ཆོས་དང་ཆོས་ཉིད་རྣམ་པཪ་འབྱེད་པ།

The Distinction Between Phenomena and the Nature of Phenomena: Root Text in Verse and Prose Version

The Distinction Between Phenomena and the Nature of Phenomena: Root Text in Verse and Prose Version
དེ་ཡང་བྱམས་ཆོས་སྡེ་ལྔའི་ནང་གསེས་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ནི་མགོན་པོ་བྱམས་པས་མཛད། གཞུང་གི་བརྗོད་དོན་གཙོ་བོ་ནི། ཆོས་ནི་ཀུན་བཏགས་པའི་ངོ་བོ་སྟེ། འཁོར་བའི་གཞིའོ། །ཆོས་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་སྟེ། མྱ་ངན་ལས་འདས་པའི་གཞིའོ། །གཞུང་བརྩམས་དགོས་དོན་ཡང་དེ་ཉིད་ལས། གང་ཕྱིར་ཤེས་ནས་འགའ་ཞིག་སྤང་བྱ་ཞིང་། །གཞན་དགའ་དགའ་ཞིག་མངོན་སུམ་བྱ་བའི་ཕྱིར། །དེས་ན་དེ་དག་མཚན་ཉིས་ལས་རྣམ་དབྱེ། །བྱེད་པར་འདོད་ནས་བསྟན་བཅོས་འདི་མཛད་དོ། །གསུངས་པ་བཞིན་ནོ། །གཞུང་འདི་ནི་རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཤཱནྟི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། སླད་ཀྱིས་ཁ་ཆེའི་མཁན་པོ་པཎྜི་ཏ་པར་ཧེ་ཏ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགའ་རྡོར་གྱིས་ཐུགས་དམ་ས་ཐོ་ལིང་གི་གཙུག་ལག་ཁང་དུ་བཅོས་ཤིང་གཏན་ལ་ཕབ། འདི་ལ་ལོ་ཙཱ་བ་ཞ་མ་སེང་རྒྱལ་གྱིས་བསྒྱུར་བ་ཞིག་ཀྱང་ཡོད་ཅེས་གསལ་བར་སྣང་།

No Table of Contents Available

No Outline Available

Other Volumes in This Series: