ཞལ་གདམས་སྙིང་གི་བདུད་རྩི།

The Nectar of the Heart of Oral Instructions

ན་མོ་གུ་རུ། ལས་དང་པོ་པ་ཡི་ངོ་བོ་སྐྱོང་ཚུལ་ལ། །འཛིན་པས་གཏན་ནས་མ་བསླད་མི་འབྱུང་ཞིང་། །དྲན་པ་ཁོ་ན་གནད་དུ་ཟབ་པས་ན། །དང་པོ་མི་ཡེངས་སྙམ་པའི་འཕེན་པ་བཏང་། །ཡེངས་ན་དེ་དབང་མི་བཏང་དམ་བཅའ་བཟུང་། །དྲན་པ་ཤུགས་འབྱུང་བྱུང་ན་དེ་རྒྱུན་བསྐྱང་། །རང་བབ་གསལ་སྟོང་ངང་དུ་གནས་པའི་ཚེ། །རང་ངོ་ཤེས་པས་བཅོས་མེད་ས་ལེར་བཞག །འཕྲོ་ན་རྟོག་པ་ཚུར་ལ་མི་འགུགས་པར། །མ་ཡེངས་བལྟས་པའི་གཉུག་མའི་ངང་དུ་གྲོལ། །ཚོགས་དྲུག་རྟོག་པ་ཇི་ལྟར་མང་ན་ཡང་། །སྤང་བླང་དགག་སྒྲུབ་མེད་པར་ལམ་དུ་ཁྱེར། །དྲན་ཤེས་ཡོད་ན་ཅིས་ཀྱང་འཆིང་མི་འགྱུར། །དྲན་རྫི་མེད་ན་ཡེངས་འཁྲུལ་དབང་དུ་འགྲོ། །ཡེངས་དང་མ་ཡེངས་ཙམ་གྱི་ཁྱད་པར་ལས། །བསྒོམ་རྒྱུའི་སེམས་ངོ་ཟེར་བ་ཅི་ཡང་མེད། །རྟོགས་པའི་རྐྱེན་ནི་སེམས་བསྐྱེད་མོས་གུས་དང་། །ཚོགས་གསོག་གང་འགྲུབ་བརྩོན་འགྲུས་བསྐྱེད་པ་དང་། །འཇིག་རྟེན་གསུམ་གྱི་མགོན་པོ་རྗེས་འཇུག་པ། །སྐལ་ལྡན་དཀོན་མཆོག་བསྟན་སྐྱོང་ཐུགས་བཞེད་ངོར། །སྒྲུབ་བརྒྱུད་རྟགས་འཛིན་གུ་ཎའི་མིང་གིས་བྲིས། །ཉམས་ལེན་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག།

དཔེ་སྐྲུན་གསལ་བཤད།

༄༅། །རང་གཞན་ལ་གཏན་གྲོས་གདམས་ངག་གི་ཚུལ་དུ་བརྗོད་པའི་ཕྲེང་བ་སྙིང་གི་བདུད་རྩི་ཞེས་བྱ་བ་བཞུགས་སོ།།

ཆོས་བཞི་ནེ་ཙོའི་པདྨེ།

གྲོས་འདེབས་ཐུགས་བསྐུལ་སྨོན་ཚིག

རང་ཚུལ་དཔགས་པའི་གདམས་ངག

བླ་མའི་གདམས་ངག་ཚིག་གཅིག་མ།

གདམས་ངག་གྲོས་འདེབས་གཅིག་དྲིལ་མ།

ལམ་ཁྱེར་སྤང་བསྒྱུར་ཤེས་གསུམ།

ཞལ་གདམས་དོན་བརྒྱད་མ།

སེམས་ངོ་སྐྱོང་ཐབས་ཀྱི་མན་ངག

དམ་པའི་གསུང་ལན་འབྲེལ་ཚད་དོན་ལྡན།

ཐུགས་དམ་གསལ་འདེབས་ཟབ་དོན་སྙིང་དྲིལ་མ།

དགེ་འདུན་ཕུན་ཚོགས་ཀྱི་གསུང་ལན།

ཐེག་ཆེན་གྱི་སྙིང་པོའི་ལག་ལེན་གནད་ལྔ་ལྡན་པ།

ཆོས་མཐུན་རྣམ་ཐར་སྐྱོང་ཚུལ།

ཀུ་སཱ་ལིའི་སེམས་ཁྲིད།

སྙིགས་དུས་ཀྱི་བླ་སློབ་འབྲེལ་ཚུལ་ལ་སྐྱོ་བའི་སྨྲེ་སྔགས།

སྙིགས་དུས་ཀྱི་སྐྱེ་བོ་མི་སྲུན་པའི་འགྱུར་སྤྱོད་ལ་སྐྱོ་བའི་སྨྲེ་སྔགས།

རང་གཞན་སྙིགས་དུས་ཀྱི་སྤྱོད་ཚུལ་སྲོང་པོར་སྨྲ་བ་དྲང་སྲོང་བདེན་ཚིག

མི་རྟག་པའི་གཏམ་ངེས་འབྱུང་ཕོ་ཉ།

མེད་ཐབས་མེད་པའི་བྱང་ཆུབ་སེམས་སྦྱོང་གི་གདམས་ངག

སེམས་དོན་སྐྱོང་བའི་མན་ངག

སྒོམ་རིམ་ཐུགས་དམ་གསལ་འདེབས།

སྐད་ཅིག་རང་གྲོལ།

ལྟ་སྒོམ་སྤྱོད་འབྲས་གཉུག་མ་རང་ཤར།

གསོལ་འདེབས་ཐུགས་རྗེས་གཟིགས་ཞུ།

མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་ལྟ་སྒོམ་ལ་ངེས་པ་ཆ་ཙམ་རྙེད་པའི་གླུ་གཉུག་མ་རང་ཤར་ཞེས་བྱ་བ།

༈ ཟབ་ལམ་ནཱ་རོ་ཆོས་དྲུག་གི་གསང་དོན་ངེས་པས་དྲངས་པའི་གླུ་ཟབ་དོན་རྒྱན་གྱི་མེ་ཏོག་ཅེས་བྱ་བ།

༈ ཟབ་ལམ་ནི་གུ་ཆོས་དྲུག་གི་རྡོ་རྗེའི་གནས་ངེས་པའི་མགྲིན་གླུ་ཀ་ལ་པིངྐའི་སྒྲ་དབྱངས་ཞེས་བྱ་བ་།

༈་བླ་ན་མེད་པའི་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་གི་གནས་ལ་དད་པའི་པདྨོ་མཆོག་ཏུ་རྒྱས་པའི་དབྱངས་ཚིག་རིག་ལྡན་དགྱེས་གླུ་ཞེས་བྱ་བ།

འཆི་མེད་ཚེའི་ཀེའུ་ཚང་ལ་སྤྲོ་བའི་ཐོལ་གླུ།

མགྲིན་པའི་པི་ཝཾ་དད་ཉམས་ཀྱིས་བརྡུངས་པའི་སྒྲ་དབྱངས།

རིག་འཛིན་དགྱེས་སྐྱེད་ཀྱི་དགའ་གླུ་ཐོལ་བྱུང༌།

སྐལ་མཚུངས་དགྱེས་སྐྱེད་ཀྱི་མགྲིན་གླུ་ཤུགས་བྱུང༌།

སྔོན་དྲན་ད་མཐོང་གི་སྐྱོ་གླུ་རིང་མོ།

རྗེ་བཙུན་ལ་གསོལ་བ་འདེབས་པ་དད་པའི་གདུང་དབྱངས།

ཕག་མོ་གྲུ་པའི་རྣམ་ཐར་རྗེས་དྲན་གྱི་གསོལ་འདེབས།

སྣང་བ་བརྡའི་བླ་མར་རྟོགས་པའི་རྡོ་རྗེའི་མགུར་དབྱངས།

༈་གཉུག་མའི་དེ་ཉིད་གསལ་བར་སྟོན་པ་ཐོལ་བྱུང་དོ་ཧའི་གླུ་ཕྲེང་རྡོ་རྗེ་ཕ་ལམ་གྱི་ཕྲེང་བའམ་།

༈ གྲུབ་ཐོབ་རྒྱ་མཚོའི་ཆུ་འགོ་བཀའ་བརྒྱུད་ཀྱི་སྟོན་པ་བཀའ་དྲིན་ཅན་རྣམས་ཀྱི་ཐུགས་རྗེ་མངོན་པར་བསྐུལ་བའི་གདུང་དབྱངས་ཞེས་བྱ་བ།

༈ གཏན་སྐྱབས་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་མངོན་པར་དྲན་པའི་མོས་གུས་ཀྱི་དབྱངས་ལྷར་བཅས་རྣ་བའི་བཅུད་ལེན་ཞེས་བྱ་བ།

ཉམས་ལེན་གྱི་རྨང་རྡོ་ཚུགས་པར་སྨོན་པ།

སྐྱབས་སེམས་ཀྱི་ཉམས་མགུར།

ཀརྨ་བདེ་ལེགས་བཟང་པོའི་གསུང་ལན་བྱུང་རྒྱལ་མ།

ཆོས་ཚུལ་ཡིན་མིན་གྱི་ཤན་འབྱེད་ཚངས་ཐིག་འདུན་མའི་ཡང་རྩེ།

སྟོང་ཉིད་སྙིང་རྗེའི་བློ་སྦྱོང་ཀུན་ཏུ་དགོས་པའི་ཉམས་དབྱངས་རང་ཤར།

ལས་གོ་གཅིག་ཆོད་ཀྱི་ངང་ཚུལ་རང་གི་སེམས་གསོས་སུ་སྨྲ་བ།

ཚེ་འདིར་སྣང་གིས་བསླུས་པར་ཞེ་ཁྲེལ་བའི་མགུར་དབྱངས་ཤར་མ།

འཕྲལ་སྣང་གདོང་འདེད་ཀྱི་གསལ་འདེབས།

ལྟ་སྒོམ་སྤྱོད་པའི་འཕྲང་གྲོལ་གྱི་གསོལ་འདེབས།

རིག་འཛིན་བཀྲ་ཤིས་ཀྱི་གསུང་ལན་འབྲེལ་ཚད་དོན་ལྡན།

ཉམས་ལེན་གྱི་དོགས་སེལ་གྲུབ་ཐོབ་རྒྱ་མཚོའི་གཤེགས་ཤུལ།

ཕྱག་ཆེན་ལྔ་ལྡན་དུ་ཉམས་སུ་ལེན་ཚུལ།

ལྟ་སྒོམ་སྤྱོད་གསུམ་དྲན་ཤེས་གཅིག་བསྡུས་ཀྱི་མན་ངག

ལྟ་སྒོམ་སྤྱོད་པའི་གཅེས་གནད་འབྲེལ་ཐོགས་སྨིན་བྱེད་མགུར་ཆུང་དང་པོ།

ལྟ་སྤྱོད་དོན་གཉིས་ལྷུན་གྲུབ་མགུར་ཆུང་གཉིས་པ་།

སེམས་ངོ་ལྟ་བའི་མན་ངག་མགུར་ཆུང་གསུམ་པ།

བཀའ་བརྒྱུད་རྒྱལ་ས་འཛིན་ཐབས་འདྲ་ཆོས་བཅུ་གཅིག་མགུར་ཆུང་བཞི་པ།

ལྷ་དབང་བཀྲ་ཤིས་ལ་གནང་བའི་ཞལ་གདམས།

དམ་པའི་རྣམ་ཐར་ཐ་མལ་དབང་པོས་སྤྱོད་པ་ལ་ངོ་མཚར་བའི་གཏམ།

རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་བཀའ་ལན་ལྟ་སྒོམ་སྤྱོད་འབྲས།

རྟོགས་པའི་དབང་ཕྱུག་ཏུ་འགྱུར་བའི་མྱུར་ལམ་ཕྱག་ཆེན།

སེམས་ཁྲིད་ཆོས་ཉིད་བདེན་མཐོང༌།

ལས་དང་པོ་པས་སེམས་ངོ་བསྐྱང་ཚུལ།

སེམས་ཉིད་ལྷན་ཅིག་སྐྱེས་པའི་གཤིས་ལུགས་ངོ་སྤྲོད།

སྐུ་གསུམ་སྒྲུབ་ཚུལ་གྱི་མན་ངག་གཅེས་གནད་ལྔ་པ།

མོས་ལྡན་འགའི་གསལ་འདེབས་འཆི་ཁར་གཏད་ཐུབ་ཀྱི་གདམས་ངག

ཕྱག་ཆེན་སྦྱོར་དངོས་རྗེས་གསུམ།

ཕྱག་ཆེན་ལྟ་སྒོམ་སྤྱོད་འབྲས་མཐར་འཁྱོལ་གྱི་མན་ངག

སེམས་ངོ་སྐྱོང་བའི་གཅེས་གནད་ཐོག་མཐའ་བར་གསུམ།

སེམས་ཉིད་མདོ་རྒྱུད་ཆོས་ཀུན་གྱི་རྩ་བར་ངོ་སྤྲོད་པ།

རྣལ་འབྱོར་བཞི་ཡི་འཆར་རིམ་གེགས་སེལ་བོགས་འདོན་གྱི་མན་ངག

དགེ་སྦྱོར་ཁོར་ཡུག་སྐྱོང་བའི་གནད་བར་དོ་འཕྲང་གྲོལ།

སྤང་བླང་མཉམ་ཉིད་དུ་སྤྱོད་ཚུལ་ཚོགས་དྲུག་རང་གྲོལ།

ཟབ་ལམ་ཕྱག་རྒྱ་ཆེན་པོའི་སྒོམ་རིམ་གནད་བསྡུས།

ཐར་པའི་རྒྱལ་སར་འཇུག་པའི་ཉམས་ལེན་གནད་བསྡུས།

ཐོས་གྲོལ་ཉམས་སྣང་དགའ་གླུ།

ཕྱག་རྫོགས་ཚེ་གཅིག་ཐར་ལམ།

གདམས་ངག་ཉམས་ལེན་གནད་བསྡུས།

རང་མཚང་ཕུད་པའི་དོ་ཧ་གཞི་ཐོག་རྩལ་རྫོགས།

ཀུན་འདུས་གཞི་མེད་ཀློང་གྲོལ་།

རྩེ་མོ་བྱུང་རྒྱལ་གྱི་ལྟ་སྒོམ་སྤྱོད་འབྲས།

གཏེར་ཆོས་དང་འབྲེལ་བའི་དྲི་ལན།

བསླབ་བྱ་ལེགས་པར་བརྗོད་པ་སྐབས་བཞི་པ།

No Outline Available

Other Volumes in This Series: