ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་གངྒཱའི་ཆུ་རྒྱུན།

The Flowing Stream of the Ganges: Teachings on Mahamudra Ganga

The Flowing Stream of the Ganges: Teachings on Mahamudra Ganga
༈ ཕྱག་ཆེན་གངྒཱ་མ་ནི། མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པའི་ཆུ་འགོ། སྒྲུབ་བརྒྱུད་ཡོངས་ཀྱི་མེས་པོར་གྱུར་པ། གྲུབ་ཆེན་ཏཻ་ལོ་པ་ཆེན་པོའི་ཞལ་སྔ་ནས་མཛད་ཅིང་། ཁ་ཆེའི་ཡུལ་གྱི་མ་ཧཱ་པཎྜི་ཏ་རྗེ་ནཱ་རོ་པ་ཆེན་པོས་དཀའ་བ་བཅུ་གཉིས་སྤྱད་མཐར། ཤར་ཆུ་བོ་གངྒཱའི་འགྲམ་དུ་ཏཻ་ལོ་པས་ནཱ་རོ་པ་ལ་གདམས་པའི་ཕྱག་ཆེན་གྱི་རྩ་གཞུང་གཙོ་བོ་ཞིག་སྟེ། རྗེ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེའི་ཞལ་སྔ་ནས། འཁོར་ལོ་སྡོམ་པའི་རྣལ་འབྱོར་ཏཻ་ལོ་པས། །ཁ་ཆེའི་པཎྜི་ཏ་མཆོག་ནཱ་རོ་པར། །དཀའ་བ་བཅུ་གཉིས་སྤྱད་པའི་དུས་ཀྱི་ཚེ། །ཆུ་བོ་གངྒཱའི་འགྲམ་དུ་འདི་སྐད་གསུངས། །ཞེས་གང་དུ་གསུངས་པའི་གནས་ཀྱི་མིང་ཆོས་ལ་ཐོགས་ཏེ། མཚན་ཡང་ཕྱག་རྒྱ་ཆེན་པོ་གངྒཱ་མ་ཞེས་ཡོངས་སུ་གྲགས་པ་ཡིན་ནོ། །དེའི་གཞུང་ཚད་ལ་རྡོ་རྗེའི་ཚིག་རྐང་ཤོ་ལོ་ཀ་ཉི་ཤུ་རྩ་བརྒྱད་དང་ཚིག་རྐང་གཅིག་བཅས་བཞུགས་ཤིང་། རྗེ་ནཱ་རོ་པ་ཆེན་པོ་དང་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་བ་ཟུང་གི་ཞལ་སྔ་ནས། བྱང་ཕུལླ་ཧ་རིའི་དགོན་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཞིག་ཡིན་ནོ། །དེའི་ཁྲིད་ལུང་གི་རྒྱུན་ཡང་ད་བར་མ་ཉམས་པར་བཞུགས་པར་བརྟེན། སླར་ཡང་འཆད་ཉན་སྤེལ་གསུམ་གྱི་རྒྱུན་བཟང་བསྟན་པ་ནམ་གནས་ཀྱི་བར་དུ་མ་ཉམས་པར་གནས་པའི་ཕྱིར། ༧དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་རྗེ་བཅུ་བདུན་པ་ཆེན་པོ་མཆོག་གིས། ༧སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་ལ་བཀའ་སྩལ་སྤྱི་བོར་ཕེབས་པ་བཞིན། གནས་མཆོག་རྡོ་རྗེ་གདན་དུ་འགྲོ་མགོན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་སྐབས་སོ་དྲུག་པའི་སྔོན་འགྲོའི་གསུང་ཆོས་ཉིན་གསུམ་གྱི་རིང་། ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་ཟབ་ཅིང་རྒྱས་པ་སྩལ་གནང་པ་དེ་དང་། ལོ་མང་སྔོན་ཐེ་ཝན་མཚོ་གླིང་དུ་དད་ལྡན་སློབ་ཚོགས་རྣམས་ལ་གནང་བའི་གངྒཱ་མའི་བཀའ་ཆོས་བསྡུས་པ་ཞིག་བཅས་བཞུགས་པ་ཡི་གེར་ཕབ་ཅིང་ཞུས་ཏེ། བཀའ་ཁྲིད་སྔ་ཕྱི་གཉིས་ལ་རིམ་པ་བཞིན་དུ།《གངྒཱའི་ཆུ་རྒྱུན།》ཞེས་དང་།《མེས་པོའི་ཞལ་ལུང་།》ཞེས་པའི་མཚན་གསོལ་ཏེ་དཀྱུས་གཅིག་ཏུ་བསྒྲིགས་ནས་བཀོད་པ་ཞིག་ཡིན།
དཔེ་སྐྲུན་གསལ་བཤད། རྗེ་བཙུན་ཏཻ་ལོ་པ་ཆེན་པོའི་རྣམ་ཐར། ། སྡེ་དགེ་བསྟན་འགྱུར་དུ་བཞུགས་པའི་ཕྱག་ཆེན་གངྒཱ་མའི་རྩ་བ། ཕྱག་ཆེན་གངྒཱ་མའི་ས་བཅད་དང་རྩ་ཚིག་སྦྲགས་མ། ། ཕྱག་རྒྱ་ཆེན་པོ་གངྒཱ་མའི་བཀའ་ཁྲིད་གངྒཱའི་ཆུ་རྒྱུན། ། སྔོན་འགྲོའི་གསལ་བཤད། དང་པོ་ཀླད་ཀྱི་དོན་ལ། མཚན་སྨོས་པ། མཚན་སྨོས་པའི་དགོས་པ། མཚན་དོན་རྒྱས་པར་བཤད་པ། སྤྱིར་ཕྱག་རྒྱ་ཆེན་པོའི་དོན་བཤད་པ། དང་པོ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས་གསུངས་ཚུལ། གཉིས་པ་དུས་འཁོར་དཀའ་འགྲེལ་ལས་གསུངས་ཚུལ། གསུམ་པ་ཕྱག་ཆེན་ཐིག་ལེ་ལས་གསུངས་ཚུལ། བཞི་པ་མཉམ་མེད་དྭགས་པོ་རིན་པོ་ཆེས་གསུངས་ཚུལ། བཞི་པ་འགྱུར་གྱི་ཕྱག གཉིས་པ་གཞུང་གི་དོན་ལ་འཇུག་པ་ལ་གཉིས། མན་ངག་གདམས་པར་དམ་བཅའ་བ་དང་། དང་པོ་ལའང་སྣོད་ཀྱི་མཚན་ཉིད་བཞི། དང་པོ་དཀའ་བ་སྤྱད་པ། གཉིས་པ་བླ་མ་ལ་གུས་པ། གསུམ་པ་སྡུག་བསྔལ་ལ་བཟོད་པ་དང་ལྡན་པ། བཞི་པ་བློ་དང་ལྡན་པ། གཉིས་པ་ཇི་ལྟར་གདམས་པའི་རིམ་པ་ལ། དང་པོ་གནས་ལུགས་ཕྱག་རྒྱ་ཆེན་པོ་ངོ་སྤྲོད་པ། གཉིས་པ་དེ་ཉམས་སུ་ལེན་ཚུལ། གསུམ་པ་རང་བབ་སྐྱོང་ཚུལ། བཞི་པ་རྣམ་རྟོག་འགྱུ་བ་ཆོས་ཉིད་དུ་ཐིམ་ཚུལ། ལྔ་པ་སེམས་དང་སྣང་བ་གཉིས་མེད་ཀྱི་རང་བཞིན་འདི་དངོས་དངོས་མེད་ཀྱི་མཐའ་ལས་གྲོལ་ཚུལ་བསྟན་པ། དྲུག་པ་སེམས་ཉིད་གདོད་ནས་དག་པ་བསྟན་པ། བདུན་པ་དག་པའི་འོད་གསལ་སྒྲ་རྟོག་བརྗོད་པས་མ་གོས་པར་བསྟན་པ། བརྒྱད་པ་ཆོས་རྣམས་སེམས་སེམས་སྟོང་པ་སྟོང་པ་སྤྲོས་བྲལ་བསྟན་པ། དགུ་པ་གཉུག་མའི་སྡོད་ལུགས་གསུམ་གྱིས་གདེང་གྲོལ་ལུགས་སུ་བཅའ་བའམ་གྲོལ་ཐོག་ཏུ་བཅའ་བ། བཅུ་པ་ཕྱག་རྒྱ་ཆེན་པོའི་འགག་ཧྲིལ་གྱིས་དྲིལ་བ། བཅུ་གཅིག་པ་གནས་ལུགས་ཀྱི་དོན་དེ་ཉིད་ཁས་ལེན་གྱི་ལྟ་བས་རྟོགས་མི་ནུས་ཤིང་དམིགས་བཅས་ཀྱི་སྒོམ་པ་དང་སྤྱོད་པས་མཐོང་བར་མི་འགྱུར་བའི་ཚུལ། བཅུ་གཉིས་པ་རྒྱུ་མཚན་བསྟན་པ། བཅུ་གསུམ་པ་ཡིད་བྱེད་བྲལ་བའི་ངང་དུ་འཇོག་པས་སྲིད་ཞི་ལས་འདས་པར་བསྟན་པ། བཅུ་བཞི་པ་མཁྱེན་གཉིས་ཀྱི་ཡེ་ཤེས་རྒྱས་པར་འགྱུར་བ། བཅོ་ལྔ་པ་དེ་ལྟར་མ་རྟོགས་པའི་སྐྱེ་བོ་བླུན་པོ་རྣམས་ལ་སྙིང་རྗེས་གདམས་པ། བཅུ་དྲུག་པ་དེ་སྙིང་པོའི་དོན་དུ་བསྟན་པ། བཅུ་བདུན་པ་སྙིང་པོའི་དོན་གང་ཡིན་ཞེ་ན། བཅོ་བརྒྱད་པ་དེ་རྒྱུད་ལ་ཇི་ལྟར་སྦྱར་ཚུལ། བཅུ་དགུ་པ་ཕན་ཡོན་གང་ཐོབ་ཅེ་ན། ཉི་ཤུ་པ་དེ་བློ་ལས་འདས་པ་ཡིན་པར་བསྟན་པ། ཉེར་གཅིག་པ་དེ་ལྟར་ཉམས་སུ་ལོངས་ཤིག་ཅེས་གདམས་པ། ཉེར་གཉིས་པ་དེ་ལྟ་སྒོམ་སྤྱོད་འབྲས་ཀྱི་རང་བཞིན་དུ་བསྟན་པ། ཉེར་གསུམ་པ་འབྲས་བུ་ལྷུན་གྲུབ་ཏུ་གནས་པས་རེ་དོགས་མི་དགོས་པར་བསྟན་པ། ཉེར་བཞི་པ་ཉམས་སུ་བླངས་པས་ཉམས་འཆར་ཚུལ་བསྟན་པ། ཉེར་ལྔ་པ་གེགས་སེལ། ཉེར་དྲུག་པ་དེའི་གྲོགས་ཕོ་ཉའི་རྣལ་འབྱོར་བསྟན་པ། གསུམ་པ་མཇུག་གི་དོན་ལ། རྡོ་རྗེའི་མན་ངག་རྫོགས་པས་ཡོངས་སུ་བསྔོ་བ་བསྟན་པ། མཐའ་དོན་གསལ་བཤད། མཇུག་སྡུད་ངོ་སྤྲོད་མདོར་བསྡུས། ཕྱག་རྒྱ་ཆེན་པོ་གངྒཱ་མའི་བཀའ་ཁྲིད་མེས་པོའི་ཞལ་ལུང་། ། ཕྱག་རྒྱ་ཆེན་པོ་ཞེས་པའི་དོན། ཕྱག་རྒྱ་ཆེན་པོ་གཞི་ལམ་འབྲས་གསུམ་གྱི་ངོ་སྤྲོད་མདོར་བསྡུས། གཞིའི་ཕྱག་རྒྱ་ཆེན་པོ། ལམ་གྱི་ཕྱག་རྒྱ་ཆེན་པོ། འབྲས་བུའི་ཕྱག་རྒྱ་ཆེན་པོ། གཉིས་པ་ཆོས་ལམ་དུ་འགྲོ་བ། གསུམ་པ་ལམ་འཁྲུལ་པ་སེལ་བ། བཞི་པ་འཁྲུལ་པ་ཡེ་ཤེས་སུ་འཆར་བ། འབྲས་བུའི་ཕྱག་རྒྱ་ཆེན་པོ། རྩ་བའི་ས་བཅད། དང་པོ་མཚན་བརྗོད་པ། གཉིས་པ་ཕྱག་འཚལ་བ། གསུམ་པ་གདམས་པ་དངོས། ཉན་པར་གདམས་པ། གདམས་པའི་གཞུང་དངོས། གཉིས་པ་གདམས་པའི་གཞུང་དངོས་ལ་འཇུག་པ་ལ་བདུན། དང་པོ་ལྟ་བ་བཤད་པ། དང་པོ་ལྟ་བ་བཤད་པ། དང་པོ་ནམ་མཁའི་དཔེ། གཉིས་པ་སྤྲིན་གྱི་དཔེ། གསུམ་པ་ནམ་མཁའི་དཔེ། བཞི་པ་ཉི་མའི་དཔེ། སླར་ཡང་ནམ་མཁའི་དཔེས་བསྟན་པ། གཉིས་པ་སྤྱོད་པ་བཤད་པ། གསུམ་པ་སྒོམ་པ་བཤད་པ། བཞི་པ་དམ་ཚིག་བཤད་པ། ལྔ་པ་ཕན་ཡོན་བཤད་པ། དྲུག་པ་ཉེས་དམིགས་སམ་སྐྱོན་བཤད་པ། བདུན་པ་ཉམས་ལེན་བཤད་པ་ལ་བདུན། བདུན་པ་ཉམས་སུ་ལེན་པ་ཉིད་བཤད་པ། ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་སྤྱོད་འབྲས་བཞི་བཤད་པ། ལྟ་སྒོམ་སྤྱོད་འབྲས་ཀྱི་མཇུག་བསྡུ་བ། ལྟ་སྒོམ་སྤྱོད་འབྲས་ཀྱི་མཆོག་བཞི་བསྟན་པ། ལམ་གྱི་རིམ་པ་བསྟན་པ། ཐབས་ཀྱི་རིམ་པ་བསྟན་པ། ཐབས་ཀྱི་གྲོལ་ལམ་བསྟན་པ། དེའི་ཕན་ཡོན་བསྟན་པ། མཇུག་བསྔོ་བ། ཞུས་ལན། པར་བྱང་སྨོན་ཚིག

No Outline Available

Other Volumes in This Series: