སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ལོ་གསུམ་ཕྱོགས་གསུམ་སྒྲུབ་ལ་གཞོལ་བ་རྣམས་ཀྱི་ཉམས་སུ་ལེན་བྱའི་རིམ་པ་གསལ་བར་བཀོད་པ་རྣལ་འབྱོར་ལམ་གྱི་སྒྲོན་མེ།

Lamp for the Yoga Path, Which Clearly Lays Out the Stages of What Is to Be Practiced by Those Who Have Entered into the Three-Year Retreat of the Karma Kamtsang Practice Lineage

སྙིགས་དུས་ཀྱི་བསྟན་འགྲོའི་སྐྱབས་དང་མགོན་དཔུང་མཚུངས་ཟླ་མ་མཆིས་པ་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་༧རྒྱལ་མཆོག་བཅུ་དྲུག་པ་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་རྗེའི་བདག་རྐྱེན་ལས་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་སའི་སྟེ་བ་འོག་མིན་གཉིས་པ་རུམ་བཏེག་ཀརྨའི་གདན་ས་བཤད་སྒྲུབ་ཆོས་འཁོར་གླིང་གི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཕྱག་བཏབ་ཅིང། དེ་འབྲེལ་རབ་ལོ་ ༢༡༠༥ ས་ཕོ་རྟ་ཡི་ལོ་༡༩༧༨ ལོར་བསྟན་པའི་སྙིང་པོ་ལུང་རྟོགས་བཤད་པ་དང་སྒྲུབ་པའི་སྡེ་ཡང་གསར་དུ་འཛུགས་པར་མཛད་པའི་ཡ་གྱལ་སྒྲུབ་སྡེ་ཆེན་པོ་ཡིད་འོང་བསམ་གཏན་གླིང་གི་སྒྲུབ་བཞུགས་རྣམས་ཀྱིས་ལོ་གསུམ་ཕྱོགས་གསུམ་རིང་། ཉམས་སུ་བླང་བྱ་མཐའ་དག་མཉམ་མེད་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཕྱག་བཞེས་དྲི་མ་མེད་པ་ཇི་ལྟ་བ་བཞིན་གསལ་བར་འགོད་པའོ།།

དཔེ་སྐྲུན་གསལ་བཤད།

དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་སྒོམ་རིམ།

དང་པོ་སྔོན་འགྲོ།

{1} ཐུན་མོང་གི་སྔོན་འགྲོ།

[1] ཆོས་སྤྱིའི་རྩ་བ་སྐྱབས་འགྲོ།

(1) སྦྱོར་དྲུག་བརྒྱུད་པའི་གསོལ་འདེབས་བྱ་བ།

(2) སྐྱབས་ཡུལ་བསྐྱེད་ནས་སྐྱབས་སུ་འགྲོ་བ་དངོས།

[2] ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད།

(1) སེམས་བསྐྱེད་སྒོམ་པ་དངོས།

(2) སེམས་བསྐྱེད་སྤེལ་བྱེད་ཚད་མེད་བཞི་སྒོམ་པ།

[3] སྡིག་སྒྲིབ་སྦྱོང་བ་ཡིག་བརྒྱ།

[4] ཚོགས་བསགས་པ་མཎྜལ།

(1) མཎྜལ་གྱི་རྣམ་གཞག

(2) མཎྜལ་འབུལ་བ།

[5] བྱིན་རླབས་ཀྱི་རྩ་བ་བླ་མའི་རྣལ་འབྱོར།

{2} ཐུན་མོང་མ་ཡིན་པའི་སྔོན་འགྲོ།

[1] རྫོགས་རིམ་གྱི་སྔོན་འགྲོ་བསྐྱེད་རིམ་ལྷའི་རྣལ་འབྱོར།

[2] རྫོགས་རིམ་ཉེར་བསྡོགས་ཁྱད་ཅན་དབེན་གསུམ་གྱིས་སྒོ་གསུམ་སྦྱང་བ།

{1} རྫོགས་རིམ་སྔོན་དབེན་གསུམ་གྱིས་སྒོ་གསུམ་སྦྱངས་པ་འགྲོ་བའི་རྒྱུ་མཚན།

{2} དབེན་གསུམ་དང་ལྡན་མི་ལྡན་གྱི་སྐྱོན་ཡོན་བསམ་པས་འཇུག་ལྡོག་བྱེད་པ།

{3} དབེན་པ་གསུམ་ལ་བློ་ཇི་ལྟར་སྦྱོང་བའི་ཚུལ།

[1] དབང་བསྐུར་བ།

[2] ཁྲིད་འབོག་པ།

[3] སྒོམ་ཚུལ་དངོས།

{4} སྦྱངས་ནས་འབྱོངས་པའི་ཚད།

གཉིས་པ་དངོས་གཞི།

{1} མི་འགྱུར་བའི་བདེ་བའི་རྟེན་སྟོང་གཟུགས་མ་གྲུབ་པ་སྒྲུབ་བྱེད་སོར་སྡུད་ཀྱི་ཡན་ལག

[1] མཚན་མོ་གསེང་མེད་ནམ་མཁའི་རྣལ་འབྱོར།

[2] ཉིན་མོ་སྤྲིན་མེད་ནམ་མཁའི་རྣལ་འབྱོར་སྒོམ་པ།

{2} སྟོང་གཟུགས་གྲུབ་པ་སེམས་དང་བསྲེས་ནས་བརྟན་པར་བྱེད་པ་བསམ་གཏན་གྱི་ཡན་ལག

{3} སྟོང་གཟུགས་སེམས་དང་འདྲེས་པ་ཐིག་ལེར་བསྲེས་ཕྱིར་སྲོག་དང་བསྲེ་བ་སྲོག་རྩོལ་གྱི་ཡན་ལག

{4} སྟོང་གཟུགས་སྲོག་དང་འདྲེས་པ་ཐིག་ལེར་བསྲེས་ཏེ་འབར་སྣང་གི་སྐུ་སྒྲུབ་པ་འཛིན་པའི་ཡན་ལག

{5} འབར་སྣང་གི་སྐུ་འགྲུབ་པའི་ཕྱག་ཆེན་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་དངོས་སུ་སྒྲུབ་པ་རྗེས་དྲན་གྱི་ཡན་ལག

{6} ཕྱག་ཆེན་ལ་བརྟེན་ནས་མཆོག་མི་འགྱུར་བའི་བདེ་བ་གྲུབ་པ་ཏིང་ངེ་འཛིན་གྱི་ཡན་ལག

གསུམ་པ་རྗེས།

དཔེ་སྐྲུན་སྨོན་ཚིག

No Outline Available

Other Volumes in This Series: