ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་བེའུ་བུམ།

A Little Volume of Instructions on the Wisdom Protector, the Six-Armed Mahakala

A Little Volume of Instructions on the Wisdom Protector, the Six-Armed Mahakala
ཆོས་སྐྱོང་དེ་ལ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་སུ་ཡོད་པ་ལས། སྐབས་འདིར་ནི་རྒྱལ་བས་རྒྱུད་སྡེ་རྒྱ་མཚོ་ནས་གསུངས་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མགོན་པོ་སྟེ། བསྒྲུབ་བྱའི་ལྷ་ཡེ་ཤེས་མགོན་པོ་ཉིད་ཀྱང་རྒྱུད་ཀྱི་དགོངས་པ་ལྟར་རྣམ་པ་སྣ་ཚོགས་སུ་ཡོད་པ་ལས། སྒྲུབ་བརྒྱུད་འདི་པའི་བཀའ་སྲོལ་བྱུང་བ་ནི་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོས་སྙིགས་མ་ལྔ་བདོ་བའི་སེམས་ཅན་མ་རུངས་རྣམས་དྲག་པོས་འདུལ་བ་དང་། ཆོས་བྱེད་རྣམས་ཀྱང་བར་དོའི་འཇིགས་པ་ལས་མི་ཐར་བར་གཟིགས་ནས་བར་དོ་ལས་སྐྱོབ་པ་དང་། སྙིགས་དུས་ཀྱི་སྐྱེ་བོ་རྣམས་ལ་དབུལ་ཕོངས་ཁོ་ནའི་སྡུག་བསྔལ་ཆེ་བའི་དེའི་གཉེན་པོར་བསམ་པ་ཙམ་གྱིས་དགོས་འདོད་འབྱུང་བ་སྟེ་འཕྲིན་ལས་རྣམ་པ་གསུམ་གྱི་སྒོ་ནས་ཐུགས་བསྐྱེད་པས་ཉེ་བར་བསྐུལ་ཏེ་རང་ཉིད་ཀྱི་ཐུགས་ཀ་ནས་ཧཱུྃ་མཐིང་ནག་ཅིག་བྱུང་སྟེ། དེ་ཉིད་མྱུར་མཛད་ཡེ་ཤེས་མགོན་པོར་གྱུར། དེའི་ཚེ་ཞིང་ཁམས་ཐམས་ཅད་དུ་ས་རྣམ་པ་དྲུག་ཏུ་གཡོས། བཅོམ་ལྡན་འདས་འོད་དཔག་ཏུ་མེདཔ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དུས་གསུམ་སངས་རྒྱས་ཐམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པའི་ཁྲོ་བོ་ཆེན་པོར་དབང་བསྐུར་ཞིང་མངའ་གསོལ་མཛད་པ་ནས་བརྩམས་ཏེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བསྟན་པ་སྲུང་ཞིང་བཞུགས་པ་ལགས་སོ།།

No Table of Contents Available

No Outline Available

Other Volumes in This Series: