། གང་གིས་རྟོགས་པའི་རྟགས་དང༌། དེས་རྟོགས་པའི་བསྒྲུབ་བྱའོ། །དང་པོ་ལ་གཉིས་ཏེ། རྟགས་ཀྱི་ལྟོས་གཞི་ངོས་བཟུང་བ། དེ་ལ་ལྟོས་པའི་རྟགས་ཀྱི་རབ་ཏུ་དབྱེ་བའོ། །དང་པོ་ལ་གསུམ་སྟེ། ཚུལ་དང་པོའི་ལྟོས་གཞི་ཕྱོགས། རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་མཐུན་ཕྱོགས་དང་མི་མཐུན་ཕྱོགས། དེ་དག་ལྟོས་གཞིར་འཇོག་པའི་འཐད་པའོ། །དང་པོ་ལའང་གཉིས། རྗེས་སུ་དཔག་བྱའི་སྒྲ་དོན་སྤྱིར་བསམ་པ་དང༌། སྐབས་སུ་བབ་པའི་དོན་གྱི་ཁྱད་པར་ངེས་པར་བྱ་བའོ། །དང་པོ་ལའང་གཉིས། རྗེས་སུ་དཔག་པའི་སྒྲ་འཇུག་པའི་ཡུལ་ངོས་གཟུང་བ་དང༌། ཇི་ལྟར་འཇུག་པའི་སྒྲའི་མཚན་ཉིད་དོ། །དང་པོ་ནི།

གཉིས་པ་ཇི་ལྟར་འཇུག་པའི་སྒྲའི་མཚན་ཉིད་ལ་གཉིས་ཏེ། དངོས་མིང་དང་བཏགས་མིང་གི་ཁྱད་པར་དང༌། དངོས་དང་བཏགས་པའི་ཆོས་བསམ་པའོ། །དང་པོ་ནི།

གཉིས་པ་དངོས་དང་བཏགས་པའི་ཆོས་བསམ་པ་ལ་གཉིས་ཏེ། ཚོགས་དོན་ལ་དངོས་ཆོས་བསམ་པ། ཡ་གྱལ་ལ་བཏགས་ཆོས་བསམ་པའོ། །དང་པོ་ནི།

གཉིས་པ་ཡ་གྱལ་ལ་བཏགས་ཆོས་བསམ་པ་ལ་གསུམ། འདོགས་པའི་རྒྱུ་མཚན། བཏགས་པའི་དགོས་པ། དངོས་ལ་གནོད་བྱེད་དོ། །དང་པོ་ནི།

གཉིས་པ་བཏགས་པའི་དགོས་པ་ལ་གཉིས། ཆོས་ལ་བསྒྲུབ་བྱར་བཏགས་པའི་དགོས་པ་དང༌། ཆོས་ཅན་ལ་ཕྱོགས་ཞེས་བཏགས་པའི་དགོས་པའོ། །དང་པོ་ནི།

གཉིས་པ་ཆོས་ཅན་ལ་ཕྱོགས་ཞེས་བཏགས་པའི་དགོས་པ་ལ་གཉིས་ཏེ། དགོས་པ་དངོས་དང༌། མ་བརྟགས་པའི་ཕྱོགས་དང་མཚུངས་པ་སྤང་བའོ། །དང་པོ་ནི།

གཉིས་པ་མ་བཏགས་པའི་ཕྱོགས་དང་མཚུངས་པ་སྤང་བ་ནི།

གསུམ་པ་བཏགས་ཆོས་དངོས་ལ་གནོད་བྱེད་ནི།

གཉིས་པ་སྐབས་སུ་བབ་པའི་དོན་གྱི་ཁྱད་པར་ངེས་པར་བྱ་བ་ནི།

གཉིས་པ་རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ལ་དགག་གཞག་སྤང་གསུམ་གྱི། དང་པོ་ལའང་གསུམ་སྟེ། ཕྱོགས་སྔ་བརྗོད་པ་དང༌། དེ་དགག་པ་དང༌། བཀག་པ་ལ་མི་འཐད་པ་སྤང་བའོ། །དང་པོ་ནི།

གཉིས་པ་དེ་དགག་པ་ལ་གསུམ་སྟེ། ཕྱོགས་གཉིས་སུ་ཁ་ཚོན་ཆོད་པ་མི་འཐད། རྫས་ལྡོག་ཕྱེ་སྟེ་སྒྲུབ་པ་མི་འཐད། བྱེ་བྲག་ཏུ་རང་ལྡོག་ལ་བརྟེན་ཏེ་སྒྲུབ་པ་མི་འཐད་པའོ། །དང་པོ་ནི།

གཉིས་ཀ་སྲིད་ན་གཉིས་སུ་ཁ་ཚོན་ཆོད་པ་ཉམས་སོ། །གཉིས་པ་རྫས་ལྡོག་ཕྱེ་སྟེ་སྒྲུབ་པ་མི་འཐད་པ་ལ་བཞི་སྟེ། བརྟགས་ན་མི་འཐད་པ། ཧ་ཅང་ཐལ་བ། རྣམ་གཞག་དང་འགལ་བ། སློབ་དཔོན་གྱི་དགོངས་པ་མ་ཡིན་པའོ། །དང་པོ་ནི།

གཉིས་པ་ཧ་ཅང་ཐལ་བ་ནི།

གསུམ་པ་རྣམ་གཞག་དང་འགལ་བ་ནི།

བཞི་པ་སློབ་དཔོན་གྱི་དགོངས་པ་མ་ཡིན་པ་ནི།

གསུམ་པ་བྱེ་བྲག་ཏུ་རང་ལྡོག་ལ་བརྟེན་ཏེ་སྒྲུབ་པ་མི་འཐད་པ་ནི།

གསུམ་པ་བཀག་པ་ལ་མི་འཐད་པ་སྤང་བ་ནི།

གཉིས་པ་རང་ལུགས་གཞག་པ་ལ་གསུམ། མཐུན་ཕྱོགས་མི་མཐུན་ཕྱོགས་དཔྱད་པ། རྟགས་ཀྱི་དགག་སྒྲུབ་ཀྱི་ཡུལ་ངོས་གཟུང་བ། གཞན་སེལ་དགག་སྒྲུབ་ཀྱི་རབ་ཏུ་དབྱེ་བའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་དང༌། མཐུན་ཡུལ་ངོས་གཟུང་བ་དང༌། རྩོད་པ་སྤང་བའོ། །དང་པོ་ནི།

གཉིས་པ་མཐུན་ཡུལ་ངོས་གཟུང་བ་ནི།

གསུམ་པ་རྩོད་པ་སྤང་བ་ནི།

གཉིས་པ་རྟགས་ཀྱི་དགག་སྒྲུབ་ཀྱི་ཡུལ་ངོས་གཟུང་བ་ནི།

གསུམ་པ་གཞན་སེལ་དགག་སྒྲུབ་ཀྱི་རབ་ཏུ་དབྱེ་བ་ནི།

གསུམ་པ་རྩོད་པ་སྤང་བ་ལ་གཉིས་ཏེ། ཕྱོགས་གཉིས་སུ་དཔྱད་ན་མི་འཐད་པ་སྤང་བ་དང༌། རྟགས་དང་བསྒྲུབ་བྱ་ལ་བརྟགས་ན་མི་འཐད་པ་སྤང་བའོ། །དང་པོ་ནི།

གཉིས་པ་རྟགས་དང་བསྒྲུབ་བྱ་ལ་བརྟགས་ན་མི་འཐད་པ་སྤང་བ་ལ་གཉིས། རྩོད་པ་དང་གཞན་གྱི་ལན་མི་འཐད་པར་བསྟན་པ། རང་གི་ལན་གདབ་པའོ། །དང་པོ་ནི།

གསུམ་པ་དེ་དག་ལྟོས་གཞིར་འཇོག་པའི་འཐད་པ་ནི།

གཉིས་པ་དེ་ལ་ལྟོས་པའི་རྟགས་ཀྱི་རབ་ཏུ་དབྱེ་བ་ལ་གསུམ་སྟེ། ཡང་དག་དང༌། ལྟར་སྣང་དང༌། དེ་དག་གི་ངེས་པའོ། །དང་པོ་ལའང་གསུམ་སྟེ། མཚན་ཉིད། མཚན་གཞི། མཚོན་བྱའི་རབ་ཏུ་དབྱེ་བའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་ངོས་གཟུང་བ་དང༌། དེ་མཚན་ཉིད་དུ་ཇི་ལྟར་འགྲོ་བའི་ཚུལ་ལོ། །དང་པོ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི།

གཉིས་པ་རང་ལུགས་གཞག་པ་ནི།

གཉིས་པ་དེ་མཚན་ཉིད་དུ་ཇི་ལྟར་འགྲོ་བའི་ཚུལ་ནི།

གཉིས་པ་མཚན་གཞི་ལ་གཉིས་ཏེ། གཞན་གྱི་འདོད་པ་མི་འཐད་པའི་ཆ་དགག་པ་དང༌། རང་གི་ལུགས་རྩོད་བྲལ་དུ་གཞག་པའོ། །དང་པོ་ནི།

གཉིས་པ་རང་གི་ལུགས་རྩོད་བྲལ་དུ་གཞག་པ་ནི།

གསུམ་པ་མཚོན་བྱའི་རབ་ཏུ་དབྱེ་བ་ལ་གསུམ་སྟེ། ཇི་ལྟར་འབྱེད་པའི་ཚུལ། དབྱེ་བའི་རང་བཞིན་ངེས་པར་བྱ་བ། དེ་དག་གི་འབྲེལ་པ་ལ་ལོག་རྟོག་དགག་པའོ། །དང་པོ་ལ་གཉིས་ཏེ། དབྱེ་བའི་རྣམ་གྲངས་གཞན་དགོད་པ་དང༌། འདིར་བཤད་བྱ་ངོས་གཟུང་བའོ། །དང་པོ་ནི།

གཉིས་པ་འདིར་བཤད་བྱ་ངོས་གཟུང་བ་ནི།

གཉིས་པ་དབྱེ་བའི་རང་བཞིན་ངེས་པར་བྱ་བ་ལ་གསུམ་སྟེ། མ་དམིགས་པ་དང༌། རང་བཞིན་དང༌། འབྲས་བུའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། དགག་རྟགས་ཀྱི་འབྲེལ་པ་ངེས་པའི་ཚུལ་ལོ། །དང་པོ་ནི།

གཉིས་པ་དབྱེ་བ་ལ་གཉིས། ཡོད་ངེས་འགོག་ནུས་ཀྱང་མེད་ངེས་སུ་སྒྲུབ་མི་ནུས་པ་མི་སྣང་བ་མ་དམིགས་པ་དང༌། མེད་ངེས་སུ་སྒྲུབ་ནུས་པ་འགལ་བ་དམིགས་པའོ། །དང་པོ་ནི།

གཉིས་པ་འགལ་བ་དམིགས་པ་ལ་རྣམ་པ་གཉིས་ཡོད་དེ། ལྷན་ཅིག་མི་གནས་འགལ་དང༌། ཕན་ཚུན་སྤང་འགལ་དམིགས་པའོ། །དང་པོ་ལ་གཉིས། གཞན་ལུགས་ཀྱི་མི་འཐད་པའི་ཆ་དགག་པ། འཐད་ལྡན་རང་ལུགས་སུ་གཞག་པའོ། །དང་པོ་ནི།

གཉིས་པ་འཐད་ལྡན་རང་ལུགས་སུ་གཞག་པ་ནི།

གཉིས་པ་ཕན་ཚུན་སྤང་འགལ་དམིགས་པ་ནི།

གསུམ་པ་དགག་རྟགས་ཀྱི་འབྲེལ་པ་ངེས་པའི་ཚུལ་ལ་གཞན་གྱི་འདོད་པ་འཁྲུལ་བར་བསྟན་པ་དང༌། མ་འཁྲུལ་བ་རང་གི་འདོད་པ་དགོད་པ་གཉིས་ལས། དང་པོ་ནི།

གཉིས་པ་རང་བཞིན་གྱི་རྟགས་ལ་དངོས་དང༌། སྐྱོན་སྤང་བ་གཉིས་ཀྱི། དང་པོ་ནི།

གཉིས་པ་སྐྱོན་སྤང་བ་ནི།

གསུམ་པ་འབྲས་བུའི་རྟགས་ལ་གཉིས་ཏེ། དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ནི།

གཉིས་པ་རྩོད་པ་སྤང་བ་ནི།

གསུམ་པ་དེ་དག་གི་འབྲེལ་པ་ལ་ལོག་རྟོག་དགག་པ་ལ་གཉིས་ཏེ། ཕྱོགས་སྔ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི།

གཉིས་པ་དེ་དགག་པ་ནི།

གཉིས་པ་ལྟར་སྣང་ལ་གཉིས་ཏེ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི།

གཉིས་པ་དབྱེ་བ་ལ་གསུམ་སྟེ། མ་གྲུབ་པ་དང༌། མ་ངེས་པ་དང༌། འགལ་བའོ། །དང་པོ་ནི།

གཉིས་པ་རྟགས་མ་ངེས་པ་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི།

གཉིས་པ་དབྱེ་བ་ལ་གཉིས་ཏེ། ཐུན་མོང་མ་ཡིན་པ་དང༌། ཐུན་མོང་གི་མ་ངེས་པའོ། །དང་པོ་ནི།

གཉིས་པ་ཐུན་མོང་གི་མ་ངེས་པ་ནི།

དེ་ལ་དབྱེ་ན་དངོས་དང༌། ད་དུང་ཐེ་ཚོམ་གྱི་ལྷག་མ་དང་ལྡན་པའི་ལྷག་ལྡན་གཉིས། དང་པོ་ནི།

གཉིས་པ་ལྷག་ལྡན་ལ་གཉིས་ཏེ། ཡང་དག་དང༌། འགལ་བའི་ལྷག་ལྡན་ནོ། །དང་པོ་ནི།

གཉིས་པ་འགལ་བའི་ལྷག་ལྡན་ནི།

གསུམ་པ་འགལ་བ་ནི།

དབྱེ་བ་ལ་གསུམ་སྟེ། དངོས་པོའི་སྒོ་ནས་དབྱེ་བ། བརྗོད་འདོད་ཀྱི་སྒོ་ནས་དབྱེ་བ། དབྱེ་བ་གཞན་དུ་འདོད་པ་མི་འཐད་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། འབྲེལ་པའི་དབང་གིས་གཉིས་སུ་དབྱེ་བ། སྦྱོར་བ་ལ་ལྟོས་ནས་གསུམ་དུ་དབྱེ་བའོ། །དང་པོ་ལ་གཉིས་སུ་འགྲོ་བའི་ཚུལ་དང༌། འབྲས་བུ་འགལ་བ་གཏན་ལ་དབབ་པ་གཉིས་ལས། དང་པོ་ནི།

གཉིས་པ་འབྲས་བུ་དང་འགལ་བ་གཏན་ལ་དབབ་པ་ནི།

གཉིས་པ་སྦྱོར་བ་ལ་ལྟོས་ནས་གསུམ་དུ་དབྱེ་བ་ནི།

གཉིས་པ་བརྗོད་འདོད་ཀྱི་སྒོ་ནས་དབྱེ་བ་ལ་གསུམ་སྟེ། གཞན་གྱི་འདོད་པ་བཀོད་པ། རང་གི་འཐད་པ་བརྗོད་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི།

གཉིས་པ་རང་གི་འཐད་པ་བརྗོད་པ་ནི།

གསུམ་པ་དེ་ལ་རྩོད་པ་སྤང་བ་ནི།

གསུམ་པ་དབྱེ་བ་གཞན་དུ་འདོད་པ་མི་འཐད་པར་བསྟན་པ་ནི།

གསུམ་པ་རྟགས་དེ་དག་གི་ངེས་པ་ལ་གཉིས་ཏེ། མཐའ་འགོག་གི་ངེས་པ་དང༌། དེ་དག་གི་ནུས་པའོ། །དང་པོ་ནི།

གཉིས་པ་དེ་དག་གི་ནུས་པ་ནི།

གཉིས་པ་བསྒྲུབ་བྱ་བཤད་པ་ལ་གསུམ་སྟེ། མཚན་ཉིད་དགོད་པ། མཚན་གཞི་ངོས་གཟུང་བ། ཕྱོགས་ལ་གནོད་པའི་བསལ་བ་བརྗོད་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་ཀྱི་རྣམ་བཅད་ལ་ལྟོས་ཏེ་ལྔར་བསྟན་པ། ཡོངས་གཅོད་ལ་ལྟོས་ཏེ་གཅིག་ཏུ་བསྒྲུབ་པ། དེ་དག་ལ་རྩོད་པ་སྤང་བའོ། །དང་པོ་ནི།

གསུམ་པ་དེ་དག་ལ་རྩོད་པ་སྤང་བ་ནི།

གཉིས་པ་མཚན་གཞི་ངོས་གཟུང་བ་ལ་གཉིས། དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ནི།

གཉིས་པ་རྩོད་པ་སྤང་བ་ནི།

གསུམ་པ་ཕྱོགས་ལ་གནོད་པའི་བསལ་བ་བརྗོད་པ་ལ་གཉིས་ཏེ། སྤྱིའི་རྣམ་གཞག་དང༌། སོ་སོའི་རང་བཞིན་ནོ། །དང་པོ་ལ་གསུམ། མཚན་ཉིད། དབྱེ་བསྡུ། རྩོད་པ་སྤང་བའོ། །དང་པོ་ནི།

གཉིས་པ་(དབྱེ་བསྡུ་)ནི།

གསུམ་པ་རྩོད་སྤང་ནི།

གཉིས་པ་སོ་སོའི་རང་བཞིན་ལ་བཞི་ལས། དང་པོ་ནི།

གསུམ་པ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། དོན་དཔྱད་པའོ། །དང་པོ་ནི།

གཉིས་པ་དབྱེ་བ་ནི།

གསུམ་པ་དོན་དཔྱད་པ་ལ་གསུམ་སྟེ། ཁྱད་པར་དངོས་བཤད་པ། ལུང་གི་དབྱེ་བས་བྱེ་བྲག་ཏུ་བཤད་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི།

གཉིས་པ་ལུང་གི་དབྱེ་བས་བྱེ་བྲག་ཏུ་བཤད་པ་ནི།

གསུམ་པ་དེ་ལ་རྩོད་པ་སྤང་བ་ལ་གཉིས་ཏེ། གཞན་གྱི་ལུགས་དང་མཚུངས་པ་སྤང་བ། གོ་བྱེད་བསྒྲུབ་བྱའི་སྐྱོན་དུ་མི་འགྱུར་བ་སྤང་བའོ། །དང་པོ་ནི།

གཉིས་པ་གོ་བྱེད་བསྒྲུབ་བྱའི་སྐྱོན་དུ་མི་འགྱུར་བ་སྤང་བ་ནི།

བཞི་པ་ལ་གཉིས་ཏེ། མཚན་ཉིད་དང༌། །དེའི་རང་བཞིན་ངེས་པར་བྱ་བའོ། །དང་པོ་ནི།

གཉིས་པ་དེའི་རང་བཞིན་ངེས་པར་བྱ་བ་ལ་གཉིས་ཏེ། བསྡུས་ཏེ་བཤད་པ་དང༌། ཕྱེ་སྟེ་བཤད་པའོ། །དང་པོ་ནི།

གཉིས་པ་ཕྱེ་སྟེ་བཤད་པ་ནི།

བཤད་ཚུལ་དང་པོ་དང༌། གཉིས་པ་དང༌། དེ་དག་གི་དགོངས་པ་དཔྱད་པའོ། །དང་པོ་ལ་གཉིས་ཏེ་གཞན་གྱི་བརྟགས་པ་དགག་པ་དང༌། རང་གི་འཐད་པ་བརྗོད་པའོ། །དང་པོ་ནི།

གཉིས་པ་རང་གི་འཐད་པ་བརྗོད་པ་ལ་གཉིས་ཏེ། བརྗོད་རུང་གི་གྲགས་པ་དང༌། སྒྲ་ལས་བྱུང་བའི་གྲགས་པ་ངོས་གཟུང་བའོ། །དང་པོ་ནི།

གཉིས་པ་སྒྲ་ལས་བྱུང་བའི་གྲགས་པ་ངོས་གཟུང་བ་ནི།

བཤད་ཚུལ་གཉིས་པ་ལ་གསུམ་སྟེ། བརྗོད་རུང་གི་གྲགས་པ་ལས་དངོས་སྟོབས་རྗེས་དཔག་ཡུལ་ཐ་དད་པར་བསྟན་པ། གཞན་གྱི་བརྟགས་པ་དགག་པ། སློབ་དཔོན་གྱི་དགོངས་པ་བཤད་པའོ། །དང་པོ་ནི།

གཉིས་པ་གཞན་གྱི་བརྟགས་པ་དགག་པ་ལ་གཉིས། བརྡ་སྤྲོད་པའི་རྟགས་ཐུན་མོང་མ་ཡིན་པར་འགྱུར་བ་དང༌། རང་སྡེའི་བཤད་ཚུལ་གཞན་མི་འཐད་པར་བསྟན་པའོ། །དང་པོ་ནི།

གཉིས་པ་རང་སྡེའི་བཤད་ཚུལ་གཞན་མི་འཐད་པར་བསྟན་པ་ནི།

གསུམ་པ་སློབ་དཔོན་གྱི་དགོངས་པ་བཤད་པ་ནི།

གསུམ་པ་དེ་དག་གི་དགོངས་པ་དཔྱད་པ་ལ་གཉིས་ཏེ། གཞན་གྱི་བརྟགས་པ་དགག་པ་དང༌། རང་གི་འདོད་པ་བརྗོད་པའོ། །དང་པོ་ནི།

གཉིས་པ་རང་གི་འདོད་པ་བརྗོད་པ་ནི།

གཉིས་པ་གཞན་དོན་རྗེས་དཔག་ལ་གསུམ་སྟེ། དེའི་མཚན་ཉིད། གང་ཟག་གི་རྣམ་གཞག །རྩོད་པའི་ངག་གི་དབྱེ་བའོ། །དང་པོ་ནི།

གཉིས་པ་གང་ཟག་གི་རྣམ་གཞག་ལ་གསུམ་སྟེ། སོ་སོའི་མཚན་ཉིད། རྒྱལ་ཕམ་གྱི་རྣམ་གཞག །དེ་ལ་དཔང་པོས་ཇི་ལྟར་བསྒྲུབ་པའི་ཚུལ་ལོ། །དང་པོ་ནི།

གཉིས་པ་རྒྱལ་ཕམ་གྱི་རྣམ་གཞག་ནི།

གསུམ་པ་དེ་ལ་དཔང་པོས་ཇི་ལྟར་བསྒྲུབ་པའི་ཚུལ་ལ་གཉིས་ཏེ། སྤྱིར་ཚར་གཅད་པ་དང་རྗེས་སུ་གཟུང་བའི་ཚུལ། བྱེ་བྲག་ཏུ་ཚར་གཅད་པའི་གནས་གཏན་ལ་དབབ་པའོ། །དང་པོ་ནི།

གཉིས་པ་བྱེ་བྲག་ཏུ་ཚར་གཅད་པའི་གནས་གཏན་ལ་དབབ་པ་ལ་གཉིས། འཐད་པ་བརྗོད་པ་དང༌། འཁྲུལ་པ་དགག་པའོ། །དང་པོ་ནི།

གཉིས་པ་འཁྲུལ་བ་དགག་པ་ལ་གཉིས། གངས་ཅན་པའི་ལུགས་དགག་པ་དང༌། རྐང་མིག་པའི་ལུགས་དགག་པའོ། །དང་པོ་ནི།

གཉིས་པ་རྐང་མིག་པའི་ལུགས་དགག་པ་ནི།

གསུམ་པ་རྩོད་པའི་སྐབས་ཀྱི་ངག་གི་དབྱེ་བ་ལ་གསུམ་སྟེ། གང་ཟག་དང༌། དགོས་པ་དང༌། བརྗོད་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི།

གཉིས་པ་དགོས་པའི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། རང་གི་འདོད་པ་སྒྲུབ་པའི་ངག་དང༌། གཞན་གྱི་འདོད་པ་སུན་འབྱིན་པའི་ངག་གོ །སྔ་མ་ལ་ཡང་དག་དང༌། ལྟར་སྣང་གི་དབྱེ་བ་གཉིས་སོ། །དང་པོ་ལའང་ངག་དགོད་པའི་ཚུལ། སྒྲུབ་ངག་གི་བྱེད་པའོ། །དང་པོ་ནི།

དེ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ་གཉིས། སྔ་རབས་པའི་ལུགས་དགག་པ་དང༌། གངས་ཅན་པའི་ལུགས་དགག་པའོ། །དང་པོ་ནི།

གཉིས་པ་གངས་ཅན་པའི་ལུགས་དགག་པ་ནི།

གཉིས་པ་རང་གི་ལུགས་ལ་མི་མཁས་པ་ལ་སྦྱོར་བའི་ཚུལ་དང༌། མཁས་པ་ལ་སྦྱོར་བའི་ཚུལ་གཉིས་ལས། དང་པོ་ནི།

གཉིས་པ་མཁས་པ་ལ་སྦྱོར་བའི་ཚུལ་ནི།

གཉིས་པ་སྒྲུབ་ངག་གི་བྱེད་པ་ནི།

གཉིས་པ་ལྟར་སྣང་གི་དབྱེ་བ་ལ་གཉིས། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི།

གཉིས་པ་གཞན་གྱི་འདོད་པ་སུན་འབྱིན་པའི་ངག་ལ་གཉིས། ཡང་དག་དང༌། ལྟར་སྣང་ངོ༌། །དང་པོ་ནི།

ཐལ་འགྱུར་འཆད་པ་ལ་གཉིས་ཏེ། ཐལ་བའི་རྣམ་གཞག་དང༌། ལན་འདེབས་ཚུལ་ལོ། །དང་པོ་ལ་དགག་གཞག་སྤང་གསུམ་གྱི། དང་པོ་ལ་ཕྱོགས་སྔ་བརྗོད་པ་དང༌། དེ་དགག་པ་གཉིས་ལས། དང་པོ་ནི།

དེའང་རྩ་བའི་དབྱེ་བ་བཞི་ནི་རྟགས་ཁྱབ་གཉིས་ཀ་མ་གྲུབ་པ། རྟགས་འབའ་ཞིག་མ་གྲུབ་པ། ཁྱབ་པ་འབའ་ཞིག་མ་གྲུབ་པ། གཉིས་ཀ་གྲུབ་པའོ། །དང་པོ་ནི།

གཉིས་པ་རྟགས་འབའ་ཞིག་མ་གྲུབ་པ་ནི།

གསུམ་པ་ཁྱབ་པ་འབའ་ཞིག་མ་གྲུབ་པ་ནི།

བཞི་པ་གཉིས་ཀ་གྲུབ་པ་ལ་བཞི་སྟེ། གཉིས་ཀ་ཚད་མ། གཉིས་ཀ་ཁས་བླང༌། རྟགས་ཚད་མ་ཁྱབ་པ་ཁས་བླང༌། རྟགས་ཁས་བླང་ཁྱབ་པ་ཚད་མས་གྲུབ་པའོ། །དང་པོ་ནི།

གཉིས་པ་གཉིས་ཀ་ཁས་བླང་ནི།

གསུམ་པ་རྟགས་ཚད་མ་ཁྱབ་པ་ཁས་བླང་ནི།

བཞི་པ་རྟགས་ཁས་བླང་ཁྱབ་པ་ཚད་མས་གྲུབ་པ་ནི།

གཉིས་པ་དེ་དག་དགག་པ་ནི།

གཉིས་པ་རང་ལུགས་གཞག་པ་ལ་གཉིས་ཏེ། ཐལ་འགྱུར་ཡང་དག་དང༌། ལྟར་སྣང་ངོ༌། །དང་པོ་ལ་གཉིས་ཏེ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི།

གཉིས་པ་དབྱེ་བ་ལ་གསུམ། སྒྲུབ་བྱེད་འཕེན་པ་དང༌། མི་འཕེན་པ་དང༌། དེ་དག་གི་དབྱེ་བ་དཔེར་བརྗོད་པའོ། །དང་པོ་ནི།

གཉིས་པ་མི་འཕེན་པ་ནི།

གསུམ་པ་དེ་དག་གི་དབྱེ་བ་དཔེར་བརྗོད་པ་ནི།

གསུམ་པ་རྩོད་པ་སྤང་བ་ནི།

གཉིས་པ་ལན་འདེབས་ཚུལ་ལ་གཉིས་ཏེ། མི་འཐད་པ་དགག །འཐད་པ་བརྗོད་པའོ། །དང་པོ་ནི།

གཉིས་པ་འཐད་པ་བརྗོད་པ་ནི།

རྩ་བའི་གསུམ་པ་བསྟན་བཅོས་མཐར་ཕྱིན་པའི་བྱ་བ་ལ་གསུམ། བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ། དེའི་དགེ་བ་སངས་རྒྱས་ཀྱི་སར་བསྔོ་བ། རྩོམ་པ་པོའི་མཚན་བསྟན་ནས་བསྟན་བཅོས་ལ་ཡིད་ཆེས་བསྐྱེད་པའོ། །དང་པོ་ལ་ལྔའི། དང་པོ་རྩོམ་པ་པོའི་ཤེས་རབ་ཀྱི་ཁྱད་པར་བསྟན་པ་ནི།

གཉིས་པ་གང་ལ་བརྟེན་ནས་བརྩམས་པའི་ཚུལ་ནི།

གསུམ་པ་བརྩམས་པའི་དགོས་པ་དངོས་བསྟན་པ་ནི།

བཞི་པ་དེས་ན་མཁས་པར་བསྟེན་རིགས་པར་བསྟན་པ་ནི།

ལྔ་པ་དེ་རྒྱུ་མཚན་གྱི་སྒོ་ནས་ངེས་པར་བྱ་བ་ནི།

གཉིས་པ་དེའི་དགེ་བ་སངས་རྒྱས་ཀྱི་སར་བསྔོ་བ་ནི།

གསུམ་པ་རྩོམ་པ་པོའི་མཚན་བསྟན་ནས་བསྟན་བཅོས་ལ་ཡིད་ཆེས་བསྐྱེད་པ་ནི།

Other Volumes in This Series: