ཙིནྟ་མ་ཎི་རིན་པོ་ཆེ་འབར་བའི་ཕྲེང་བའི་འགྲེལ་པ་ཐེག་ཆེན་དོན་སྟོན་ཞེས་བྱ་བ་བཞུགས་སོ།།

Elucidating the Great Vehicle: A Commentary on the Cintamani Shastra, the Garland of Blazing Jewels

དྭགས་བརྒྱུད་བསྟན་པའི་གཙུག་རྒྱན་ཀླུ་སྒྲུབ་གཉིས་པ་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོས་མཛད་པའི་བསྟན་བཅོས་ཙིནྟ་མ་ནི་རིན་པོ་ཆེ་འབར་བའི་ཕྲེང་བ་ལ་ཉེ་གནས་གྲགས་པ་རིན་ཆེན་གྱིས་འགྲེལ་པ་མཛད་པ་འདིར། བསྟན་བཅོས་ཀྱི་བརྗོད་བྱའི་དོན་རྣམས་མདོ་རྒྱུད་བསྟན་བཅོས་སྤྱི་དང་། བྱེ་བྲག་ཆོས་རྗེ་སྒམ་པོ་པ་དང་འགྲོ་མགོན་ཕག་མོ་གྲུ་པ་ལ་སོགས་པ་བརྒྱུད་པ་གོང་མ་རྣམས་གྱི་གསུང་ཟབ་མོའི་རྒྱབ་རྟེན་དང་བཅས་ཏེ་ལེགས་པར་བཀྲལ་ལོ།།

No Table of Contents Available

དེ་ལྟ་བུའི་གཞུང་འདི་རྣམ་པར་བཤད་ན། སྤྱི་དོན་གསུམ་གྱིས་ཤེས་པར་བྱ་སྟེ། ༡ མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་དང་དགོས་འབྲེལ་དང་གསུམ་གྱིས་ཀླད་ཀྱི་དོན་དང་། ༢ གཞུང་གི་དོན་དང་། ༣ མཇུག་གི་དོན་ཏོ།།

དེ་ལྟར་དོན་གཉིས་པོའི་གཞུང་འདི་དགོས་པ་དང་། བསྡུས་པ་དང་། ཚིག་གི་དོན་གསུམ་གྱིས་བཤད་པ་ལ། རེ་ཞིག་བསྟན་བཅོས་ཀྱི་ཀླད་དུ་བླ་མ་དཀོན་མཆོག་ལ་མཆོད་པར་བརྗོད་པའི་དགོས་པ་ནི་རྣམ་པ་གསུམ་སྟེ། མཆོད་པ་བྱས་པ་ཉིད་དང་། ཀླད་དུ་བྱས་པ་དང་། ཡི་གེར་བཀོད་པའི་དགོས་པའོ།།

བཤད་པར་དམ་བྱ་བ་ནི།

གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། ༡ འཁོར་བའི་གནས་ལུགས་དང་། མྱ་ངན་ལས་འདས་པའི་གནས་ལུགས་དང་གཉིས་ཀྱིས་འཁོར་འདས་ཀྱི་གནས་ལུགས་དང་། ༢ སློབ་མའི་མཚན་ཉིད་དང་། བླ་མའི་མཚན་ཉིད་དང་གཉིས་ཀྱིས་དཔོན་སློབ་ཀྱི་མཚན་ཉིད་དང་། ༣ གདམས་ངག་བསྟན་པའོ།

དང་པོ་འཁོར་བའི་གནས་ལུགས་ནི། དང་པོ་ལ་གཉིས་ལས་དེའི་དང་པོ་ནི། རྨོངས་པའི་ཞེས་ནས། རེ་བ་འཇོམས། ཡན་ཆོད་ཀྱིས་འཁོར་བའི་གནས་ལུགས་ཏེ།

གཉིས་པ་མྱ་ངན་འདས་པའི་གནས་ལུགས་ནི། རྩ་བ་ནས། གཟུང་འཛིན་རྣམ་པར་སྤངས་པའི་ཆོས་ཉིད་རྟོགས་པའི་ཤེས་རབ་དེ།། ནས། རྒྱལ་བ་རྣམས་དང་གོང་མའི་གསུང་ལ་སྐུར་བར་འགྱུར།། ཅེས་པའི་བར།

དོན་གསུམ་པ་གདམས་ངག་བསྟན་པ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། གེགས་དང་བར་ཆད་བསལ་ལུགས་བསྟན་པའོ།། དང་པོ་ནི།

གཉིས་པ། རྒྱས་བཤད་ལ་གསུམ་སྟེ། ༡ རྫས་དང་ལོངས་སྤྱོད་སྤོང་བ་དང་། ༢ འཁོར་དང་གཉེན་འདུན་སྤོང་བ་དང། ༣ རང་གི་ཡུལ་སྤོང་བ་དང་། ༤ ལོག་པའི་སློབ་དཔོན་སྤོང་བ་དང་། ༥ བསྟན་བཤད་བསྡུ་བ་གསུམ་གྱིས་གནས་ཀྱི་མཚན་ཉིད་དང་གནས་དེར་འཚོ་བའི་བྱ་ལུགས་དང་གཉིས་ཀྱིས་གནས་དང་ལོངས་སྤྱོད་བསྟན་པ་(སྟེ་ས་བཅད་)ལྔས་ལམ་སྤྱིའི་མཚན་ཉིད་བསྟན་པ་དང་གཅིག ༢ ལམ་རྡོ་རྗེ་ཐེག་པའི་བགྲོད་ལུགས་དང་གཉིས། ༣ གདམས་པ་མཆོག་ཏུ་གྱུར་པ་བསྟན་པའོ།།

དང་པོ་ལ་ལྔ་ལས་དེའི་དང་པོ། (རྫས་དང་ལོངས་སྤྱོད་སྤོང་བ་ལ་)ནི་ཚིག་རྐང་གསུམ་སྟེ།

གཉིས་པ། འཁོར་དང་གཉེན་འདུན་སྤོང་བ་ལ་ཤོ་ལོ་ཀ་གཅིག་སྟེ།

གསུམ་པ། རང་ཡུལ་སྤོང་བ་ལ་ཚིག་རྐང་བདུན་ཏེ།

བཞི་པ། ལོག་པའི་སློབ་དཔོན་སྤོང་བ་ལ་ཤོ་ལོ་ཀ་གཉིས་ཏེ།

ལྔ་པ་ལ། གནས་ཀྱི་མཚན་ཉིད་བསྟན་པ་དང་། གནས་དེར་འཚོ་བའི་བྱ་ལུགས་བསྟན་གཉིས་ལས། དང་པོ་ལ་བསྟན་བཤད་བསྡུ་བ་གསུམ་ལས། དང་པོ་ནི།

གཉིས་པ་རྒྱས་བཤད་ལ། སྒོ་གསུམ་ཞེས་པ་ནས་མཐུན་རྐྱེན་སྒྲུབ་ཡན་ཆད་དོ།།

གསུམ་པ་(བསྡུ་བ་ནི)།

གཉིས་པ། གནས་དེར་འཚོ་བའི་བྱ་ལུགས་བསྟན་པ་ལ། བསྟན་བཤད་བསྡུས་གསུམ་སྟེ། ནགས་མཆོག་ཅེས་པ་ནས་བྱང་ཆུབ་སྒྲུབ་པར་གསུངས་ཞེས་པའི་བར་ལས། དང་པོ་(མདོར་བསྟན་པ་)ནི།

གཉིས་པ་(རྒྱས་བཤད་ནི)།

གསུམ་པ་གསུམ་པ་(བསྡུ་བ་ནི)།།

དེ་ལྟར་ལམ་སྤྱིའི་མཚན་ཉིད་བསྟན་ནས། ད་ནི་གཉིས་པ་ལམ་རྡོ་རྗེ་ཐེག་པའི་བགྲོད་ལུགས་ལ་གསུམ་སྟེ། མདོར་བསྟན་པ་དང་། བསླབ་པ་གསུམ་གྱིས་དུག་སྦྱང་བ་དང་། རིན་ཆེན་དབང་བཞིས་སྡུག་བསྔལ་ཆོས་སུ་བསྒྱུར་བ་དང་། མ་བསྒྱུར་བའི་ཉེས་དམིགས་དང་། རྒྱུ་འབྲས་དཔག་ཏུ་མེད་པ་དང་བཞིས་རྒྱས་པར་བཤད་པ་དང། མཇུག་བསྡུ་བ་དང་གསུམ།།

དང་པོ་མདོར་བསྟན་ནི།

གཉིས་པ་རྒྱས་བཤད་ལ་བཞི་ལས། དེའི་དང་པོ་བསླབ་པ་གསུམ་གྱིས་དུག་སྦྱང་བ་ནི་ཚིག་རྐང་གསུམ།

གཉིས་པ་རིན་ཆེན་དབང་བཞིས་སྡུག་བསྔལ་ཆོས་སུ་བསྒྱུར་བ་ནི།

གསུམ་པ་མ་བསྒྱུར་བའི་ཉེས་དམིགས།

བཞི་པ། རྒྱུ་འབྲས་དཔག་ཏུ་མེད་པ་ནི།

གསུམ་པ་མཇུག་བསྡུས་ནི།

ད་གསུམ་པས་གདམས་པ་མཆོག་ཏུ་གྱུར་པ་བསྟན་པ་དེ་གཉིས་ལས། དེའི་སྔོན་འགྲོ་དང་། གདམས་པ་མཆོག་ཏུ་གྱུར་པ་དངོས་སོ།། དང་པོ་སྔོན་འགྲོ་ནི།

གཉིས་པ་གདམས་པ་མཆོག་ཏུ་གྱུར་པ་དངོས་ལ་གསུམ། མདོར་བསྟན་པ་དང་། རྒྱས་པར་བཤད་དང་། མཇུག་སྡུད་བསྟན་པའོ།། དང་པོ་ནི།

རྒྱས་པར་བཤད་པ་ལ་གསུམ་ལས་སྦྱོར་བ་སེམས་བསྐྱེད། དངོས་གཞི་བསྐྱེད་རྫོགས་གཉིས། རྗེས་བསྔོ་བ་དང་གསུམ་གྱི། དང་པོ་སྦྱོར་བ་སེམས་བསྐྱེད་ནི། རྩ་བ་ནས་རྐང་པ་བདུན།།

དངོས་གཞི་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ།།

དང་པོ་བསྐྱེད་རིམ་ལ་གདམས་ངག་གསུམ་སྟེ། སྐྱོན་དག་ཡོན་ཏན་རྫོགས་པར་བསྒོམ་པ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་ཅིང་བླ་མར་མོས་གུས་མེད་ན་བསྐྱེད་རིམ་གསལ་ཡང་ཉེས་པར་འགྱུར་བ་དང། སྦྱོར་བས་ཟིན་ཅིང་མོས་གུས་ཡོད་ན་བསྐྱེད་རིམ་གསལ་བས་ཚེ་ལུས་གཅིག་ལ་སངས་རྒྱ་བའོ།། དང་པོ་ནི། སྙིང་ནས་ཞེས་པ་ནས་བསྒོམ་ཡན་ཆད་དོ།།

གཉིས་པ་བྱང་ཆུབ་སེམས་ཀྱིས་མ་ཟིན་ཅིང་བླ་མར་མོས་གུས་མེད་ན། བསྐྱེད་རིམ་གསལ་ཡང་ཉེས་པར་འགྱུར་བ་ནི། རྩ་བ་ནས་ཚིག་རྐང་ཉེར་གཅིག

གསུམ་པ་སངས་རྒྱས་སུ་འགྱུར་བ་ནི། རྐང་པ་བདུན།

རྫོགས་པའི་རིམ་པ་ལ་གཉིས་ལས། མཚན་མ་ཅན་གྱི་རྫོགས་རིམ་དང་། མཚན་མ་མེད་པའི་རྫོགས་རིམ་མོ།།

དང་པོ་མཚན་མ་ཅན་གྱི་རྫོགས་རིམ་ལ་གསུམ་སྟེ། ༡ མདོར་བསྟན་པ་དང་། ༢ ངེས་ཤེས་ཁྱད་པར་ཅན་བསྐྱེད་པའི་ཕྱིར་བརྒྱུད་པ་གོང་མ་རྣམས་ཀྱིས་དགོངས་པ་གཅིག་ཏུ་བསྟན་པ་དང་གཅིག སྲིད་པའི་རྩེ་མོའི་སེམས་ཀྱིས་སངས་མི་རྒྱ་བ་དང་། འོད་གསལ་བསྒོམས་པས་སངས་རྒྱ་བ་དང་། སངས་རྒྱས་ནས་ཀྱང་རང་གི་སེམས་ངོ་བསྟན་པའི་བླ་མ་བསྙེན་བཀུར་བ་དང་གསུམ་གྱིས་མོས་གུས་གཙོ་བོར་བསྟན་པ་དང་གཉིས། རྩ་བའི་ལྟུང་བས་མ་ཕོག་པར་སྒོམ་པའི་གནས་གསུམ་བསྟན་པ་དང་གསུམ། མཆོད་པའི་ཚོགས་ཀྱིས་རྒྱུན་ཆད་མེད་པར་མཆོད་པ་དང་བཞི། ལམ་ཟབ་མོ་བླ་མའི་ལམ་ཁྲིད་ཀྱི་རིམ་པ་བསྟན་པ་དང་ལྔས། རྒྱས་པར་བཤད་པའོ།། ༣ གསུམ་པ་མོས་གུས་ཚད་དུ་མ་ཕྱིན་ན་ཐོས་པ་དང་བསམ་པས་བརྟག་དཔྱད་བྱས་པའི་སྟོང་ཉིད་དེ་བློས་བྱས་ཀྱི་སྟོང་པར་བཞེད་པའོ།། དེའི་དང་པོ། མདོར་བསྟན་པ་ནི།

གཉིས་པ་ལ་ལྔ་ལས་དེའི་དང་པོ་ནི་ཚིག་རྐང་བཅུ་སྟེ།

གཉིས་པ་ལ་གསུམ། དེའི་དང་པོ་ནི་ཚིག་རྐང་དྲུག་སྟེ།

གཉིས་པའི་གཉིས་པ་ནི་ཚིག་རྐང་བདུན་ཏེ།

གཉིས་པའི་གསུམ་པ་ནི། ཚིག་རྐང་དྲུག་སྟེ།

གསུམ་པ་བསྒོམ་པའི་གནས་ལ་གསུམ་སྟེ། དང་པོ་ནི་ཚིག་རྐང་བཅུ་གསུམ་སྟེ།

གནས་གཉི་པ་ནི། རྐང་པ་གཉིས་ཏེ།

བསྒོམ་པའི་གནས་གསུམ་པ་ནི། ཚིག་རྐང་བཅུ་བདུན་ཏེ།

བཞི་པ་མཆོད་པ་ནི་ཚིག་རྐང་བཅུ་སྟེ།

ལྔ་པ་ལམ་ཟབ་མོ་བླ་མའི་ལམ་ཁྲིད་ཀྱི་རིམ་པར་བསྟན་པ་ལ་གསུམ་སྟེ། མདོར་བསྟན་པ་དང་། བླ་མ་ལ་ཐ་མལ་དུ་མཐོང་བའི་དུས་དང་། ཉན་ཐོས་སུ་མཐོང་བ་དང་། རང་རྒྱལ་དུ་མཐོང་བ་དང་། བྱང་ཆུབ་སེམས་དཔར་མཐོང་བ་དང་། སངས་རྒྱས་སྤྲུལ་པའི་སྐུར་མཐོང་བ་དང་། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུར་མཐོང་བ་དང་། གཉིས་ཀྱིས་གཟུགས་སྐུར་མཐོང་བ་དང་། བླ་མ་ལ་ཆོས་ཀྱི་སྐུར་མཐོང་བ་དང་དྲུག་གིས་རྒྱས་པར་བཤད་པ་དང་། འཇུག་བསྡུ་བའོ།། དང་པོ་ནི་ཚིག་རྐང་བཅུ་གཅིག་སྟེ།

བར་པ་ལ་དྲུག་ལས། དེའི་དང་པོ་ནི་བླ་མ་ཞེས་པ་ནས་མ་ཐོས་སམ་ཡན་ཆད་དོ།།

ད་གཉིས་པ་བླ་མ་ཉན་ཐོས་སུ་མཐོང་བ་ཤོ་ལོ་ཀ་གཉིས་ནི།

གསུམ་པ་རང་རྒྱལ་དུ་མཐོང་བ་ནི་ཚིག་རྐང་བཅུ་གསུམ།

བཞི་པ་བོ་དྷི་ས་ཏྭར་མཐོང་བ་ནི་ཚིག་རྐང་བཅུ་གསུམ་སྟེ།

ལྔ་པ་གཟུགས་སྐུར་མཐོང་བའི་དུས་ལ་གཉིས་ལས་དང་པོ་ནི་ཚིག་རྐང་དྲུག་ནི།

གཉིས་པ་ལོངས་སྐུ་ཚིག་རྐང་ཉི་ཤུ་ནི།

དྲུག་པ་བླ་མ་ཆོས་སྐུར་མཐོང་བའི་དུས་སུ་རང་ལ་རྟོགས་པ་རབ་སྐྱེ་སྟེ། ཚིག་རྐང་བཅུ་དྲུག་ནི།

གསུམ་པ་མཇུག་བསྡུ་བ་ནི་ཚིག་རྐང་བཅུ་གཅིག

གསུམ་པ། བློས་བྱས་ཀྱི་སྟོང་པ་ནི་ཤོ་ལོ་ཀ་ལྔ།

ལམ་ཅིག་ཅར་ཕྱག་རྒྱ་ཆེན་པོ་མཚན་མ་མེད་པའི་རྫོགས་རིམ་ལ་གསུམ་སྟེ། མདོར་བསྟན་པ་དང་། ཡེ་ནས་སངས་རྒྱས་ཡིན་པ་དང་། རང་བྱུང་རང་ལ་རྙེད་པ་དང་། སྒྲིབ་གསུམ་ངང་དུ་གྲོལ་བ་དང་། སྡུག་བསྔལ་སྣ་ཚོགས་མཧཱ་མུ་དྲས་འདེད་པ་དང་། སྐྱོན་དག་ཅིང་ཡོན་ཏན་རྫོགས་པར་བསྟན་པ་དང་ལྔས་རྒྱས་པར་བཤད་པ་དང་། མཇུག་བསྡུས་བའོ།། དང་པོ་མདོར་བསྟན་པ་ནི།

རྒྱས་པར་བཤད་པ་ལ་ལྔ་ལས། དེའི་དང་པོ་ནི་ཡེ་ནས་སངས་རྒྱས་ཡིན་པར་བསྟན་པ་ནི་ཚིག་རྐང་པ་བདུན།

གཉིས་པ་རང་བྱུང་རང་ལ་རྙེད་པ་ནི་རྩ་བ་ནས་ཚིག་རྐང་བཅུ་བཞི།

གསུམ་པ་སྒྲིབ་གསུམ་ངང་དུ་གྲོལ་བ་ནི། རྩ་བ་ནས་ཤོ་ལོ་ཀ་གཉིས།

བཞི་པ་ཉེས་སྐྱོན་ཐམས་ཅད་ཕྱག་རྒྱ་ཆེན་པོས་འདེད་པ་ནི། རྩ་བ་ནས་ཚིག་རྐང་དྲུག

ལྔ་པ་སྐྱོན་དག་ཅིང་ཡོན་ཏན་རྫོགས་པར་བསྟན་པ་ནི། རྩ་བ་ནས་ཚིག་རྐང་དགུ

མཇུག་སྡུད་ནི་རྩ་བ་ནས་ཤོ་ལོ་ཀ་གཉིས། དང་པོར་ལུས་སེམས་ཁོང་གློད། གཉིས་པ་ཡིད་ཀྱི་ཡུལ་དུ་མི་བྱ། གསུམ་པ་རྟེན་གང་ལ་ཡང་མི་བཅའ། བཞི་པ་སེམས་རང་སོར་གློད། དེ་ལ་དང་པོར་ལུས་སེམས་ཁོང་གློད་པ་ནི། སློབ་དཔོན་བྲམ་ཟེ་ཆེན་པོ་ས་ར་ཧའི་ཞལ་སྔ་ནས།

ཕྱག་རྒྱ་ཆེན་པོ་སྙིང་པོ་དོན་གྱི་གདམས་ངག་འདི་ལ་དོན་ལྔ་ཡིན་གསུང། དེ་ལ་གདམས་ངག་བརྒྱུད་པ་དང་ལྡན་པ། ལྟ་བ་རྟོགས་པ་དང་ལྡན་པ། སྒོམ་པ་ཉམས་མྱོང་དང་ལྡན་པ། སྤྱོད་པ་རོ་སྙོམས་དང་ལྡན་པ། ངེས་ཤེས་ཀྱིས་སྐྱོན་བསལ་བ་དང་ལྡན་པའོ།།

དེ་ལྟར་གཉིས་པ་དངོས་གཞི་ཐལ་ནས།གསུམ་པ་རྗེས་ཀྱི་ཆོས་བསྔོ་བ་ནི། བླ་མ་རིན་པོ་ཆེའི་ཞལ་ནས། ཙིནྟ་མ་ཎི་འདི་ནས་ཆོས་ལྔ་ལྡན་གཙོ་བོར་སྟོན་པ་ཡིན་གསུང་། དེ་ཡང་སྐབས་འདིར་བསྔོ་བ་ཚིག་ཏུ་མ་གསུངས་པར་གདའ་སྟེ། ཤུགས་ལ་བསྟན་པ་ཡིན་གསུང་། དེ་ལ་གང་ནས་བསྟན་ན། ཉམས་མྱོང་དྲི་མ་མེད་པ་ནས།

བྱེ་བྲག་སོ་སོར་བསལ་བ་ནི་གསུམ་སྟེ། རྒྱུ་ལམ་འབྲས་བུ་གསུམ་གྱི་གེགས་དང་བར་ཆད་བསལ་བ་མདོར་བསྟན་པ་དང་། གསུམ་ཀའི་རྒྱས་པར་བཤད་པ་དང་། གསུམ་ཀའི་མཇུག་སྡུད་དོ།། དང་པོ་ནི། རྩ་བ་ནས་ཤོ་ལོ་ཀ་གཅིག

བར་པ་རྒྱས་བཤད་ལ་གསུམ་སྟེ། རྒྱུ་དང་ལམ་དང་འབྲས་བུའོ།། དང་པོ་ལ་གསུམ་སྟེ། རྒྱུའི་བར་ཆད་སེལ་བ་མདོར་བསྟན་པ་དང་། སྙིང་རྗེ་སྐྱེ་བའི་ཡུལ་དང་། དེ་ལ་སྙིང་རྗེ་སྒོམ་པ་དང་། སྙིང་རྗེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་གསུམ་གྱིས་རྒྱས་པར་བཤད་པ་དང་། མཇུག་བསྡུ་བའོ།། དང་པོ་མདོར་བསྟན་ནི་ཚིག་རྐང་བཅུ།

བར་པ་རྒྱས་བཤད་ལ་གསུམ་ལས། དང་པོ་སྙིང་རྗེའི་ཡུལ་ནི། ཤོ་ལོ་ཀ་གཉིས།

གཉིས་པ་སྙིང་རྗེ་ནི་ཤོ་ལོ་ཀ་བདུན་དང་རྐང་པ་གསུམ།

གསུམ་པ་སྙིང་རྗེ་ལས་བྱུང་བའི་བྱང་ཆུག་ཀྱི་སེམས་སྒོམ་པ་ནི་ཤོ་ལོ་ཀ་བདུན་དང་ཕྱེད།

མཇུག་སྡུད་ནི་རྐང་པ་གཅིག

གཉིས་པ་ལམ་གྱི་གེགས་སེལ་ལ་གསུམ་སྟེ། མདོར་བསྟན་པ་དང་། ཤིན་ཏུ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། སྤྱི་དང་སོ་སོར་བསྟན་པ་གཉིས་ཀྱི་མཇུག་སྡུད་དོ།། དང་པོ་མདོར་བསྟན་ནི། རྐང་པ་བཞི་སྟེ།

གཉིས་པ་ལ་རྐང་པ་གཉིས།

གཉིས་པ་རྒྱས་བཤད་ལ་བཞི་ལས། ཕུང་པོའི་བདུད་གཞོམ་པ་དང་། ཉོན་མོངས་པའི་བདུད་དང་། ལྷའི་བུའི་བདུད་དང་། འཆི་བདག་གི་བདུད་གཞོམ་པ་དང་བཞི། དང་པོ་ཕུང་པོའི་བདུད་ལ་གཉིས་ཏེ། ལུས་ལྷར་བསྒོམ་པ་དང། བསྐྱེད་རིམ་བརྟན་པར་འགྱུར་བའི་གནད་དང་། སྡུག་བསྔལ་ཕུང་པོ་གནས་འགྱུར་བ་དང་གསུམ་གྱིས་རྒྱས་པར་བཤད་པ་དང་། མཇུག་སྡུད་དོ།། དེའི་དང་པོ་ལ་གསུམ། དེའི་དང་པོ་ལུས་ལྷར་སྒོམ་པ་ནི། རྐང་པ་དགུ་སྟེ། །

གཉིས་པ་ནི་ཚིག་རྐང་ལྔ་སྟེ།

གསུམ་པ་སྡུག་བསྔལ་ཕུང་པོ་གནས་གྱུར་པ་ལ། ཤོ་ལོ་ཀ་ལྔ་དང་རྐང་པ་གཅིག

གཉིས་པ་མཇུག་སྡུད་ནི། རྐང་པ་གཉིས།

གཉིས་པ་ཉོན་མོངས་པའི་བདུད་ལ་གསུམ་སྟེ། མདོར་བསྟན་པ་དང་། ཤིན་ཏུ་མདོར་བསྟན་པ་དང་། མན་ངག་གསུམ་རྒྱས་པར་བཤད་པ་དང་། མན་ངག་གསུམ་ཀའི་མཇུག་བསྡུ་བའོ།། དང་པོ་ནི་ཤོ་ལོ་ཀ་གཉིས།

གཉིས་པ་ལ་ཤོ་ལོ་ཀ་གཉིས།

རྒྱས་པར་བཤད་པ་ལ་གསུམ་སྟེ། བསྟན་བཤད་བསྡུ་བ་གསུམ་གྱིས་སོ་སོར་ཐར་པའི་སྡོམ་པ་དང་། དྲིན་ཅན་གྱི་མ་རྣམས་ཀྱི་དོན་དུ་ཁམས་གསུམ་དུ་རང་དབང་མེད་པར་འཇུག་པ་དང་། འགྲོ་བ་སྨིན་པར་བྱེད་པའི་ཐབས་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། མཇུག་བསྡུ་བ་དང་གསུམ་གྱིས་བྱང་ཆུབ་སེམས་དཔའི་བསླབ་པ་དང་། བསྟན་བཤད་བསྡུ་བ་གསུམ་གྱིས་གསང་སྔགས་ཀྱི་དམ་ཚིག་དང་གསུམ་གྱིས་རྒྱས་པར་བཤད་པའོ།། དང་པོ་ལ་གསུམ་ལས། དེའི་དང་པོ་སོ་སོར་ཐར་པ་མདོར་བསྟན་པ་ནི།

གཉིས་པ་བཤད་པ་ནི་ཤོ་ལོ་ཀ་དྲུག་དང་ཕྱེད།

བསྡུ་བ་ནི་ཚིག་རྐང་ལྔ།

གནད་ཀྱི་མན་ངག་གཉིས་པ་བྱང་ཆུབ་སེམས་ཀྱི་བསླབ་པ་ལ་གསུམ་ལས། དེའི་དང་པོ་དྲིན་ཅན་གྱི་མའི་དོན་དུ་ཁམས་གསུམ་དུ་འཇུག་པ་ནི་ཤོ་ལོ་ཀ་བདུན་དང་རྐང་པ་གསུམ།

གཉིས་པའི་གཉིས་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་ཚིག་རྐང་བཅུ་གཅིག

གཉིས་པའི་གསུམ་པ་མཇུག་སྡུད་ནི་ཤོ་ལོ་ཀ་གཅིག

གནད་ཀྱི་མན་ངག་གསུམ་པ་གསང་སྔགས་ཀྱི་དམ་ཚིག་ལ་བསྟན་བཤད་བསྡུ་བ་གསུམ་གྱི་དང་པོ་མདོར་བསྟན་ནི་རྐང་པ་གསུམ།

གསུམ་པའི་གཉིས་པ་ནི་ཤོ་ལོ་ཀ་བདུན་དང་ཕྱེད།

གསུམ་པའི་གསུམ་པ་བསྡུ་བ་ནི་རྐང་པ་བཞི།

མན་ངག་གསུམ་ཀའི་མཇུག་སྡུད་ནི་ཚིག་རྐང་བཅུ་གསུམ།

གསུམ་པ་ལྷའི་བུའི་བདུད་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ།། དང་པོ་ནི་ཤོ་ལོ་ཀ་གཉིས།

རྒྱས་བཤད་ལ་གཉིས་ཏེ། ཆུང་ངུར་གྱུར་པའི་བདུད་དང་། ཆེན་པོར་གྱུར་པའི་བདུད་དོ།། དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང་། ཆུང་ངུར་གྱུར་པའི་བདུད་ནི་ཉོན་མོངས་པ་ཅན་གྱི་སེམས་ཅན་ལ། ལས་ཀྱི་དབང་གིས་གནས་པ་དེ་ལ། མཐུན་པའི་རྫས་ཀྱིས་མཆོད་ན་མཐུ་མགོན་བྱེད་པ་དང་གཅིག ཁོང་རང་ལ་གནོད་པའི་བསམ་པ་བྱུང་བས་མཐུ་དང་ནུས་པའི་སྟོབས་ཅི་ཡོད་ཀྱིས་རྣལ་འབྱོར་པ་ལ་བར་དུ་གཅོད་པ་དང་། རླུང་ཁྲིས་བད་ཀན་གྱི་ནད་ལ་སོགས་པས་སྲོག་བཅད་ནས་བར་དུ་གཅོད་པ་དང་། རྒྱུད་ལ་ཞེ་སྡང་བསྐྱེད་ནས་བར་ཆད་བྱེད་པ་དང་། གསུམ་གྱིས་ཐར་པའི་བར་དུ་གཅོད་པ་དང་གཉིས། དེ་ལ་སྲུང་ཐབས་ཐུན་མོང་བ་བསྟན་པ་དང་། རྗེ་གོང་མའི་བཞེད་པ་དང་། ཆོས་རྗེའི་བཞེད་པས། ཁྱད་པར་བ་བསྟན་པ་དང་གཉིས་ཀྱིས་བསྲུང་བ་དང་གསུམ་གྱིས་རྒྱས་པར་བཤད་པ་དང་། མཇུག་སྡུད་བསྟན་པའོ།། དང་པོ་མདོར་བསྟན་ལ་ཚིག་རྐང་པ་གསུམ།

བར་པ་ལ་གསུམ་ལས་དེའི་དང་པོ་ཚིག་རྐང་བཅོ་ལྔ་ནི།

གཉིས་པ་ལ་གསུམ་ལས་དང་པོ་ནི་ཚིག་རྐང་བདུན།

གཉིས་པའི་གཉིས་པ་ནི་ཤོ་ལོ་ཀ་གཅིག

གཉིས་པའི་གསུམ་པ་ནི་ཚིག་རྐང་ལྔ།

གསུམ་པ་ལ་གཉིས་ལས། དེའི་དང་པོ་སྲུང་ཐབས་ཐུན་མོང་བ་ནི་ཚིག་རྐང་བཞི།

གཉིས་པ་ལ་རྐང་པ་དགུ་ནི།

ཁྱད་པར་གྱི་སྲུང་བ་གཉིས་ཏེ། རྗེ་གོང་མའི་བཞེད་པ་ནི་ཚིག་རྐང་བཅུ་བཞི།

གཉིས་པ་ཆོས་རྗེའི་བཞེད་པ་ནི། ཤླཽ་ཀ་བརྒྱད་དང་རྐང་པ་གསུམ(ཤླཽ་ཀ་༩་འདུག)།

མཇུག་སྡུད་ནི་རྐང་པ་གསུམ།

དེས་དེའི་དུས་སུ་གཉིས་པ་ཆེན་པོར་གྱུར་པའི་བདུད་བྱུང་ན་དེ་གཞོམ་པ་ལ་གཉིས་ཏེ། བདུད་འོང་ལུགས་དང། བདུད་འཇོམས་ལུགས་སོ།། དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང་། ༡ འདོད་པའི་དབང་ཕྱུག་ཆེན་པོའི་བར་ཆད་དང་། ༢ བརྒྱ་བྱིན་གྱི་བར་ཆད་དང་། ༣ ཚངས་པའི་བར་ཆད་དང་། གཅིག་པུ་ཞི་བདེའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང་། བྱམས་པ་ལ་སོགས་པ་བཏང་སྙོམས་ཞི་བདེའི་བསམ་གཏན་དང་། འཇིག་རྟེན་པའི་ཕ་རོལ་ཕྱིན་པ་དྲུག་དང་གསུམ་གྱིས་ ༤ ཐར་པ་ལ་བར་དུ་གཅོད་པ་དང་། མྱོང་རིག་གི་ཏིང་ངེ་འཛིན་དང་། རང་ཉིད་ཞི་བདེ་འདོད་པའི་བློ་དང་། དེ་འདྲའི་བསམ་པ་སྟོན་པ་དང་གསུམ་གྱིས་ ༥ བར་དུ་གཅོད་པ་ལྔ་ཡིས་རྒྱས་པར་བཤད་པ་དང་། མཇུག་བསྡུ་བའོ།། དང་པོ་མདོར་བསྟན་ནི་རྩ་བ་ནས་ཚིག་རྐང་དགུ།

རྒྱས་པར་བཤད་པ་ལ་ལྔ་ལས། དེའི་དང་པོ་འདོད་པའི་དབང་ཕྱུག་ཆེན་པོའི་བར་ཆད་ནི་ཚིག་རྐང་བཅུ་གསུམ།

གཉིས་པ་བརྒྱ་བྱིན་གྱི་བར་ཆད་ནི་ཚིག་རྐང་བཅོ་ལྔ་ནི།

གསུམ་པ་ཚངས་པའི་བར་ཆད་ནི་ཚིག་རྐང་བཅུ་གཅིག

བཞི་པ་ཐར་པའི་བར་དུ་གཅོད་པ་ལ་དང་པོ་ནི་ཚིག་རྐང་གཉིས།

གཉིས་པ་ནི་ཚིག་རྐང་གཉིས།

གསུམ་པ་ནི་རྐང་པ་གཉིས།

ལྔ་པ་ལ་གསུམ་ལས། དེའི་དང་པོ་ཚིག་རྐང་གསུམ་ནི།

གཉིས་པ།

གསུམ་པ།

གསུམ་པ་མཇུག་སྡུད་དགའ་བ་སྐྱེ་བར་མི་རིགས་པ་ནི་ཚིག་རྐང་དྲུག

གཉིས་པ་བདུད་འཇོམས་པ་ལ་གསུམ་སྟེ། བདུད་ཕམ་པར་བཞེད་ན་ཤཱཀྱའི་དབང་པོའི་རྗེས་སུ་བསླབ་པ་དང། གྲུབ་ཐོབ་གོང་མ་རྣམས་ཀྱི་རྗེས་སུ་འབྲངས་ནས་གཉིས་མེད་ཡེ་ཤེས་རྡོ་རྗེས་བདུད་གཞོམ་པ་དང་། མཇུག་སྡུད་དོ།། དང་པོ་ནི་རྩ་བ་ནས་ཚིག་རྐང་བདུན།

གཉིས་པ་ནི་ཚིག་རྐང་བཅུ་བཞི།

མཇུག་སྡུད་ནི་ཤོ་ལོ་ཀ་གཅིག

བཞི་པ་འཆི་བདག་གི་བདུད་གཞོམ་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་མཇུག་སྡུད་དོ།། དང་པོ་ལ་གསུམ་གསུམ་སྟེ། འཆི་བདག་གི་འདུག་ལུགས་བསྟན་པ་དང་། དེའི་ལག་ནས་ད་དུང་མ་ཐར་བས་བག་མེད་པར་དགའ་བར་གནས་པར་མི་རིགས་པ་དང་། གསང་སྔགས་ཀྱི་གནད་མེད་ན་དེའི་ལག་ནས་ཐར་པའི་དུས་མེད་པས། དགའ་བ་སྐྱེ་བར་མི་རིགས་པ་དང་། ཁོས་བདག་ཉིད་རྟག་ཏུ་བཅོམ་པས། དགའ་བ་ག་ལ་འཐོབ་པ་དང་བཞིས། ༡ བདག་གི་སྐྱབས་བཙལ་བ་དང་། སྐྱབས་བླ་མ་དམ་པ་རྙེད་པ་དང་། དེ་ལ་ལུས་སྲོག་གིས་མཆོད་ནས་སྐྱབས་སུ་སོང་བ་དང་། བླ་མ་རྡོ་རྗེ་འཆང་གིས་གཉིས་སུ་མེད་པའི་རྡོ་རྗེས་འཆི་བདག་བདག་འཛིན་བསད་པ་དང་གསུམ་གྱིས་ ༢ ཁམས་གསུམ་ལས་རྒྱལ་པའི་ཆོས་རྗེར་གྱུར་པ་དང་། འཆི་བདག་བསད་པའི་ཤ་རུས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་ཆེན་པོར་གྱུར་པ་དང་གསུམ་གྱིས་ ༣ སེམས་ཅན་རྣམས་བྱང་ཆུབ་མཆོག་ལ་འགོད་པའི་འགྲོ་མགོན་དུ་གྱུར་པའོ།། དང་པོ་ལ་བཞི་ལས། དེའི་དང་པོ་འཆི་བདག་གི་འདུག་ལུགས་ནི་ཤོ་ལོ་ཀ་གསུམ།

གཉིས་པ་མ་ཐར་བ་ནི་ཤོ་ལོ་ཀ་གཅིག

གསུམ་པ་ཐར་པའི་དུས་མེད་པ་ནི་ཤོ་ལོ་ཀ་གཅིག

བཞི་པ་ཁོས་རྟག་ཏུ་བཅོམ་པ་ནི་ཚིག་རྐང་དགུ

གཉིས་པ་ཁམས་གསུམ་ལས་རྒྱལ་པའི་ཆོས་རྗེར་གྱུར་པ་ལ་གསུམ་ལས། དེའི་དང་པོ་སྐྱབས་རྙེད་པ་ནི་ཤོ་ལོ་ཀ་གཅིག།

གཉིས་པ། དེ་ལ་ལུས་སྲོག་གིས་མཆོད་པ་ནི་ཤོ་ལོ་ཀ་གསུམ།

གཉིས་པའི་གསུམ་པ་འཆི་བདག་བསད་ནས་སེམས་ཅན་ཐམས་ཅད་གནས་གྱུར་པ་ནི་ཤོ་ལོ་ཀ་གསུམ།

གསུམ་པ་འཆི་བདག་བསད་པའི་ཤ་རུས་རྣམ་པར་སྣང་མཛད་ཆེན་པོར་གནས་གྱུར་པ་ནི་ཤོ་ལོ་ཀ་གསུམ།

གཉིས་པ་མཇུག་བསྡུ་བ་ནི་ཚིག་རྐང་གསུམ།

ལམ་གྱི་མཇུག་སྡུད་ལ་གཉིས། དེའི་དང་པོ་སྤྱིར་བསྟན་པ་ནི་ཚིག་རྐང་ལྔ།

གཉིས་པ་བདུད་བཞིའི་མཇུག་སྡུད་སོ་སོར་ཕྱེ་ན། དང་པོ་ལ་ཤོ་ལོ་ཀ་གཅིག

གཉིས་པ་ལ་ཚིག་རྐང་གཉིས།

ལྷའི་བུའི་བདུད་ལ་རྐང་པ་གཉིས།

འཆི་བདག་གི་བདུད་ལ་རྐང་པ་གསུམ།

གསུམ་པ་འབྲས་བུའི་གེགས་སེལ་བ་ལ་གཉིས་ཏེ། མདོར་བསྟན་པ་དང་། ཤིན་ཏུ་མདོར་བསྟན་ནི་གཉིས་ཀྱིས་མདོར་བསྟན་པ་དང་། བསྟན་བཤད་བསྡུ་བ་གསུམ་གྱིས། བདག་རྐྱེན་ཆོས་སྐུ་ངོས་གཟུང་བ་དང་གཅིག ། གཞན་རྐྱེན་སྙིང་རྗེའི་རྟེན་འབྲེལ་གྱིས་ས་བཅུ་སྦྱངས་ནས། འགྲོ་བ་སྨིན་པར་མཛད་པ་དང་གཉིས། གཉིས་པ་སངས་རྒྱས་གཟུགས་སྐུར་བསྟན་པ་དང་། གཉིས་ཀའི་རྐྱེན་ལ་དོན་བསྡུ་བ་དང་བཅས་པ་ལྟོས་པས་སྐུ་གསུམ་དབྱེར་མེད་དུ། བསྟན་པ་དང་གཉིས་ཀྱིས། ལུས་ངག་ཡིད་གསུམ་དག་པའི་ཆོས་སྐུ་རྩོལ་སྒྲུབ་མེད་པར་གནས་པ་དེ་ཡོན་ཏན་འཕྲིན་ལས་དང་བཅས་པ་དང་གསུམ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོེར་བསྟན་པ་དང་བཞི། ཆོས་རྗེའི་ཐུགས་དགོངས་རབ་མཆོག་བླ་ན་མེད་པར་བསྟན་པ་དང་ལྔས་རྒྱས་པར་བཤད་པ་དང་། མཇུག་སྡུད་དོ།། དང་པོ་མདོར་བསྟན་ནི་ཚིག་རྐང་བདུན།

ཤིན་ཏུ་མདོར་བསྟན་པ་ནི་ཤོ་ལོ་ཀ་གཅིག

རྒྱས་པར་བཤད་པ་ལ་ལྔ་ལས་དང་པོ་བདག་རྐྱེན་ཆོས་སྐུ་ངོས་གཟུང་བ་ལ་བསྟན་བཤད་བསྡུ་བ་གསུམ་གྱི་དང་པོ་མདོར་བསྟན་ནི་ཚིག་རྐང་པ་གཅིག་ནི།

གཉིས་པ་རྒྱས་བཤད་ལ་རྐང་པ་བཅོ་བརྒྱད།

གསུམ་པ་བསྡུ་བ་ལ་ཚིག་རྐང་གཉིས།

གཉིས་པ་ལ་གཉིས་ལས། དང་པོ་གཞན་རྐྱེན་སྙིང་རྗེས་ས་བཅུ་སྦྱངས་ནས་སངས་རྒྱས་གཟུགས་སྐུར་བསྟན་པ་ནི་ཚིག་རྐང་བདུན།

གཉིས་པའི་གཉིས་པ་གཉིས་ཀའི་རྐྱེན་ལ་ལྟོས་པས་སྐུ་གསུམ་དབྱེར་མེད་དུ་བསྟན་པས་འགྲོ་བ་སྨིན་པར་མཛད་པ་ནི། རྩ་བ་ནས་ཚིག་རྐང་བཅུ་གསུམ།

གསུམ་པ་ལུས་ངག་ཡིད་གསུམ་དག་པའི་ཆོས་སྐུ་ཡོན་ཏན་འཕྲིན་ལས་དང་བཅས་པ་ནི་ཚིག་རྐང་པ་དྲུག

བཞི་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་དོན་བསྡུ་བ་དང་བཅས་པ་ནི། རྩ་བ་ནས་ཚིག་རྐང་བཅོ་བརྒྱད་དེ།

ལྔ་པ་ཆོས་རྗེའི་ཐུགས་དགོངས་རབ་མཆོག་བླ་ན་མེད་པ་ལ། བསྟན་བཤད་བསྡུ་བ་གསུམ་སྟེ། དང་པོ་ནི།

རྒྱུ་ལམ་འབྲས་བུ་གསུམ་ཀའི་མཇུག་སྡུད་ནི་རྐང་པ་གསུམ།

སྤྱི་དོན་གསུམ་པ་མཇུག་གྱི་དོན་ལ་བཞི་སྟེ། དང་པོ་ནི་གང་ཟག་རབ་ལ་མཁོ་བ་ནི། ཤོ་ལོ་ཀ་ཕྱེད་དང་གསུམ།

གཉིས་པ་བཟོད་གསོལ་ནི་རྐང་པ་གཉིས།

གསུམ་པ་སྨོན་ལམ་ནི་ཤོ་ལོ་ཀ་གཅིག

བཞི་པ་མཚན་བསྟན་པ་ནི།

Other Volumes in This Series: