ཞུ་དོན་གནང་བ་ཟབ་མོ་མདོའི་དཀར་ཆག །

Bestowing the Essence (A Catalogue of the Profound Sutras)

༧ཇོ་ནང་ཀུན་མཁྱེན་དོལ་པོ་པས་མཛད་པ། ཞུ་དོན་གནང་བ་ཟབ་མོ་མདོའི་དཀར་ཆག་དུ་གྲགས་པ་འདིར། ཆོས་ཅན་གྱིས་སྟོང་ཞིང་དབེན་ལ་དག་པའི་གཞི། ཆོས་ཉིད་དེ་བཞིན་དང་། རང་བྱུང་ཡེ་ཤེས་དང་། བདེ་བ་ཆེན་པོ་གཙང་བདག་བདེ་དང་རྟག་པའི་མཐར་ཐུག་པ་དང་། ཆ་མེད་ཀུན་འགྲོ་ཁྱབ་པ་པོ་དང་། འགལ་འདུའི་སྐྱོན་མེད་འཇིག་རྟེན་དཔེ་ལས་འདས་པ་དང་། རང་བཞིན་ལྷན་སྐྱེས་དང་། རང་བཞིན་འགྱུར་མེད་དང་། མྱང་འདས་ཆེན་པོ་དང་། དབུ་མ་ཆེན་པོ་དང་། ཕྱག་རྒྱ་ཆེན་པོ་དང་། ཤེར་ཕྱིན་ཟབ་མོ་དང་། གཞན་སྟོང་ཆོས་ཀྱི་སྐུ་སོགས་མཚན་གྱི་རྣམ་གྲངས་དུ་མ་ལྡན་པའི་ངེས་དོན་ཟབ་མོ་དེ་ཉིད་གསལ་བར་སྟོན་པའི་གསུང་རབ་རྣམས་ཀྱི་ནང་ནས། དེ་བཞིནག་གཤེགས་པའི་སྙིང་པོའི་མདོ་དང་། ལྷ་མོ་དཔལ་འཕྲེང་སེངྒེའི་སྒྲའི་མདོ་སོགས་སྙིང་པོའི་མདོ་ལྔ་དང་། སྟོང་ཉིད་ཆེན་པོའི་མདོ་དང་། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོ་སོགས་སྙིང་པོའི་མདོ་བཅུའི་དཀར་ཆག་དང་། མདོ་དེ་དག་སྒྱུར་བ་པོ་རྒྱ་གར་གྱི་མཁན་པོ་དང་བོད་ཀྱི་ལོ་ཙྪ་རྣམས་ཀྱི་མཚན་དང་། མདོ་དེ་དག་བཀའ་འགྱུར་གྱི་སྡེ་ཚན་གང་དུ་ཡོད་པ་སོགས་གསལ་པོར་གསུངས་ཡོད། འདི་ཡི་ས་བཅད་མཛད་པ་པོ་ནི་དོལ་པོ་པ་གཞན་སྟོང་འཇིགས་མེད་གུ་ཡངས་ཡིན།

No Table of Contents Available

No Outline Available

Other Volumes in This Series: