དབུ་མ་ཡང་དག་པར་བརྗོད་པ་ཞེས་བྱ་བ་བཞུགས་སོ།།

A Perfect Presentation of the Middle Way

དབུ་མ་ཡང་དག་པར་བརྗོད་པ་འདི་ནི། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་དེ་ཉིད་ལ་ཕྱི་ཆུ་བར་དུ་བཞུགས་སྐབས་ལྷ་མ་སྲིན་སྡེ་བརྒྱད་དང་འཇིག་རྟེན་མིག་བསྒྱུར་ཌཱ་ཀི་རྣམས་ཀྱིས་མེ་ཏོག་དང་སྤོས་དང་རོལ་མོ་སོགས་ཀྱི་མཆོད་པ་གྱ་ནོམ་པ་ཕུལ་ནས་རྗེ་བཙུན་ལ་ཁྱེད་རང་གི་ཐུགས་སུ་བྱོན་པའི་རྟོགས་ཚད། དུས་གསུམ་སངས་རྒྱས་ཀྱི་དགོངས་པ། མཐར་ཐུག་ལམ་གྱི་སྐྱེལ་ས་འདི་ལས་མེད་ཅེས་པ། ངེས་དོན་གྱི་ཆོས་ཞིག་ངེད་འདིར་ཚོགས་པའི་ལྷ་མ་སྲིན་རྣམས་ལ་གསུང་བར་ཞུ་འཚལ་ཞུས་པའི་ལན་དུ། རྗེ་བཙུན་གྱི་རྟོགས་ཚད་ལྟ་བའི་མགུར། གནས་ལུགས་ངེས་དོན་འབའ་ཞིག་ཏུ་གདམས་པ་འདི་རྣམས་ཡིན་གསུངས་ནས་མགུར་དུ་བཞེངས་པའོ།།

No Table of Contents Available

No Outline Available

Other Volumes in This Series: