ཆོས་ཚུལ་སྣ་ཚོགས་ལས་བརྩམས་ཏེ་འབེལ་གཏམ་དུ་བགྱིས་པའི་རབས་མེ་ཏོག་ཆུན་འཕྱང་ལགས།

Flower Garlands: A Discourse on Various Dharma Topics

མཁས་གྲུབ་ཆེན་པོ་རྩེ་ལེ་སྣ་ཚོགས་རང་གྲོལ་ལ་སྐྱེས་མཆོག་མི་ཕམ་ཆོས་ཀྱི་སྤྱན་ལྡན་གྱིས་ཟབ་རྒྱས་ཆོས་ཀྱི་འབེལ་གཏམ་སྤྲོ་བར་མཛད་པའི་མཆིད་ལན་བསྐལ་བཟང་དགའ་བྱེད་ཞེས་བྱ་བ་ཕུལ་བས་ཉེ་བར་སྤྲོས་ནས་སླར་ཡང་སྔགས་ཀྱི་ལམ་ལ་འཇུག་པའི་ཐོག་མར། སྨིན་བྱེད་བུམ་པའི་དབང་ལེན་པར་བྱ་བ་ལ་ཡང་སྣོད་བཅུད་ཡེ་ནས་དཀྱིལ་འཁོར་དུ་ཤེས་པ་དང་། ཕུང་ཁམས་ལྷར་ཤེས་པའི་བསྐྱེད་རིམ་དང་། དེ་ལས་ཀྱང་སྔོན་དུ་སྭ་བྷཱ་ཝའི་སྔགས་དོན་གྱི་སྟོང་ཉིད་བསྒོམ་ཤེས་དགོས་ན། སློབ་མ་དེ་ཉིད་སྔར་ནས་བསྐྱེད་རྫོགས་ཀྱི་དོན་དང་ལྡན་པ་ཞིག་དགོས་པར་འགྱུར་བ་དང་། དེ་ལྟར་ན་སྨིན་གྲོལ་གཉིས་ཀྱི་སྔ་རྟིང་གི་རིམ་པ་ཡང་དོན་མེད་དུ་འགྱུར་བའི་ཕྱིར། ཚུལ་འདི་ཇི་ལྟར་ཡིན་གསུངས་པ་སོགས་ཟབ་མོ་གསང་སྔགས་དང་འབྲེལ་བའི་དྲི་བ་འགའ་ཞིག་གནང་བའི་ལན་དུ་ཕུལ་བའོ།།

No Table of Contents Available

No Outline Available

Other Volumes in This Series: