5DH-UTS-01-IX-དབུ་མ་གཞན་སྟོང་སྨྲ་བའི་སྲོལ་ལེགས་པར་ཕྱེ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

The Lamp That Excellently Elucidates the System of the Proponents of Shentong Madhyamaka

The Lamp That Excellently Elucidates the System of the Proponents of Shentong Madhyamaka
དབུ་མ་གཞན་སྟོང་སྨྲ་བའི་སྲོལ་ལེགས་པར་ཕྱེ་བའི་སྒྲོན་མེའི་བསྡུས་དོན། ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེས་མཛད་པའི་དབུ་མ་གཞན་སྟོང་སྨྲ་བའི་སྲོལ་ལེགས་པར་ཕྱེ་བའི་སྒྲོན་མེ་ནི་བདེན་པ་གཉིས་ཀྱི་དོན་རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་ཚུལ་བཤད། གཞུང་འདིར་འཕགས་པ་ཐོགས་མེད་སྐུ་མཆེད་གཉིས་ཀྱི་དབུ་མའི་དགོངས་དོན་ཇི་ལྟར་ཡིན་ལུགས་རིག་ནས་དེ་ལྟ་བུའི་གནས་ལུགས་དེ་ལྟར་རྟོགས་དགོས་པའི་གནད་གསལ་བར་བྱས། སོ་སྐྱེ་ནས་མོས་སྤྱོད་པ་དང་ཉན་རང་སོགས་ཀྱིས་ལམ་ཇི་ལྟར་ཉམས་སུ་བླངས་ཏེ་མཐར་འབྲས་ཡེ་ཤེས་ཆོས་ཀྱི་སྐུ་མངོན་དུ་བྱ་ཚུལ་མདོར་བསྡུས་ཤིང་། རྟོགས་སླ་བའི་དོན་གསལ། གཞུང་མཛད་དགོས་དོན་ནི་མཛད་བྱང་། འདི་མོས་ལྡན་སངས་རྒྱས་དཔལ་གྲུབ་ཀྱིས་ཡང་ནས་ཡང་དུ་བསྐུལ་བའི་ངོར། རྣལ་འབྱོར་སྤྱོད་པའི་དབུ་མ་པ་རྣམས་ཀྱི་ཞལ་རྒྱུན་བར་མ་ཆད་དུ་བྱོན་པ་ལ་བརྟེན་པའི་སྐལ་བ་ཐོབ་པ། དཔལ་མི་བསྐྱོད་དགའ་བའི་དབྱངས་ཀྱིས་ཕྲག་ཡུལ་ཟུ་རུ་གདོང་ཞེས་པའི་ཚལ་དུ་བགྱིས་པའོ། །ཞེས་སོ། །

No Table of Contents Available

No Outline Available

Other Volumes in This Series: