ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་བཤད་ཐེག་མཆོག་བདུད་རྩིའི་དགའ་སྟོན། སྟོད་ཆ།

The Banquet of Supreme Mahayana Nectar: An Explanation of the Intent of “The Ornament of the Collection of the Mahayana Sutras,” Part 1

ཤིང་རྟའི་སྲོལ་འབྱེད་ཆེན་མོ་འཕགས་པ་ཐོགས་མེད་ཀྱིས་ཆོས་རྒྱུན་གྱི་ཏིང་འཛིན་བརྙེད་ནས། དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་རྒྱལ་ཚབ་མི་ཕམ་མགོན་པོའི་ཞལ་ནས་དངོས་སུ་ནོད་པའི་བྱམས་ཆོས་སྡེ་ལྔའི་ཡ་གྱལ་ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་གཞུང་ཁྱད་འཕགས་འདི་ཉིད་ཤིན་ཏུ་གསལ་བར་གོ་བདེ་བའི་ཚུལ་དུ་རྣམ་པར་བཤད་པ་བཞུགས་སོ།།

No Table of Contents Available

དཔེ་སྐྲུན་གསལ་བཤད།

དེ་ཡང་ཤིང་རྟ་ཆེན་པོ་ཐོགས་མེད་ཀྱིས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་བརྙེས་ནས། དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་རྒྱལ་ཚབ་མི་ཕམ་མགོན་པོའི་ཞལ་ནས་དངོས་སུ་ནོད་པའི་བྱམས་ཆོས་སྡེ་ལྔའི་ཡ་གྱལ་ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་གཞུང་ཁྱད་འཕགས་འདི་ཉིད་ཤིན་ཏུ་གསལ་བར་གོ་བདེ་བའི་ཚུལ་དུ་རྣམ་པར་བཤད་པ་ལ། མཚན་དོན། འགྱུར་ཕྱག གཞུང་དོན། མཇུག་དོན་བཞི་ལས། དང་པོ་མཚན་དོན་ནི།

གཉིས་པ་འགྱུར་ཕྱག་ནི།

གསུམ་པ་གཞུང་དོན་ལ། ཇི་ལྟར་བརྩམས་པའི་ཚུལ་དང༌། དེ་ལྟར་བརྩམས་པའི་བསྟན་བཅོས་ཀྱི་གཞུང་བཤད་པ་གཉིས། དང་པོ་ཇི་ལྟར་བརྩམས་པའི་ཚུལ་ནི།

གཉིས་པ་བསྟན་བཅོས་གཞུང་གི་དོན་ལ། བསྒྲུབ་པར་བྱ་བ་དང༌། བྱེ་བྲག་ཏུ་ཤེས་པར་བྱ་བ། བསམ་པར་བྱ་བ་དང༌། བསམ་གྱིས་མི་ཁྱབ་པ་དང༌། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱི་ངོ་བོ་ཉིད་བཤད་པ་དང་ལྔ་ལས། དང་པོ་ཐེག་པ་ཆེན་པོ་བཀར་བསྒྲུབ་པ་ལ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པ་གཉིས་ལས།

དང་པོ་སྤྱིར་བསྟན་པ་ནི།

གཉིས་པ་ཐེག་ཆེན་བཀར་བསྒྲུབ་པའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ལ། ལོག་པར་རྟོག་པ་ཟློག་བྱེད་ཀྱི་རིགས་པའི་རྣམ་གྲངས་བསྟན་པ་དང༌། ཐེག་ཆེན་ལ་ལོག་པར་འཛིན་པ་སྤོང་བར་གདམས་པ་གཉིས་ལས། དང་པོ་ལོག་རྟོག་ཟློག་བྱེད་ཀྱི་རིགས་པའི་རྣམ་གྲངས་བསྟན་པ་ནི།

གཉིས་པ་ཐེག་པ་ཆེན་པོ་ལ་ལོག་པར་འཛིན་པ་སྤོང་བར་གདམས་པ་ནི།

གཉིས་པ་བྱེ་བྲག་ཏུ་ཤེས་པར་བྱ་བ་ལ། སྐྱབས་འགྲོ། རིགས། སེམས་བསྐྱེད། སྒྲུབ་པ་བཞི་ལས། དང་པོ་༼སྐྱབས་འགྲོ༽ལ། སྐྱབས་འགྲོའི་ཁྱད་པར་དང༌། ཁྱད་པར་དེ་ལྡན་གྱི་སྐྱབས་འགྲོའི་རང་བཞིན། དོན་བསྡུས་ཏེ་བསྟན་པ་གསུམ་ལས། དང་པོ་༼སྐྱབས་འགྲོའི་ཁྱད་པར་༽ལ་ཁྱད་པར་བཞི་མདོར་བསྟན། དེའི་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ཁྱད་པར་བཞི་མདོར་བསྟན་ནི།

གཉིས་པ་རྒྱས་བཤད་ལ་གོང་གི་རིམ་པ་བཞིན་བཞི་ལས། དང་པོ་ཀུན་འགྲོའི་ཁྱད་པར་ནི།

གཉིས་པ་ཁས་ལེན་ལ། དངོས་དང༌། དཔེས་བསྟན་པ་གཉིས་ལས། དང་པོ་དངོས་ནི།

གཉིས་པ་དེའི་ཡོན་ཏན་དཔེས་བསྟན་པ་ལ། རྒྱལ་པོའི་སྲས་ཀྱི་དཔེ་དང༌། བློན་པོ་ཆེན་པོའི་དཔེ་གཉིས་ལས། དང་པོ་རྒྱལ་པོའི་སྲས་ཀྱི་དཔེ་ནི།

གཉིས་པ་བློན་པོ་ཆེན་པོའི་དཔེ་ནི།

གསུམ་པ་རྟོགས་པའི་ཁྱད་པར་ནི།

བཞི་པ་ཟིལ་གནོན་རྒྱས་བཤད་ནི།

གཉིས་པ་ཁྱད་པར་ཅན་གྱི་སྐྱབས་འགྲོ་ཉིད་བཤད་པ་ནི།

གསུམ་པ་དོན་བསྡུས་ཏེ་བསྟན་པ་ནི།

དེ་ལྟར་འཕྲོས་དོན་སྨོས་ནས་དཀྱུས་ཀྱི་དོན་གཉིས་པ་རིགས་ཀྱི་ལེའུ་བཤད་པ་ལ། རིགས་ཡོད་པ་བཤད་པ་དང༌། རིགས་མེད་པ་བཤད་པ། ཐེག་པ་མཆོག་གི་རིགས་ལ་བསྔགས་པའི་སྒོ་ནས་ལེའུ་མཇུག་བསྡུ་བ་གསུམ། དང་པོ་༼རིགས་ཡོད་པ་བཤད་པ་༽ལ་སྡོམ་གྱི་སྒོ་ནས་མདོར་བསྟན། དེ་དག་སོ་སོའི་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་སྡོམ་གྱི་སྒོ་ནས་མདོར་བསྟན་པ་ནི།

གཉིས་པ་༼སོ་སོའི་དོན་རྒྱས་པར་བཤད་པ་༽ལ་མདོར་བསྟན་གྱི་རིམ་པ་དང་མཚུངས་པར་བརྒྱད་ལས། དང་པོ་རིགས་ཐ་དད་ཡོད་པའི་ཚུལ་ནི།

གཉིས་པ་ཐེག་ཆེན་མཆོག་ཡིན་པ་ནི།

གསུམ་པ་རིགས་དེའི་མཚན་ཉིད་ཀྱི་རྣམ་དབྱེ་ནི།

བཞི་པ་རིགས་ཀྱི་མཚན་མའམ་རྟགས་ནི།

ལྔ་པ་རིགས་ཀྱི་རབ་ཏུ་དབྱེ་བ་ནི།

དྲུག་པ་རིགས་ཀྱི་ཉེས་དམིགས་ནི།

བདུན་པ་ཐེག་པ་ཆེན་པོའི་རིགས་ཀྱི་ལེགས་པའམ་ཕན་ཡོན་ནི།

བརྒྱད་པ་དཔེ་རྣམ་པ་གཉིས་ལས། དང་པོ་གསེར་གྱི་དཔེ་ནི།

གཉིས་པ་རིན་ཆེན་གྱི་དཔེ་ནི།

གཉིས་པ་རིགས་མེད་པར་བཤད་པ་ནི།

གསུམ་པ་རིགས་མཆོག་ལ་བསྔགས་པའི་སྒོ་ནས་དོན་བསྡུ་བ་ནི།

གསུམ་པ་སེམས་བསྐྱེད་པ་ལ། སེམས་བསྐྱེད་ཀྱི་ངོ་བོ། དབྱེ་བ། དཔེ། ཕན་ཡོན་གྱི་བསྔགས་པ་བཞི་ལས། དང་པོ་སེམས་བསྐྱེད་ཀྱི་ངོ་བོ་ནི།

གཉིས་པ་སེམས་བསྐྱེད་ཀྱི་དབྱེ་བ་ལ། སའི་གནས་སྐབས་ཀྱིས་དབྱེ་བ་དང༌། རྩ་བ་སོགས་ཀྱི་སྒོ་ནས་དབྱེ་བ་དང༌། ཐོབ་ཚུལ་གྱི་སྒོ་ནས་དབྱེ་བ་གསུམ་ལས། དང་པོ་སའི་གནས་སྐབས་ཀྱིས་དབྱེ་བ་ནི།

གཉིས་པ་སེམས་བསྐྱེད་དེ་དག་གི་རྩ་བ་སོགས་ཆོས་བཅུ་གཅིག་གིས་དབྱེ་བ་བཤད་པ་ནི།

གསུམ་པ་ཐོབ་ཚུལ་གྱི་སྒོ་ནས་དབྱེ་ན་གཉིས་ཏེ།

དང་པོ་བརྡས་ཐོབ་པའམ་གཞན་གྱིས་བསྟན་པའི་སེམས་བསྐྱེད་སྐྱེ་ཚུལ་གྱི་རྣམ་གྲངས་བཤད་པ་ནི།

གཉིས་པ་ཆོས་ཉིད་ཀྱིས་ཐོབ་པ་དོན་དམ་པའི་སེམས་བསྐྱེད་ནི།

གསུམ་པ་སེམས་བསྐྱེད་པའི་དཔེ་བཤད་པ་ནི།

བཞི་པ་བྱང་ཆུབ་ཀྱི་སེམས་ལ་བསྔགས་པའི་སྒོ་ནས་དེར་འཇུག་པར་གདམས་པ་ལ་བརྒྱད་ལས། དང་པོ་ཐེག་ཆེན་སེམས་བསྐྱེད་དང་བྲལ་བ་རྣམས་བདེ་བ་བཞི་ལས་ཉམས་པའི་ཚུལ་གསུངས་པ་ནི།

གཉིས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ན་ངན་སོང་དང་འཁོར་བའི་སྡུག་བསྔལ་གྱིས་སྐྱོ་བའི་འཇིགས་པ་མེད་པར་བསྟན་པ་ནི།

གསུམ་པ་སེམས་ཅན་གྱི་ལོག་སྒྲུབ་ལ་སྐྱོ་བ་མེད་པར་བསྟན་པ་ནི།

བཞི་པ་འཁོར་བ་འདིར་བྱང་སེམས་རྣམས་འབྱོར་བ་དང་རྒུད་པ་ཇི་ལྟར་གྱུར་ཀྱང་བྱང་ཆུབ་ཀྱི་སྤྱོད་པ་ལས་མི་ལྡོག་པ་ནི།

ལྔ་པ་བཤད་མ་ཐག་པའི་སྐྱེ་བ་སྐྱེད་མོས་ཚལ་དུ་འགྲོ་བ་ལྟར་རྟོགས་པའི་དོན་རྒྱས་པར་བཤད་པ་ནི།

དྲུག་པ་ལུས་གཏོང་བ་སོགས་སྡུག་བསྔལ་གྱིས་ལྡོག་པ་མེད་ཅིང་མི་ཞུམ་པའི་ཚུལ་གསུངས་པ་ནི།

བདུན་པ་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་སྟེ་སྔོན་དུ་བཀུར་སྟི་དང་ཟང་ཟིང་དང་རིམ་གྲོ་སོགས་ཀྱིས་མཉེས་པར་བྱས་པའམ་ཚེ་འདིའི་གཉེན་དང་རྩ་ལག་ཏུ་གྱུར་པ་ལྟ་བུའི་སྔོན་འདྲིས་པའི་རྒྱུས་ཕན་འདོགས་པ་མིན་གྱི། རང་བཞིན་གྱིས་སེམས་ཅན་གཞན་ལ་སྙིང་བརྩེ་བའི་ངང་ཚུལ་ཡིན་པས་སེམས་ཅན་དོན་ལ་རང་ཉིད་ངང་གིས་འཇུག་པར་མཛད་ཀྱི་གཞན་གྱིས་བསྐུལ་མི་དགོས་པར་བསྟན་པ་ནི།

བརྒྱད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བརྩོན་འགྲུས་ལྷག་པར་བརྩོན་དགོས་པར་གདམས་པ་ནི།

དེ་ལྟར་སེམས་བསྐྱེད་ནས་ཇི་ལྟར་ཁས་བླངས་པའི་དོན་བཞིན་ཉམས་སུ་ལེན་དགོས་པས་བཞི་པ་སྒྲུབ་པ་བཤད་པ་ལ། དོན་གཉིས་ཕུན་སུམ་ཚོགས་པའི་སྒྲུབ་པ་སྤྱིར་བསྟན་པ། གཞན་དོན་སྒྲུབ་ཚུལ་བྱེ་བྲག་ཏུ་བཤད་པ། སྒྲུབ་པའི་ཆེ་བ་བསྟན་པས་དོན་བསྡུ་བ་གསུམ་ལས། དང་པོ་དོན་གཉིས་ཕུན་སུམ་ཚོགས་པའི་སྒྲུབ་པ་སྤྱིར་བསྟན་པ་ནི།

གཉིས་པ་གཞན་དོན་སྒྲུབ་ཚུལ་བྱེ་བྲག་ཏུ་བཤད་པ་ལ། གཞན་དོན་ལ་འཇུག་ཚུལ། གཞན་དོན་བྱེད་པའི་དབྱེ་བ། གཞན་དོན་བྱེད་པ་དེ་མཆོག་ཏུ་གྱུར་པ། ཁྱད་པར་འཕགས་པ། རྒྱུན་མི་འཆད་པ། ལོག་སྒྲུབ་ཀྱིས་མི་སྐྱོ་བ་དྲུག་ལས། དང་པོ་གཞན་དོན་ལ་འཇུག་ཚུལནི།

གཉིས་པ་གཞན་དོན་བྱེད་པའི་དབྱེ་བ།

གསུམ་པ་གཞན་དོན་བྱེད་པ་དེ་ཡང་ཕ་རོལ་གྱི་དོན་དུ་འགྱུར་ཞིང་ཆུད་མི་ཟ་བས་མཆོག་ཏུ་འགྱུར་བའི་ཚུལ་ནི།

བཞི་པ་བྱང་ཆུབ་སེམས་དཔའི་སྒྲུབ་པ་ཁྱད་པར་འཕགས་ཚུལ་ནི།

ལྔ་པ་སྒྲུབ་པ་རྒྱུན་མི་འཆད་པ་ནི།

དྲུག་པ་གཞན་དོན་སྒྲུབ་པའི་ཚེ་གཞན་གྱི་ལོག་སྒྲུབ་ཀྱིས་མི་སྐྱོ་བ་ནི།

གསུམ་པ་བསམ་པར་བྱ་བ་ལ། རྟོགས་བྱ་དེ་ཁོ་ན་ཉིད་ལ་བསམ་པ། བསྒྲུབ་བྱ་མངོན་ཤེས་དྲུག་ལ་བསམ་པ། ཡོན་ཏན་ཐམས་ཅད་ཐོབ་པའི་རྒྱུ་རང་རྒྱུད་ཡོངས་སུ་སྨིན་པར་བྱ་བ་ལ་བསམ་པ་གསུམ་ལས། དང་པོ་༼རྟོགས་བྱ་དེ་ཁོ་ན་ཉིད་ལ་བསམ་པ༽ལ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད། དེ་གཏན་ལ་དབབ་པ་བདག་མེད་གཉིས། དེ་ཇི་ལྟར་རྟོགས་ཚུལ་གྱི་གོ་རིམ་གསུམ་ལས། དང་པོ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ནི།

གཉིས་པ་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ནི་བདག་མེད་གཉིས་རིགས་པས་བསྒྲུབ་པ་ཡིན་པས། དང་པོར་གང་ཟག་གི་བདག་མེད་བསྒྲུབ་པ་ནི།

གཉིས་པ་ཆོས་ལ་བདག་མེད་པར་བསྟན་པ་ནི།

གསུམ་པ་དོན་དམ་པ་དེ་ཁོ་ན་ཉིད་དེ་ཇི་ལྟར་རྟོགས་ཚུལ་གྱི་གོ་རིམ་བསྟན་པ་ནི།

རྟོགས་བྱ་དེ་ཁོ་ན་ཉིད་བཤད་པའི་རྗེས་སུ་གཞན་སྨིན་པར་བྱེད་པའི་ཡོན་ཏན་ཁྱད་པར་ཅན་བསྒྲུབ་པ་མཐུའི་ལེའུ་བཤད་པ་ལ། མཐུའི་ངོ་བོ་དང༌། རྒྱུ་དང༌། འབྲས་བུ་དང༌། བྱེད་ལས་དང༌། ལྡན་པ་དང༌། འཇུག་པའམ་དབྱེ་བ་དྲུག་དང༌། མཐུའི་ཡོན་ཏན་གྱི་ཆེ་བ་བསྟན་པ་བཅས་བདུན་ལས། དང་པོ་མཐུའི་ངོ་བོ་ནི།

གཉིས་པ་མངོན་ཤེས་དེ་ཡི་རྒྱུ་བཤད་པ་ནི།

གསུམ་པ་མངོན་ཤེས་གྲུབ་པའི་འབྲས་བུ་ནི།

བཞི་པ་མངོན་ཤེས་ཀྱི་བྱེད་ལས་ནི།

ལྔ་པ་མངོན་ཤེས་དེ་ཡོན་ཏན་དང་ལྡན་པར་བསྟན་པ་ནི།

དྲུག་པ་མངོན་ཤེས་སམ་མཐུའི་རབ་ཏུ་དབྱེ་བ་དང་དེས་སེམས་ཅན་གྱི་དོན་ལ་ཇི་ལྟར་འཇུག་པར་བསྟན་པ་ནི།

བདུན་པ་མངོན་པར་ཤེས་པ་དྲུག་སོགས་ཀྱི་མཐུ་ཐོབ་པའི་ཆེ་བར་བསྔགས་པའི་སྒོ་ནས་མཇུག་བསྡུ་བ་ནི།

བྱང་ཆུབ་སེམས་དཔའི་ཡོན་ཏན་ཁྱད་པར་མཐུ་ཐོབ་པ་སོགས་ནི་རྒྱུད་ཡོངས་སུ་སྨིན་པ་ལས་འགྲུབ་པས་ན་དེ་བཤད་པ་ལ། རང་སྨིན་པ་དང༌། གཞན་སྨིན་པར་བྱེད་པ་གཉིས། དང་པོ་༼རང་སྨིན་པ་༽ལ་མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ་ལས། དང་པོ་མདོར་བསྟན་ནི།

གཉིས་པ་རྒྱས་བཤད་སྔ་མའི་རིམ་པ་དང་མཚུངས་པར་དགུ་ལས། དང་པོ་དགའ་བ་ཡོངས་སུ་སྨིན་པའི་རྒྱུ་ནི།

གཉིས་པ་སྟོན་པ་དགེ་བའི་བཤེས་གཉེན་ལ་དད་པ་ཡོངས་སྨིན་གྱི་རྒྱུ་ནི།

གསུམ་པ་རབ་ཞི་ཡོངས་སྨིན་གྱི་རྒྱུ་ནི།

བཞི་པ་སྙིང་རྗེ་ཡོངས་སུ་སྨིན་པའི་རྒྱུ་ནི།

ལྔ་པ་བཟོད་པ་ཡོངས་སྨིན་གྱི་རྒྱུ་ནི།

དྲུག་པ་ཡིད་གཞུངས་སམ་ཡིད་རྣོ་བ་ཡོངས་སྨིན་གྱི་རྒྱུ་ནི།

བདུན་པ་མཐུ་སྟོབས་ཡོངས་སྨིན་གྱི་རྒྱུ་ནི།

བརྒྱད་པ་མི་འཕྲོག་པ་ཡོངས་སུ་སྨིན་པའི་རྒྱུ་ནི།

དགུ་པ་སྤོང་བའི་ཡན་ལག་ལྔ་དང་ལྡན་པ་ཡོངས་སུ་སྨིན་པ་ནི།

གསུམ་པ་དོན་བསྡུ་བ་ལ། བདག་ཡོངས་སུ་སྨིན་པ་དང༌། སྨིན་པའི་དཔེ་བཤད་པ་གཉིས་ལས། དང་པོ་བདག་ཡོངས་སུ་སྨིན་པ་ནི།

གཉིས་པ་སྨིན་པའི་དཔེ་བཤད་པ་ནི།

གཉིས་པ་སེམས་ཅན་གཞན་སྨིན་པར་བྱེད་ཚུལ་ལ། དབྱེ་བ་དང༌། བསམ་པ་དང༌། སྦྱོར་བ་གསུམ་ལས། དང་པོ་སེམས་ཅན་གཞན་སྨིན་པར་བྱེད་ཚུལ་གྱི་དབྱེ་བ་ནི།

གཉིས་པ་བསམ་པའི་ཁྱད་པར་ནི།

གསུམ་པ་སྦྱོར་བའི་ཁྱད་པར་ལ། ཕ་རོལ་ཕྱིན་པ་དྲུག་གིས་སྨིན་པར་བྱེད་པ་དང༌། མཇུག་ཏུ་དོན་བསྡུ་བ་གཉིས་ལས། དང་པོ་ཕར་ཕྱིན་དྲུག་གིས་སྨིན་པར་བྱེད་པ་ལ་དྲུག་ལས། དང་པོ་སྦྱིན་པས་སྨིན་པར་བྱེད་པ་ནི།

གཉིས་པ་ཚུལ་ཁྲིམས་ཀྱིས་སྨིན་པར་བྱེད་པ་ནི།

གསུམ་པ་བཟོད་པས་སྨིན་པར་བྱེད་པ་ནི།

བཞི་པ་བརྩོན་འགྲུས་ཀྱིས་སྨིན་པར་བྱེད་པ་ནི།

ལྔ་པ་བསམ་གཏན་གྱིས་སྨིན་པར་བྱེད་པ་ནི།

དྲུག་པ་ཤེས་རབ་ཀྱིས་སྨིན་པར་བྱེད་པ་ནི།

གཉིས་པ་དོན་བསྡུ་བ་ནི།

སྨིན་པ་དགུ་པོ་དེ་དག་གཙོ་ཆེར་མོས་སྤྱོད་ཀྱི་སའི་དབང་དུ་བྱས་པར་མངོན་ཡང་སྤྱིར་བྱང་ཆུབ་སེམས་དཔའི་ས་དང་དབང་པོ་སྨིན་པ་མཐར་ཐུག་པ་ས་བཅུའི་རྒྱུན་མཐར་བྱང་ཆུབ་ཆེན་པོ་ཐོབ་པས་ན་ཡོངས་སྨིན་གྱི་རྗེས་སུ་འབྲས་བུ་བྱང་ཆུབ་ཆེན་པོ་བཤད་པ་ལ། འཐོབ་བྱ་མཐར་ཐུག་ཡིན་པའི་སྒོ་ནས་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད་པ། དོན་བསྡུས་ཏེ་བླ་ན་མེད་པའི་བྱང་ཆུབ་ལ་དམིགས་ནས་སེམས་བསྐྱེད་པར་གདམས་པ་གསུམ་ལས། དང་པོ་འཐོབ་བྱ་མཐར་ཐུག་ཡིན་པའི་སྒོ་ནས་མདོར་བསྟན་པ་ནི།

གཉིས་པ་བྱང་ཆུབ་ཆེན་པོ་དེའི་རང་བཞིན་རྒྱས་པར་བཤད་པ་ལ། ཡོན་ཏན་གྱི་རྣམ་གྲངས་བཅུ་ཡི་སྒོ་ནས་སྤྱིར་བསྟན། ཡོན་ཏན་དེ་ལྡན་གྱི་བྱང་ཆུབ་ཉིད་ངོ་བོ་རྒྱུ་འབྲས་སོགས་རྣམ་གཞག་རྣམ་པ་དྲུག་གིས་བཤད་པ་གཉིས། དང་པོ་༼ཡོན་ཏན་གྱི་རྣམ་གྲངས་བཅུ་ཡི་སྒོ་ནས་སྤྱིར་བསྟན་༽ལ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང༌། དོན་གཉིས་ཕུན་ཚོགས་ཀྱི་ཡོན་ཏན། སྐྱབས་ཀྱི་དམ་པར་གྱུར་པའི་ཡོན་ཏན། གནས་གྱུར་པའི་ཡོན་ཏན། ཀུན་ཏུ་ཁྱབ་པའི་ཡོན་ཏན། མཛད་པ་རྟོག་མེད་ལྷུན་གྱིས་གྲུབ་པར་འཇུག་པའི་ཡོན་ཏན། ཟབ་མོ་དཔག་པར་དཀའ་བའི་ཡོན་ཏན། སྙིང་པོ་འགྱུར་བ་མེད་པའི་ཡོན་ཏན། འབྱོར་པ་ཚད་མེད་པའི་ཡོན་ཏན། སེམས་ཅན་སྨིན་པར་བྱེད་པའི་ཡོན་ཏན་དང་བཅུ་ལས། དང་པོ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ནི།

གཉིས་པ་དོན་གཉིས་ཕུན་ཚོགས་ཀྱི་ཡོན་ཏན་ནི།

གསུམ་པ་སྐྱབས་ཀྱི་དམ་པར་གྱུར་པའི་ཡོན་ཏན་ལ། བདག་གི་དོན་སྒྲུབ་པ་དང༌། གཞན་གྱི་དོན་སྒྲུབ་པ་དང༌། དེ་གཉིས་ཀྱི་ཕྱིར་སྐྱབས་དཔེ་མེད་པར་སྒྲུབ་པ་གསུམ། དང་པོ་བདག་གི་དོན་སྒྲུབ་པ་ནི།

གཉིས་པ་གཞན་གྱི་དོན་སྒྲུབ་པ་ནི།

གསུམ་པ་སྐྱབས་དཔེ་མེད་པར་སྒྲུབ་པ་ལ། དངོས་དང༌། སྐྱབས་མཆོག་ཡིན་པ་དང༌། སྐྱབས་ཆེན་པོ་ཡིན་པ་གསུམ་ལས། དང་པོ་དངོས་ནི།

གཉིས་པ་སྐྱབས་མཆོག་ཡིན་པའི་རྒྱུ་མཚན་ནི།

གསུམ་པ་སྐྱབས་ཆེན་པོ་ཡིན་པ་ནི།

བཞི་པ་གནས་གྱུར་པའི་ཡོན་ཏན་ལ། གནས་གྱུར་པ་ཉིད་བཤད་པ་དང༌། དེ་ཁྱད་པར་འཕགས་ཚུལ་བསྟན་པ་གཉིས་ལས། དང་པོ་གནས་གྱུར་པ་ཉིད་བཤད་པ་ནི།

གཉིས་པ་༼ཁྱད་པར་འཕགས་ཚུལ་བསྟན་པ་༽ལ་སངས་རྒྱས་ཀྱི་གནས་གྱུར་དེ་ཉན་རང་གི་གནས་གྱུར་ལས་ཁྱད་པར་འཕགས་ཚུལ་དང༌། དེའི་རབ་དབྱེ་བཅུ་བཤད་པ་གཉིས་ལས། དང་པོ་སངས་རྒྱས་ཀྱི་གནས་གྱུར་ཉན་རང་གནས་གྱུར་ལས་ཁྱད་པར་འཕགས་ཚུལ་ནི།

གཉིས་པ་སངས་རྒྱས་ཀྱི་གནས་གྱུར་པའི་ཡོན་ཏན་གྱི་རྣམ་གྲངས་དབྱེ་བ་ནི།

ལྔ་པ་ཀུན་ཏུ་ཁྱབ་པའི་ཡོན་ཏན་ལ། དངོས་དང༌། དོགས་སྤོང་གཉིས་ལས། དང་པོ་དུས་དང་ཕྱོགས་ཀྱི་དངོས་པོ་ཀུན་ལ་ཁྱབ་པའི་ཚུལ་ནི།

གཉིས་པ་དོགས་པ་སྤངས་པ་ནི།

དྲུག་པ་སངས་རྒྱས་ཀྱི་མཛད་པ་རྟོག་མེད་ལྷུན་གྱིས་གྲུབ་པར་འཇུག་ཚུལ་ནི།

བདུན་པ་སངས་རྒྱས་ཀྱི་དབྱིངས་ཟབ་པའི་ཚུལ་འདི་ལ་དོན་གསུམ་སྟེ། མཚན་ཉིད་ཟབ་པ། གནས་པ་ཟབ་པ། ལས་ཟབ་པ་གསུམ་ལས། དང་པོ་༼མཚན་ཉིད་ཟབ་པ༽ལ་ཡང་བཞི་སྟེ། རྣམ་པར་དག་པའི་མཚན་ཉིད། བདག་མཆོག་ཏུ་གྱུར་པའི་མཚན་ཉིད། ལུང་དུ་བསྟན་བྱ་མིན་པའི་དངོས་པོའི་མཚན་ཉིད། རྣམ་པར་གྲོལ་བའི་མཚན་ཉིད་བཞི་ལས། དང་པོ་རྣམ་པར་དག་པའི་མཚན་ཉིད་ནི།

གཉིས་པ་བདག་མཆོག་ཏུ་གྱུར་པའི་མཚན་ཉིད་ནི།

གསུམ་པ་ལུང་དུ་བསྟན་བྱ་མིན་པའི་དངོས་པོའི་མཚན་ཉིད་ནི།

བཞི་པ་རྣམ་པར་གྲོལ་བའི་མཚན་ཉིད་ནི།

གཉིས་གནས་པ་ཟབ་པ་ནི།

གསུམ་པ་ལས་ཟབ་པ་ལ། བྱང་ཆུབ་ཀྱི་ཕྱོགས་རིན་པོ་ཆེའི་འབྱུང་གནས་ལྟ་བུའི་ལས་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ལས་དང༌། མཐར་ཐུག་པར་འགྲོ་བའི་ལས་དང༌། ཆོས་བསྟན་པའི་ལས་དང༌། སྤྲུལ་པ་སོགས་ཀྱི་ལས་དང༌། ཡེ་ཤེས་འཇུག་པའི་ལས་དང༌། རྣམ་པར་མི་རྟོག་པའི་ལས་དང༌། རྣམ་པ་སྣ་ཚོགས་ཅིག་ཆར་མཐོང་བའི་ལས་དང༌། ཡེ་ཤེས་མི་འཇུག་པའི་ལས་དང༌། རྣམ་གྲོལ་མཚུངས་ཀྱང་ཡེ་ཤེས་ཀྱི་བྱེ་བྲག་གི་ལས་དང་རྣམ་པ་བཅུ་བཤད་ནས། ཟབ་པ་གསུམ་གྱི་མཇུག་སྡུད་ཚིགས་བཅད་གཅིག་བཅས་སོ། །དང་པོ་བྱང་ཆུབ་ཀྱི་ཕྱོགས་རིན་པོ་ཆེའི་འབྱུང་གནས་ལྟ་བུའི་ལས་ནི།

གཉིས་པ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ལས་ནི།

གསུམ་པ་མཐར་ཐུག་པར་འགྲོ་བའི་ལས་ནི།

བཞི་པ་ཆོས་བསྟན་པའི་ལས་ནི།

ལྔ་པ་སྤྲུལ་པ་སོགས་ཀྱི་ལས་ནི།

དྲུག་པ་ཡེ་ཤེས་འཇུག་པའི་ལས་ནི།

བདུན་པ་རྣམ་པར་མི་རྟོག་པའི་ལས་ནི།

བརྒྱད་པ་རྣམ་པ་སྣ་ཚོགས་ཅིག་ཅར་མཁྱེན་པའི་ལས་ནི།

དགུ་པ་ཡེ་ཤེས་མི་འཇུག་པའི་ལས་ནི།

བཅུ་པ་རྣམ་གྲོལ་མཚུངས་ཀྱང་ཡེ་ཤེས་ཀྱི་བྱེ་བྲག་གི་ལས་ནི།

བཅུ་གཅིག་པ་ཟབ་པའི་དོན་བསྡུ་བ་ནི།

བརྒྱད་པ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་འཕོ་འགྱུར་མེད་པའི་ཡོན་ཏན་ནི།

དགུ་པ་འབྱོར་བ་ཚད་མེད་པའི་ཡོན་ཏན་ལ། འབྱོར་བའི་ཁྱད་པར་དང༌། དེ་ཡི་རབ་ཏུ་དབྱེ་བའི་རྣམ་གྲངས་བཤད་པ་གཉིས་ལས། དང་པོ་འབྱོར་བའི་ཁྱད་པར་ནི།

གཉིས་པ་གནས་གྱུར་པ་ལས་བྱུང་བའི་འབྱོར་བའི་རྣམ་གྲངས་བདུན་བསྟན་པས་མཚོན་ནས་དཔག་ཏུ་མེད་པར་བསྟན་པའི་ཚིགས་བཅད་བརྒྱད་ཀྱི་དོན་ནི།

བཅུ་པ་དེས་སེམས་ཅན་གཞན་སྨིན་པར་བྱེད་པའི་ཡོན་ཏན་ལ། ཇི་ལྟར་སྨིན་པའི་བྱ་བ། དེས་སྨིན་པར་བྱ་བའི་གང་ཟག སྨིན་པའི་ཐབས་སྣ་ཚོགས་མཛད་པ། སྨིན་པར་མཛད་པ། སྨིན་པར་མཛད་པ་ལ་རྣམ་རྟོག་མེད་པ། ཕྱོགས་ལྷུང་མེད་པར་སྨིན་པར་བྱེད་པ། གཅིག་ནས་གཅིག་ཏུ་བརྒྱུད་དེ་སྨིན་པ། ངོམས་པ་མེད་ཅིང་འཕེལ་འགྲིབ་མེད་པར་རྒྱུན་མི་འཆད་པ་བདུན་ལས། དང་པོ་ཇི་ལྟར་སྨིན་པའི་བྱ་བ་ནི།

གཉིས་པ་སྨིན་པར་བྱས་པའི་གང་ཟག་བསྟན་པ་ནི།

གསུམ་པ་སྨིན་པའི་ཐབས་སྣ་ཚོགས་མཛད་པ་ནི།

བཞི་པ་སྨིན་པར་མཛད་པ་ལ་རྣམ་རྟོག་མེད་པ་ནི།

ལྔ་པ་ཕྱོགས་ལྷུང་མེད་པ་ནི།

དྲུག་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྨིན་པ་ནི།

བདུན་པ་ངོམས་པ་མེད་ཅིང་འཕེལ་འགྲིབ་མེད་ལ་རྒྱུན་མི་འཆད་པའི་ཚུལ་ནི།

དེ་ལྟར་བྱང་ཆུབ་ཆེན་པོ་ཡོན་ཏན་གྱི་རྣམས་གྲངས་བཅུའི་སྒོ་ནས་བསྟན་པའི་རྗེས་སུ་ཡོན་ཏན་དེ་ལྡན་གྱི་བྱང་ཆུབ་ཆེན་པོ་ཉིད་ངོ་བོ་སོགས་རྣམ་བཞག་དྲུག་གི་སྒོ་ནས་བཤད་པ་ལ། དངོས་དང༌། འཇུག་པ་བྱེ་བྲག་བཤད་པ་གཉིས་ལས། དང་པོ་དངོས་ནི།

གཉིས་པ་འཇུག་པའམ་དབྱེ་བའི་དོན་བྱེ་བྲག་ཏུ་བཤད་པ་ལ། རྟེན་སྐུ་གསུམ་བཤད་པ། བརྟེན་པ་ཡེ་ཤེས་བཞི་བཤད་པ་གཉིས། དང་པོ་༼རྟེན་སྐུ་གསུམ་བཤད་པ་༽ལ་མདོར་བསྟན་དང། རྒྱས་བཤད་གཉིས་ལས། དང་པོ་མདོར་བསྟན་ནི།

གཉིས་པ་རྒྱས་བཤད་ལ། སྐུ་གསུམ་སོ་སོར་བཤད་པ་དང༌། བསྡུ་བ་དང་མཉམ་པ་རྟག་པ་གསུམ་བཤད་པ་གཉིས་ལས། དང་པོ་༼སྐུ་གསུམ་སོ་སོར་བཤད་པ་༽ལ་གསུམ་ལས། དང་པོ་ལོངས་སྐུ་ནི།

གཉིས་པ་ཆོས་སྐུ་ནི།

གསུམ་པ་སྤྲུལ་སྐུ་ནི།

གཉིས་པ་བསྡུ་བ་དང་མཉམ་པ་རྟག་པ་གསུམ་བཤད་པ་ནི།

གཉིས་པ་ཡེ་ཤེས་བཤད་པ་ལ། མདོར་བསྟན། སོ་སོར་རྒྱས་པར་བཤད། ཡེ་ཤེས་དེ་ལྟ་བུ་འཐོབ་བྱེད་ཀྱི་རྒྱུ་བསྟན། སངས་རྒྱས་ཀྱི་ཡེ་ཤེས་སུ་ལམ་ཐམས་ཅད་མཐར་ཐུག་པར་བསྟན་པ་བཞི་ལས། དང་པོ་མདོར་བསྟན་ནི།

གཉིས་པ་སོ་སོར་རྒྱས་བཤད་ལ་བཞི་ལས། དང་པོ་མེ་ལོང་ཡེ་ཤེས་ནི།

གཉིས་པ་མཉམ་ཉིད་ཡེ་ཤེས་ནི།

གསུམ་པ་སོར་རྟོག་ཡེ་ཤེས་ནི།

བཞི་པ་བྱ་སྒྲུབ་ཡེ་ཤེས་ནི།

གསུམ་པ་ཡེ་ཤེས་བཞི་པོ་སྒྲུབ་པའི་རྒྱུ་ལ། རྣམ་སྨིན་གྱི་རྒྱུ་དང༌། ཡོངས་སུ་དག་པ་ཐོབ་བྱེད་ཀྱི་རྒྱུ་གཉིས་ལས། དང་པོ་༼རྣམ་སྨིན་གྱི་རྒྱུ་༽ལ་དངོས་དང༌། འཕྲོས་དོན་གཉིས་ལས། དང་པོ་རྣམ་སྨིན་གྱི་རྒྱུ་དངོས་ནི།

གཉིས་པ་འཕྲོས་དོན་ནི།

གཉིས་པ་ཡོངས་སུ་དག་པ་ཐོབ་བྱེད་ཀྱི་རྒྱུ་ནི།

བཞི་པ་སངས་རྒྱས་ཀྱི་ཡེ་ཤེས་སུ་ལམ་ཐམས་ཅད་མཐར་ཐུག་པར་བསྟན་པ་ནི།

གསུམ་པ་བྱང་ཆུབ་ཆེན་པོ་ལ་བསྔགས་པའི་སྒོ་ནས་སེམས་བསྐྱེད་པར་གདམས་པའི་ཚིགས་བཅད་ཀྱིས་ལེའུའི་མཇུག་སྡུད་པ་ནི།

དེའི་དང་པོ་ལ་རྒྱུ་མོས་པ། ཉམས་ལེན་ཆོས་འཚོལ། ཆོས་བཤད། ཆོས་སྒྲུབ་པ་གསུམ། དེ་དག་ཁྱད་པར་དུ་འགྲོ་བ་གདམས་ངག་རྗེས་བསྟན་གྱི་ལེའུ་བཅས་ལྔ་ལས། དང་པོ་ལ་མོས་པའི་དགོས་པ་བཤད་པ་དང༌། མོས་པའི་རྣམ་གྲངས་སྤྱིར་བསྟན་པ། ཐེག་ཆེན་ལ་མོས་པ་བྱེ་བྲག་ཏུ་བཤད་པ་གསུམ་ལས། དང་པོ་མོས་པའི་དགོས་པ་བཤད་པ་ནི།

གཉིས་པ་མོས་པའི་རྣམ་གྲངས་སྤྱིར་བསྟན་པ་ལ། མོས་པའི་རྣམ་གྲངས་ཉེར་དྲུག དེ་ཡི་བར་དུ་གཅོད་པ་བཅུ་དྲུག མོས་པའི་ཕན་ཡོན་བཅུ་གཅིག་བསྟན་པ་དང་གསུམ་ལས། དང་པོ་མོས་པའི་རྣམ་གྲངས་ཉེར་དྲུག་བསྟན་པ་ནི།

གཉིས་པ་མོས་པའི་བར་དུ་གཅོད་པའི་ཆོས་བཅུ་དྲུག་བསྟན་པ་ནི།

གསུམ་པ་མོས་པའི་ཕན་ཡོན་བཅུ་གཅིག་བསྟན་པ་ནི།

གསུམ་པ་ཐེག་པ་ཆེན་པོའི་མོས་པ་བྱེ་བྲག་ཏུ་བཤད་པ་ལ། ཐེག་ཆེན་ལ་མོས་པའི་ཁྱད་པར་དཔེས་བསྟན་པ། དེའི་དོན་རྒྱས་པར་བཤད་པ། དེ་ལ་མ་ཞུམ་ཞིང་སྤྲོ་བས་འཇུག་པར་གདམས་པ་དང་གསུམ་ལས། དང་པོ་ཐེག་ཆེན་ལ་མོས་པའི་ཁྱད་པར་དཔེས་བསྟན་པ་ནི།

གཉིས་པ་དེའི་དོན་རྒྱས་པར་བཤད་པ་ནི།

གསུམ་པ་དེ་ལྟར་མོས་པའི་ཁྱད་པར་དཔེས་བསྟན་ནས་ཐེག་ཆེན་དེ་ལ་མ་ཞུམ་པར་སྤྲོ་བས་འཇུག་པར་གདམས་པ་ལ། མ་ཞུམ་པར་འཇུག་པ་དང༌། བསོད་ནམས་ཆེན་པོ་འབྱུང་ཕྱིར་སྤྲོ་བས་འཇུག་པ་དང༌། ཡོན་ཏན་གསུམ་བསྟན་པའི་སྒོ་ནས་འཇུག་པར་བསྟན་པས་སྡུད་པ་གསུམ་ལས། དང་པོ་མ་ཞུམ་པར་འཇུག་པ་ནི།

གཉིས་པ་བསོད་ནམས་ཆེན་པོ་འབྱུང་ཕྱིར་སྤྲོ་བས་འཇུག་པ་ནི།

གསུམ་པ་ཡོན་ཏན་གསུམ་བསྟན་པའི་སྒོ་ནས་འཇུག་པར་བསྟན་པས་སྡུད་པ་ནི།

དེ་ལྟར་མོས་པའི་ལེའུ་བཤད་ནས་མོས་པ་ཙམ་གྱིས་མི་ཆོག་པར་གང་ལ་མོས་པ་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་རྣམས་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་ཡོངས་སུ་འཚོལ་བའི་སྒོ་ནས་ཐོས་པ་མང་དུ་བསགས་ཤིང་དེའི་དོན་ལ་ངེས་པ་རྙེད་པར་བྱ་དགོས་པས་ཆོས་འཚོལ་གྱི་ལེའུ་བཤད་པ་འདི་ལ། བཙལ་བར་བྱ་བའི་ཆོས་དང༌། ཡིད་ལ་བྱེད་པ་གང་གིས་འཚོལ་བ་དང༌། ཡོངས་སུ་འཚོལ་བའི་བྱེ་བྲག་དང༌། ཆོས་འཚོལ་བའི་འབྲས་བུ་དང༌། དོན་བསྡུ་བའི་ཚིགས་བཅད་དང་ལྔ་ལས། དང་པོ་༼བཙལ་བར་བྱ་བའི་ཆོས་༽ལ། བཤད་བྱ་ལུང་གི་ཆོས་འཚོལ་བ་དང༌། རྟོགས་བྱ་དོན་གྱི་ཆོས་འཚོལ་བ་གཉིས། དང་པོ་༼བཤད་བྱ་ལུང་གི་ཆོས་འཚོལ་བ་༽ལ། དམིགས་པ་གསུང་རབ་ཉིད་ཡོངས་སུ་འཚོལ་བ་དང༌། དེས་བསྟན་པའི་དོན་དམིགས་པ་རྙེད་པ་ཡོངས་སུ་འཚོལ་བ་དང༌། འཚོལ་བྱེད་ཡིད་ལ་བྱེད་པ་ཡོངས་སུ་འཚོལ་བ་གསུམ་ལས། དང་པོ་དམིགས་པ་གསུང་རབ་ཉིད་ཡོངས་སུ་འཚོལ་བ་ནི།

གཉིས་པ་བསྟན་པའི་དོན་དམིགས་པ་རྙེད་པ་ཡོངས་སུ་འཚོལ་བ་ནི།

གསུམ་པ་ཡིད་ལ་བྱེད་པ་ཡོངས་སུ་འཚོལ་བ་ནི།

གཉིས་པ་བྱ་བ་བྱེད་པའི་ཡིད་བྱེད་ནི།

གསུམ་པ་རྟེན་ནམ་གནས་རྣམ་པར་དབྱེ་བའི་ཡིད་ལ་བྱེད་པ་ནི།

བཞི་པ་མོས་པ་ལ་འཇོག་པའི་ཡིད་ལ་བྱེད་པ་ནི།

ལྔ་པ་རབ་ཏུ་འདོད་པའི་ཡིད་ལ་བྱེད་པ་ནི།

དྲུག་པ་ཏིང་ངེ་འཛིན་ལ་གནས་པའི་ཡིད་ལ་བྱེད་པ་ནི།

བདུན་པ་ཤེས་པ་དང་ལྡན་པའི་ཡིད་ལ་བྱེད་པ་ནི།

བརྒྱད་པ་འདྲེས་པར་དམིགས་པ་ཡིད་ལ་བྱེད་པ་ནི།

དགུ་པ་ཐ་དད་པའམ་མ་འདྲེས་པ་ལ་དམིགས་པ་ནི།

བཅུ་པ་ཡོངས་སུ་ཤེས་པའི་ངེས་པ་ཡིད་ལ་བྱེད་པ་ནི།

བཅུ་གཅིག་པ་སྒོམ་པའི་རྣམ་པ་ཡིད་ལ་བྱེད་པ་ནི།

བཅུ་གཉིས་པ་ལམ་གཉིས་ཀྱི་རང་བཞིན་ཡིད་ལ་བྱེད་པ་ནི།

བཅུ་གསུམ་པ་ལེགས་པའམ་ཕན་ཡོན་ཡིད་ལ་བྱེད་པ་ནི།

བཅུ་བཞི་པ་གདམས་ངག་རྗེས་བསྟན་ཡང་དག་པར་ནོད་པ་ཡིན་ལ་བྱེད་པ་ནི།

བཅོ་ལྔ་པ་སྦྱོར་བ་ཡིད་ལ་བྱེད་པ་ནི།

བཅུ་དྲུག་པ་དབང་བྱེད་པའི་ཡིད་ལ་བྱེད་པ་ནི།

དང་པོ་ཆོས་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་འཚོལ་བ་ནི།

གཉིས་པ་སྒྱུ་མ་ལྟ་བུར་ཡོངས་སུ་འཚོལ་བ་ནི།

གཉིས་པ་བསྟན་བཅོས་ལས་བྱུང་བའི་དཔེས་བསྒྲུབས་པ་ནི།

གསུམ་པ་ཤེས་བྱ་ཡོངས་སུ་འཚོལ་བ་ནི།

བཞི་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཡོངས་སུ་འཚོལ་བ་ནི།

ལྔ་པ་རྣམ་པར་རིག་པ་ཙམ་ཡོངས་སུ་འཚོལ་བ་ནི།

དྲུག་པ་མཚན་ཉིད་ཡོངས་སུ་འཚོལ་བ་ནི།

བདུན་པ་རྣམ་པར་གྲོལ་བ་ཡོངས་སུ་འཚོལ་བ་ནི།

བརྒྱད་པ་ངོ་བོ་ཉིད་མེད་པ་ཡོངས་སུ་འཚོལ་བ་ནི།

དགུ་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡོངས་སུ་འཚོལ་བ་ནི།

བཅུ་པ་ཐེག་པ་གཅིག་ཏུ་བསྟན་པའི་དགོངས་པ་ཡོངས་སུ་འཚོལ་བ་ནི།

བཅུ་གཅིག་པ་རིག་པའི་གནས་ལྔ་ཡོངས་སུ་འཚོལ་བ་ནི།

གཉིས་པ་ཡིད་ལ་བྱེད་པ་ཅི་ལྟ་བུས་འཚོལ་བ་བཤད་པ་ལ་ཕ་རོལ་ཏུ་ཕྱིན་པའི་ཁམས་རྒྱས་པར་འགྱུར་བ་ཡིད་ལ་བྱེད་པ་ནི།

གསུམ་པ་ཡོངས་སུ་འཚོལ་བའི་བྱེ་བྲག་བཤད་པ་ནི།

བཞི་པ་ཆོས་ཡོངས་སུ་བཙལ་བའི་འབྲས་བུ་ལ། ཡོན་ཏན་འགྲུབ་པ་དང༌། སྤང་བྱ་སྤང་བ་གཉིས་ལས། དང་པོ་ཆོས་ཡོངས་སུ་བཙལ་བའི་འབྲས་བུ་ལ་ཡོན་ཏན་འགྲུབ་པ་ནི།

གཉིས་པ་སྤང་བྱ་སྤང་བ་ནི།

ལྔ་པ་ཆོས་ཡོངས་སུ་བཙལ་བའི་ཆེ་བ་བརྗོད་པའི་སྒོ་ནས་དོན་བསྡུ་བ་ནི།

དང་པོ་ཆོས་ལ་སེར་སྣ་མེད་པར་གཞན་ལ་བསྟན་འོས་པའི་འཐད་པ་བསྟན་པ་ནི།

གཉིས་པ་ཆོས་བསྟན་པའི་དགོས་པ་ནི།

གསུམ་པ་ཆོས་ཇི་ལྟར་སྟོན་པའི་ཚུལ་ལ། བྱང་ཆུབ་སེམས་དཔས་ཆོས་སྟོན་པའི་ཚུལ་དང༌། སངས་རྒྱས་ཀྱིས་ཆོས་སྟོན་པའི་ཚུལ་གཉིས། དང་པོ་བྱང་ཆུབ་སེམས་དཔས་ཆོས་འཆད་པ་ལ། འཆད་ཚུལ་གྱི་རྣམ་གྲངས་དང༌། དོན་བཟང་པོ་དང༌། ཚིག་བཟང་པོ་གསུམ་ལས། དང་པོ་འཆད་ཚུལ་གྱི་རྣམ་གྲངས་ནི།

གཉིས་པ་དོན་བཟང་པོ་ནི།

གསུམ་པ་ཚིག་བཟང་པོ་ནི།

གཉིས་པ་སངས་རྒྱས་ཀྱིས་ཆོས་འཆད་ཚུལ་ནི།

བཞི་པ་བཤད་བྱ་དམ་པའི་ཆོས་ལ། ཆོས་སྤྱི་ཡི་མཚན་ཉིད་དང༌། དགོངས་ལྡེམ་དགོངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ཆོས་སྤྱི་ཡི་མཚན་ཉིད་ནི།

སྒྲ་བཞིན་དུ་གཟུང་ན་ཡང་དག་པ་ངེས་པའི་དོན་མི་རྟོགས་ཤིང་དགོངས་པ་ཅན་དྲང་བའི་དོན་དང་ཚིག་གི་དོན་བཞིན་ཕྱིན་ཅི་ལོག་ཏུ་འཛིན་པར་འགྱུར་བས་དེ་ཤན་འབྱེད་པ་ཤིན་ཏུ་གལ་ཆེ་བས། ལྡེམ་དགོངས་བཞི་བཤད་པ་དང༌། དགོངས་པ་བཞི་བཤད་པ་དང༌། གཉེན་པོར་དགོངས་པ་བརྒྱད་གསུངས་པའི་ཕན་ཡོན་བཅས་བསྟན་པ་གསུམ་ལས། དང་པོ་ལྡེམ་དགོངས་བཞི་བཤད་པ་ནི།

གཉིས་པ་དགོངས་པ་བཞི་བཤད་པ་ནི།

གསུམ་པ་སྒྲིབ་པ་བརྒྱད་ཀྱི་གཉེན་པོར་ཐེག་པ་མཆོག་གི་ཆོས་བསྟན་པ་ནི།

ལྔ་པ་ཆོས་བཤད་པའི་ཡོན་ཏན་བསྔགས་པའི་སྒོ་ནས་དོན་བསྡུ་བ་ནི།

དེ་ལྟར་ཆོས་འཚོལ་བས་མང་དུ་ཐོས་པ་དང་ལྡན་པ་དེས་ཆོས་བསྒྲུབ་པར་བྱ་དགོས་པས་སྒྲུབ་པའི་ལེའུ་ལ། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པ། དོན་བསྡུ་བ་གསུམ་ལས། དང་པོ་སྤྱིར་བསྟན་པ་ནི།

ཞེས་ཚིགས་བཅད་དྲུག་གིས་བསྟན་ཏེ། མདོ་ལས་སྒྲུབ་པ་རྣམ་པར་དབྱེ་བ་བསྟན་པ་ལ། དོན་ཀུན་ཤེས་པ་དང༌། ཆོས་ཀུན་ཤེས་པ་དང༌། ཆོས་ལ་ཆོས་ཀྱི་རྗེས་སུ་སྒྲུབ་པར་འགྱུར་བ་དང༌། མཐུན་པར་ཞུགས་པ་དང༌། མཐུན་པའི་ཆོས་ལ་སྤྱོད་པ་ཡིན་ཞེས་ཚིག་ལྔས་བསྟན་པ་ལྟར། དང་པོ་དོན་ཀུན་ཤེས་པ་ནི།

གཉིས་པ་ཆོས་ཤེས་པ་གང་ཞེ་ན།

གསུམ་པ་ཆོས་ལ་ཆོས་ཀྱི་རྗེས་སུ་མཐུན་པར་སྒྲུབ་པ་ནི།

བཞི་པ་མཐུན་པར་ཞུགས་པ་ནི།

ལྔ་པ་མཐུན་པའི་ཆོས་ལ་སྤྱོད་པ་ནི།

དེ་ལྟར་མདོ་ལས་སྒྲུབ་པའི་རྣམ་གྲངས་ལྔ་གསུངས་པ་དང་མཐུན་པར་མོས་སྤྱོད་ནས་སྒོམ་ལམ་ས་བཅུ་པའི་བར་གྱི་སྒྲུབ་པ་བྱེད་ཚུལ་སྤྱིར་བསྟན་ནས་བྱེ་བྲག་ཏུ་བཤད་པ་ལ། སྒྲུབ་པའི་རྐྱེན། སྒྲུབ་པའི་ངོ་བོ། ཇི་ལྟར་སྒྲུབ་ཚུལ་དཔེས་བསྟན་པ་གསུམ་ལས། དང་པོ་སྒྲུབ་པའི་མཐུན་རྐྱེན་ནི།

གཉིས་པ་ཐེག་པ་ཆེན་པོའི་སྒྲུབ་པའི་ངོ་བོ་ནི་དམིགས་མེད་ཀྱི་ཤེས་རབ་དང༌། སེམས་ཅན་ཡོངས་སུ་མི་འདོར་བའི་སྙིང་རྗེ་ཆེན་པོ་གཉིས་ཡིན་པས་དེ་བཤད་པ་ལ། མདོར་བསྡུས་ཙམ་བསྟན་པ་དང༌། སླར་ཡང་ཕྱེ་སྟེ་བཤད་པ་གཉིས་ལས། དང་པོ་མདོར་བསྡུས་ཙམ་བསྟན་པ་ནི།

གཉིས་པ་སེམས་ཅན་ཡོངས་སུ་མི་འདོར་བའི་ཐབས་ནི་བྱང་ཆུབ་ཆེན་པོ་ཐོབ་པའི་ཐབས་ཡིན་པར་བསྟན་པ་ནི།

གཉིས་པ་སླར་ཡང་ཕྱེ་སྟེ་བཤད་པ་ལ། དམིགས་མེད་ཀྱི་ཤེས་རབ་དང༌། བྱམས་པ་ཆེན་པོ་གཉིས་བཤད་པ་གཉིས་ལས། དང་པོ་དམིགས་མེད་ཀྱི་ཤེས་རབ་ནི།

གཉིས་པ་སེམས་ཅན་ཡོངས་སུ་མི་གཏོང་བའི་བྱམས་སྙིང་རྗེ་ནི།

གསུམ་པ་ཇི་ལྟར་སྒྲུབ་ཚུལ་དཔེས་བསྟན་པ་ནི།

གསུམ་པ་དོན་བསྡུ་བ་ནི།

དེའི་རྗེས་སུ་སྒྲུབ་པ་ཁྱད་པར་དུ་འགྲོ་བའི་རྒྱུ་གདམས་ངག་དང་རྗེས་བསྟན་ཡིན་པས་དེ་འཆད་པ་ལ། གདམས་ངག་ཇི་ལྟར་རྙེད་པའི་ཚུལ། གདམས་ངག་དེ་ཚུལ་བཞིན་ཡིད་ལ་བྱེད་པ། དེ་ལས་ལམ་བགྲོད་ཚུལ། གདམས་ངག་གི་ཆེ་བའི་ཕན་ཡོན་བརྗོད་པ་བཞི་ལས། དང་པོ་གདམས་ངག་ཇི་ལྟར་རྙེད་པའི་ཚུལ་ནི།

གཉིས་པ་གདམས་ངག་གི་དོན་ཚུལ་བཞིན་ཡིད་ལ་བྱེད་པ་ལ། བསམ་པས་ཡིད་ལ་བྱེད་པ་དང༌། བསྒོམ་པས་ཡིད་ལ་བྱེད་པ་གཉིས་ལས། དང་པོ་བསམ་པས་ཡིད་ལ་བྱེད་པ་ནི།

གཉིས་པ་གདམས་ངག་གི་དོན་སྒོམ་པའི་སྒོ་ནས་ཡིད་ལ་བྱེད་ཚུལ་ནི།

གསུམ་པ་དེ་ལས་ལམ་བགྲོད་ཚུལ་ལ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་སྒོམ་ལམ་དང་མཐར་ཕྱིན་པའི་ལམ་བསྟན་པ་གཉིས་ལས། དང་པོ་སྤྱིར་བསྟན་པ་ནི།

གཉིས་པ་སྒོམ་ལམ་དང་མཐར་ཕྱིན་པའི་ལམ་བསྟན་པ་ནི།

བཞི་པ་གདམས་ངག་རྗེས་བསྟན་གྱི་ཆེ་བའི་ཡོན་ཏན་བརྗོད་པ་ནི།

Other Volumes in This Series: