རྡོ་རྗེའི་གསང་བའི་སྔགས་ཀྱི་རྒྱལ་པོ་བཛྲ་གུ་རུའི་དགོངས་དོན་རྣམ་པར་བཤད་པ་ཟབ་དོན་རྡོ་རྗེའི་གསང་མཛོད་ལས་ཅན་དད་བརྒྱའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།

A Celebration of Great Karmic Devotion: The Profound Meaning of the Secret Vajra Treasury, A Commentary on the Meaning of Vajra Guru, the King of Secret Mantra

སྙིགས་དུས་སེམས་ཅན་བསོད་ནམས་ཟད་པའི་རྟགས་སུ་འཛམ་བུ་གླིང་དུ་ནད་མུག་མཚོན་གསུམ་དར་ཞིང་། ཁྱད་པར་དུ་བོད་འབངས་གྲོག་མའི་ཚང་བཤིགས་པ་ལྟར་འཐོར་ཞིང་སྡུག་པའི་དུས་སུ་བཛྲ་གུ་རུའི་སྙིང་པོ་འདི་གནས་ཆེན་དང་དགོན་སྡེ། རི་བོ་ཆེན་པོའི་རྩེ་དང་ཆུ་བོ་ཆེན་པོའི་འགྲམ། ལྷ་སྲིན་འབྱུང་པོ་དར་བའི་ས་མགོ་དང་ས་མདོ་ལ་སོགས་པ་ལ། སྔགས་པ་དམ་ཚིག་དང་ལྡན་པ། དགེ་འདུན་སྡོམ་པ་དང་ལྡན་པ། སྐྱེ་བོ་དད་པ་དང་ལྡན་པ། བུད་མེད་མཚན་དང་ལྡན་པ་དག་གིས་སེམས་བསྐྱེད་རྒྱ་ཆེན་པོའི་ངང་ནས་བརྒྱ་སྟོང་ཁྲི་འབུམ་བྱེ་བ་དང་དུང་ཕྱུར་ལ་སོགས་པ་ཅི་འགྲུབ་བཟླས་ན་ཕན་ཡོན་དང་ནུས་པ་བསམ་གྱིས་མི་ཁྱབ་པ་ཡོད་ཅེས་གུ་རུ་པདྨ་འབྱུང་གནས་ཀྱིས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་དབུ་སྙུང་བཞེས་པའི་བཛྲ་གུ་རུའི་སྙིང་པོ་དེ་ཉིད་ཀྱི་དགོངས་དོན་དང་ཕན་ཡོན་རྣམས་གཟུང་སྔགས་སྤྱིའི་གོ་དོན་དང་བཅས་གསལ་བར་མཛད་པའོ།།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།