ཕྱག་རྒྱ་ཆེན་པོ་ལྔ་ལྡན་གསལ་བར་བྱེད་པའི་སྒྲོན་མེ།

A Lamp Illuminating the Fivefold Mahāmudrā

ལྔན་གསལ་བྱེད་ཀྱི་ཁྲིད་གཞུང་འདི་མཛད་པ་པོ་འབྲི་གུང་གདན་རབས་བཅུ་གཉིས་པ། ཆོས་རྗེ་རིན་པོ་ཆེ་དོན་གྲུབ་རྒྱལ་པོ་མཆོག་ཡིན་ལ། ཁྲིད་ཚུལ་ཡང་། ཉམས་མྱོང་དང་རྟོགས་པ་རྒྱུན་མ་ཆད་པའི་གདམས་པ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གཤེགས་པའི་གཞུང་ལམ། བཀའ་ལུང་མདོ་རྒྱུད་ཐམས་ཅད་ཀྱི་བརྗོད་བྱ། དོན་གྱི་སྙིང་པོ་བསྐྱེད་རྫོགས་ཟུང་འཇུག་ཏུ་ཉམས་སུ་བླངས་པའི་ཐབས་སྟོན་པ་ཞེས་ལྔ་ལྡན་གྱི་ཁྱད་ཆོས་བསྟན་པའི་སྒོ་ནས་ཁྲིད་ཡོད། དམིགས་བསལ་ཁྱད་ཆོས་ནི། ལྔན་ལྡན་གྱི་གདམས་པ་དངོས་ལ་འཇུག་པའི་ཐོག་མར། གདམས་པའི་ཆུ་མགོ་རྗེ་སྒམ་པོ་དང་། གདམས་པ་གསལ་བར་བྱེད་མཁན་འགྲོ་མགོན་ཕག་མོ་གྲུ་པ། གདམས་པའི་འཕྲིན་ལས་སྤེལ་མཁན་རྒྱལ་བ་འབྲི་གུང་པ་གསུམ་གྱི་རྣམ་ཐར་དང་དེ་ལས་བརྒྱུད་པའི་བླ་རབས་དག་སྨྲོས་ཡོད། གཙོ་བོར་གདུལ་བྱ་ལས་དང་པོ་པ་རྣམས་འཇུག་པ་བདེ་བའི་ཕྱིར་བྲིས་པ་ཞིག་ཡིན།

No Table of Contents Available

No Outline Available

Other Volumes in This Series: