སློབ་དཔོན་དཔའ་བོའི་གསུང་བླ་མ་ལྔ་བཅུ་པའི་འགྲེལ་པ་གཅེས་བཏུས།

Essential Commentaries on the Fifty Verses of Guru Devotion by Master Chandragomin

༈ བླ་མ་ལྔ་བཅུ་པ་ནི། བརྗོད་བྱ་གསང་སྔགས་རྡོ་རྗེ་ཐེག་པ་ལ་འཇུག་པའི་ལས་དང་པོ་པས་བླ་མ་ཇི་ལྟར་བསྙེན་པའི་ཚུལ་སྟོན་ཞིང་། རྗོད་བྱེད་ཀྱི་གཞུང་ཚད་ཤོ་ལོ་ཀ་ལྔ་བཅུ་ཡོད་པས་བླ་མ་ལྔ་བཅུ་པ་ཞེས་བྱ་བ་སྟེ། འདི་ཉིད་རྒྱ་གར་གྱི་སློབ་དཔོན་དཔའ་བོའམ་རྟ་དབྱངས་ཀྱིས་བླ་མ་ལ་མ་གུས་པའི་བཤགས་པའི་དོན་དུ་མཛད་པ་ཞིག་ཡིན་ལ། དེ་ལ་རྒྱ་བོད་ཀྱི་འགྲེལ་པ་དུ་མར་བཞུགས་པ་ལས་འདིར་༧རྒྱལ་བ་ཀཾ་ཚང་པའི་བླ་མ་དག་གིས་མཛད་པའི་འགྲེལ་པ་དག་ཕྱོགས་གཅིག་ཏུ་བསྒྲིགས་ནས་བཀོད་པ་ཞིག་ཡིན་ལགས།
ཤིས་བརྗོད། དཔེ་སྐྲུན་གསལ་བཤད། སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར་མདོར་བསྡུས། • ཀརྨ་ཡོན་ཏན་མཐར་ཕྱིན། བླ་མའི་བསྙེན་བཀུར་རམ་བླ་མ་བསྟེན་པའི་ཐབས་ཀ་ལྔ་བཅུ་པ། • སློབ་དཔོན་ཆེན་པོ་རྟ་དབྱངས་ཀྱིས་མཛད། བླ་མ་ལྔ་བཅུ་པའི་དཀའ་འགྲེལ་རྒྱ་གཞུང་། • (མཛད་པ་པོ་མི་གསལ།) བླ་མ་ལྔ་བཅུ་པ་མཆན་བུ་དང་བཅས་པ། • རྗེ་བདུན་པ་ཆོས་གྲགས་རྒྱ་མཚོ། བླ་མ་ལྔ་བཅུ་པའི་མཆན་འགྲེལ། • ཞྭ་དམར་དཀོན་མཆོག་ཡན་ལག། བླ་མ་ལྔ་བཅུ་པའི་བསྡུས་དོན་སྨོན་ལམ། • འཇམ་མགོན་བློ་གྲོས་མཐའ་ཡས། བླ་མ་ལྔ་བཅུ་པའི་འགྲེལ་ཆུང་མུན་སེལ་སྒྲོན་མེ། • ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས། མཁན་པོ་རཏྣའི་གསུང་བླ་མ་ལྔ་བཅུ་པའི་འགྲེལ་པའི་ས་བཅད། • ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས། བླ་མ་ལྔ་བཅུ་པའི་མཆན་བུ་བཞུགས་སོ། ། • ཟུར་མང་མཁན་ཆེན་པདྨ་རྣམ་རྒྱལ། བླ་མ་ལྔ་བཅུ་པའི་བཀའ་ཁྲིད། • ༸རྒྱལ་དབང་བཅུ་བདུན་པ་ཆེན་པོ། བླ་མ་ལྔ་བཅུ་པའི་ས་བཅད། • ༸རྒྱལ་དབང་བཅུ་བདུན་པ་ཆེན་པོ། པར་བྱང་སྨོན་ཚིག

No Outline Available

Other Volumes in This Series: