No Table of Contents Available
དབུ་ནས་ཞབས་ཀྱི་བར་དུ་དོན་རྣམ་པ་གསུམ་སྟེ། ཀླད་ཀྱི་དོན་དང༌། གཞུང་གི་དོན་དང༌། མཇུག་གི་དོན་ཏོ། །དང་པོ་༼ཀླད་ཀྱི་དོན་༽ལ་གཉིས་ཏེ། ཀ ལུས་རྣམ་པར་བཞག་པའི་ཚུལ་གྱིས་མཆོད་པར་བརྗོད་པ་དང༌། ཁ བཤད་པར་དམ་བཅའ་བའོ། །གཞུང་གི་དོན་ལ་གསུམ་སྟེ། ག སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་དུ་ཇི་ལྟར་བྱུང་བའི་ཚུལ་དང༌། ང་ བསྟན་པ་དེ་འཇིག་རྟེན་ན་ཇི་ལྟར་གནས་པ་དང༌། ཅ བསྟན་པའི་དོན་ཉམས་སུ་བླང་བའི་ཐབས་བསྟན་པའོ། །དང་པོ་༼སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་དུ་ཇི་ལྟར་བྱུང་བའི་ཚུལ་༽ལ་གསུམ་སྟེ། ཆ ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེས་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་སངས་རྒྱས་ཀྱི་ཞིང་འདི་ཇི་ལྟར་བཟུང་བ་དང༌། ཇ བར་དུ་བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པར་མཛད་པ་དང༌། ཉ མཐར་འབྲས་བུ་ཕུན་སུམ་ཚོགས་པ་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའོ། །དང་པོ་༼ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེས་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་སངས་རྒྱས་ཀྱི་ཞིང་འདི་ཇི་ལྟར་བཟུང་བ་༽ལ་གཉིས་ཏེ། ཏ ཀུན་ནས་ཡོངས་སུ་བསླང་བའི་ཐུགས་བསྐྱེད་པ་དང༌། ཐ བླ་མར་གྱུར་པ་མཆོག་གི་ཐུགས་བསྐྱེད་པའོ། །དང་པོ་༼ཀུན་ནས་ཡོངས་སུ་བསླང་བའི་ཐུགས་བསྐྱེད་པ་༽ལ་གསུམ་སྟེ། ད སེམས་ཅན་ལ་སྙིང་རྗེས་ཀུན་ནས་ཡོངས་སུ་བསླང་བ་དང༌། ན སངས་རྒྱས་ལ་དད་པས་ཀུན་ནས་ཡོངས་སུ་བསླང་བ་དང༌། པ རྣམ་གྲོལ་གྱི་ལམ་ལ་འདུན་པས་ཀུན་ནས་ཡོངས་སུ་བསླང་བའི་སེམས་བསྐྱེད་པའོ། །བླ་མར་གྱུར་པ་མཆོག་གི་ཐུགས་བསྐྱེད་པ་ལ་གསུམ་སྟེ། ཕ སྨོན་པ་དང༌། བ འཇུག་པ་དང༌། མ དོན་དམ་པའི་ཐུགས་བསྐྱེད་པའོ། །གཉིས་པ་བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་རྫོགས་ཚུལ་ལ་གཉིས་ཏེ། ཙ ཚོགས་ཇི་ལྟར་རྫོགས་པ་དང༌། ཚ ལམ་ཇི་ལྟར་བགྲོད་པའོ། །དང་པོ་༼ཚོགས་ཇི་ལྟར་རྫོགས་པ་༽ལ་གསུམ་ཏེ། ཛ གྲངས་མེད་དང་པོ་དང༌། ཝ གཉིས་པ་དང༌། ཞ གསུམ་པའོ། །གཉིས་པ་ལའང་གསུམ་སྟེ། ཟ གྲངས་མེད་དང་པོ་དང༌། འ གཉིས་པ་དང༌། ཡ གསུམ་པའོ། །གསུམ་པ་འབྲས་བུ་ཕུན་སུམ་ཚོགས་པ་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་མཛད་པ་ལ་གསུམ་སྟེ། ར བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའི་མཛད་པ་དང༌། ལ དེ་རྫོགས་པའི་བྱང་ཆུབ་ཏུ་སངས་ཇི་ལྟར་རྒྱས་པ་དང༌། ཤ སངས་རྒྱས་ནས་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའོ། །དང་པོ་༼བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའི་མཛད་པ་༽ལ་གསུམ་སྟེ། ས དགའ་ལྡན་གྱི་གནས་ན་ཇི་ལྟར་བཞུགས་པ་དང༌། ཧ འཛམ་བུའི་གླིང་དུ་ཇི་ལྟར་བྱོན་པ་དང༌། ཨ མཛད་པའི་རྣམ་པར་འཕྲུལ་པ་ངོ་མཚར་རྨད་དུ་བྱུང་བ་བསྟན་པའོ། །དེ་ལ་གཉིས་ཏེ། ཀཾ འཇིག་རྟེན་པ་དང་གོ་བསྟུན་པ་ཐུན་མོང་གི་མཛད་པ་དང༌། ཁཾ འཇིག་རྟེན་ལས་ཁྱད་པར་དུ་འཕགས་པ་མཆོག་གི་མཛད་པ་བསྟན་པའོ། །དང་པོ་༼འཇིག་རྟེན་པ་དང་གོ་བསྟུན་པ་ཐུན་མོང་གི་མཛད་པ་༽ལ་བཞི་སྟེ། གཾ ཡུམ་གྱི་ལྷུམས་སུ་ཇི་ལྟར་ཞུགས་པ་དང༌། ངཾ སྐུ་བལྟམས་པའི་ཚུལ་དང༌། ཅཾ གཞོན་ནུ་རོལ་རྩེད་ཇི་ལྟར་མཛད་པ་དང༌། ཆཾ བཙུན་མོའི་འཁོར་དུ་ཇི་ལྟར་རོལ་བའི་མཛད་པའོ། །གཉིས་པ་འཇིག་རྟེན་ལས་ཁྱད་པར་དུ་འཕགས་པ་མཆོག་གི་མཛད་པ་ལ་གསུམ་སྟེ། ཇཾ སྐུ་རབ་ཏུ་ཇི་ལྟར་གཤེགས་པ་དང༌། ཉཾ དཀའ་བ་སྤྱད་པའི་ཚུལ་དང༌། ཏཾ བྱང་ཆུབ་ཀྱི་སྙིང་པོར་གཤེགས་པའི་མཛད་པའོ། །གཉིས་པ་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ཇི་ལྟར་རྒྱས་པའི་ཚུལ་ལ་གཉིས་ཏེ། ཐཾ བདུད་ཀྱི་སྡེ་བཅོམ་པར་མཛད་པ་དང༌། དཾ བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་མཛད་པའོ། །དེ་ལ་གཉིས་ཏེ། ནཾ སངས་ཇི་ལྟར་རྒྱས་པ་དང༌། པཾ སངས་རྒྱས་ནས་མཛད་པའི་རྣམ་པར་འཕྲུལ་པ་ཇི་ལྟར་བསྟན་པའོ། །གསུམ་པ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བ་ལ་གསུམ་སྟེ། ཕཾ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། བཾ ཇི་ལྟར་བསྐོར་བ་དང༌། མཾ སྐུ་དེས་གདུལ་བར་བྱ་བ་རྣམས་ཡོངས་སུ་རྫོགས་པར་མཛད་པའོ། །ཇི་ལྟར་བསྐོར་བ་ལ་གསུམ་སྟེ། ཙཾ དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་དང༌། ཚཾ གཉིས་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང༌། ཛཾ གསུམ་པ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའོ། །གསུམ་པ་ལ་བཞི་སྟེ། ཝཾ མྱ་ངན་ལས་འདས་ཚུལ་དངོས་དང༌། ཞཾ ཞར་ལ་བཀའ་བསྡུ་བ་རྣམ་པ་གསུམ་ཇི་ལྟར་མཛད་པ་དང༌། ཟཾ རྒྱ་གར་དུ་བསྟན་པ་དར་ཚུལ་དང༌། འཾ བོད་དུ་བསྟན་པ་དར་ཚུལ་ལོ། །སྤྱི་དོན་གཉིས་པ་བསྟན་པ་འཇིག་རྟེན་ན་ཇི་ལྟར་གནས་པ་ལ་གཉིས་ཏེ། ཡཾ ཇི་ལྟར་གནས་ཚུལ་དངོས་དང༌། རཾ ཡུན་ཇི་ཙམ་གནས་པ་བསྟན་པའོ། ལཾ །སྤྱི་དོན་གསུམ་པ་བསྟན་པའི་དོན་ཉམས་སུ་བླང་བའི་ཚུལ་ནི།
ཀ རྣམ་དག་ས་ལ་བྱམས་པའི་ཆུས་བརླན་སྙིང་རྗེའི་རྩ་བ་བརྟན་མཛད་བླ་མེད་བྱང་ཆུབ་མཆོག་གི་སྡོང་པོ་ཅན། །ཚོགས་གཉིས་ལས་འཁྲུངས་ལྷ་དེ་དགའ་ལྡན་གནས་ནས་གླང་ཆེན་རབ་བརྟན་སེར་སྐྱའི་གྲོང་དུ་སྒྱུ་འཕྲུལ་ལྷུམས་ཞུགས་ཤིང༌། །ལུམ་བིར་སྐུ་བལྟམས་ལྷར་བཅས་ཞབས་བཏུད་གཞོན་ནུ་མཚུངས་མེད་རོལ་ཅིང་སྒྱུ་རྩལ་ཀུན་ལྡན་བཙུན་མོའི་འཁོར་མཛེས་ཏེ། །རྣམ་དག་དྲུང་དུ་རབ་གཤེགས་ནཻ་རཉྫ་ནར་དཀའ་ཐུབ་མཐར་ཕྱིན་རྡོ་རྗེའི་གདན་ལ་བདུད་ཀྱི་དཔུང་བཅོམ་ནས། །བྱང་ཆུབ་སྙིང་པོར་ཆོས་ཀྱི་སྐུ་བརྙེས་ཝཱ་ར་ཎཱ་སི་རྒྱལ་པོའི་ཁབ་དང་མཉན་ཡོད་ཡངས་པ་ཅན་ལ་སོགས། །མི་ཡི་སེང་གེས་དྲི་མེད་ཆོས་ཀྱི་འཁོར་ལོ་རབ་བསྐོར་རྩ་མཆོག་ས་ལའི་དྲུང་དུ་ཞི་བར་གཤེགས་བསྟན་རྡོ་རྗེའི་སྐུ། །དུས་གསུམ་སྲིད་མཐར་བཞུགས་པའི་སྟོབས་མངའ་ཐུབ་པ་སྐྱབས་གཅིག་འཇིག་རྟེན་སྒྲོན་མ་དེའི་ཞབས་སྤྱི་བོས་གུས་བཏུད་ནས། ཁ དེས་མཛད་བསྟན་པའི་བྱུང་ཚུལ་གང་ཡིན་དེ་ལ་འཇུག་ཐབས་དེས་གསུངས་ལུང་བཞིན་མདོར་བསྡུས་བདག་གིས་བཤད་པར་བྱ། ག དེ་ལ་སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་དུ་ཇི་ལྟར་བྱུང་བའི་ཚུལ་དང༌། ང བསྟན་པ་དེ་འཇིག་རྟེན་ན་ཇི་ལྟར་གནས་པ་དང༌། ཅ བསྟན་པའི་དོན་ཉམས་སུ་བླང་བའི་ཐབས་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཆ ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེས་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་སངས་རྒྱས་ཀྱི་ཞིང་འདི་ཇི་ལྟར་གཟུང་བ་དང༌། ཇ བར་དུ་བསྐལ་པ་གྲངས་མེད་པ་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པར་མཛད་པ་དང༌། ཉ མཐར་འབྲས་བུ་ཕུན་སུམ་ཚོགས་པ་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའོ།༈ ཐུགས་བསྐྱེད་པ་ལ་གཉིས་ཏེ། ཏ །ཀུན་ནས་ཡོངས་སུ་བསླང་བའི་ཐུགས་བསྐྱེད་པ་དང༌། ཐ །བླ་མར་གྱུར་པ་མཆོག་གི་ཐུགས་བསྐྱེད་པའོ། །དང་པོ་༼ཀུན་ནས་ཡོངས་སུ་བསླང་བའི་ཐུགས་བསྐྱེད་པ་༽ལ་གསུམ་སྟེ། ད །སེམས་ཅན་ལ་སྙིང་རྗེས་ཀུན་ནས་ཡོངས་སུ་བསླང་བ་དང༌། ན །སངས་རྒྱས་ལ་དད་པས་ཀུན་ནས་ཡོངས་སུ་བསླང་བ་དང༌། པ །རྣམ་གྲོལ་གྱི་ལམ་ལ་འདུན་པས་ཀུན་ནས་ཡོངས་སུ་བསླང་བའི་ཐུགས་བསྐྱེད་པའོ། །དང་པོ་༼སེམས་ཅན་ལ་སྙིང་རྗེས་ཀུན་ནས་ཡོངས་སུ་བསླང་བ་༽ནི། །
གཉིས་པ་༼སངས་རྒྱས་ལ་དད་པས་ཀུན་ནས་ཡོངས་སུ་བསླང་བ་༽ནི།
གསུམ་པ་༼མ་གྲོལ་གྱི་ལམ་ལ་འདུན་པས་ཀུན་ནས་ཡོངས་སུ་བསླང་བའི་ཐུགས་བསྐྱེད་པ༽ནི།
༈ བླ་མར་གྱུར་པ་མཆོག་གི་ཐུགས་བསྐྱེད་པ་ལ་གསུམ་སྟེ། ཕ །སྨོན་པ་དང༌། བ འཇུག་པ་དང༌། མ དོན་དམ་པའི་ཐུགས་བསྐྱེད་པའོ། དང་པོ་༼སྨོན་པ་༽ནི།
གཉིས་པ་༼འཇུག་པ་༽ནི།
གསུམ་པ་༼དོན་དམ་པ༽ནི།
ཙ བར་དུ་བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་མཛད་པ་ལ། ཚ །དང་པོ་ལ། འདུལ་བ་ལུང་ལས། སངས་རྒྱས་ཤཱཀྱ་ཐུབ་ནས་འདྲེན་པ་ཡུལ་འཁོར་སྐྱོང་གི་བར་དུ་སངས་རྒྱས་བདུན་ཁྲི་དང་ལྔ་སྟོང་ལ་བསྙེན་བཀུར་ཏེ། བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། ཛ གཉིས་པ་ལ། སངས་རྒྱས་མར་མེ་མཛད་ནས་ཐུབ་པ་དབང་པོའི་རྒྱལ་མཚན་གྱི་བར་དུ་སངས་རྒྱས་བདུན་ཁྲི་དང་དྲུག་སྟོང་བསྙེན་བཀུར་ཏེ། ཝ གསུམ་པ་ལ། སངས་རྒྱས་ལེགས་མཛད་ནས་སངས་རྒྱས་འོད་སྲུང་གི་བར་དུ་སངས་རྒྱས་བདུན་ཁྲི་དང་བདུན་སྟོང་བསྙེན་བཀུར་ཏེ། ཞ ལམ་བགྲོད་པའི་ཚུལ་ནི། དཀོན་བརྩེགས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཟ གྲངས་མེད་དང་པོ་ལ་གྲོང་ཁྱེར་རྣམ་པར་རྒྱལ་བའི་རྒྱལ་མཚན་དུ་རྒྱལ་པོ་ཚེ་རྣམ་པར་རྒྱལ་བའི་སྲས་ཁྱེའུ་བརྩོན་འགྲུས་སྤྱོད་ཅེས་བྱ་བར་གྱུར་ཏེ། བཙུན་མོའི་འཁོར་དང་ལྷན་ཅིག་ཏུ་གནས་པར་གྱུར་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཕུང་པོ་ཆེན་པོ་སྟེང་གི་ནམ་མཁའ་ལ་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་དང་བཅས་པ་བྱོན་པ་མཐོང་སྟེ་མི་ཕྱེད་པའི་དད་པ་ཐོབ་ནས་བསྙེན་བཀུར་བས། ཚོགས་ལམ་དང་སྦྱོར་ལམ་གཉིས་མཐར་ཕྱུང་ཞིང༌། རྣམ་པར་དག་པ་དང་རྗེས་སུ་མཐུན་པའི་ཕ་རོལ་ཏུ་ཕྱིན་པའི་ལམ་རྣམས་ཡོངས་སུ་རྫོགས་པར་མཛད་དོ། འ །གཉིས་པ་ལ། དེ་ཉིད་ལས། སངས་རྒྱས་ཀྱི་ཞིང་འདིར་གྲོང་ཁྱེར་འཛམ་བུའི་ཆུ་བོ་སྤྲིན་ཞེས་བྱ་བར། རྒྱལ་པོ་མཛེས་པར་སྣང་བ་ཞེས་བྱ་བ་མཐའ་བཞི་ལས་རྣམ་པར་རྒྱལ་བ་ཞིག་བྱུང་སྟེ། དེའི་དུས་ན་ཐུབ་པ་འདི་རྒྱལ་པོ་དེའི་མདུན་ན་འདོན་ཚོང་དཔོན་ཤེས་རབ་བཟང་པོ་ཞེས་བྱ་བར་གྱུར་པ་ན། སངས་རྒྱས་དཀོན་མཆོག་ཡན་ལག་ཅེས་བྱ་བ་འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་བྱེ་བ་ཕྲག་བརྒྱད་ཅུའི་འདུས་པ་ཆེན་པོ་དང་ལྡན་པ་དེ་མཐོང་ནས་མི་ཕྱེད་པའི་དད་པ་ཐོབ་སྟེ། བསྙེན་བཀུར་བས་མཐོང་བའི་ལམ་དང་རྗེས་སུ་མཐུན་པ་རྣམ་པར་དག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་པ་དང༌། ཡ གསུམ་པ་ལ། འདུལ་བ་ལུང་ལས། ལྗོངས་ཀྱི་གྲོང་ཁྱེར་བའི་བྷི་ཧཾ་ཞེས་བྱ་བར་ཐུབ་པ་འདི་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བར་གྱུར་ན། སངས་རྒྱས་འོད་སྲུང་འཇིག་རྟེན་བྱོན་པ་ལ། གྲོགས་པོ་རྫ་མཁན་དགའ་སྐྱོང་གིས་ཁྲིད་ནས་དེ་བཞིན་གཤེགས་པའི་སྤྱན་སྔར་བྱོན་པས། ཡང་དག་པའི་དད་པ་ཐོབ་སྟེ། བསྙེན་བཀུར་བས་ཤིན་ཏུ་རྣམ་པར་དག་པའི་ལམ་དང་རྗེས་སུ་མཐུན་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པར་མཛད་དོ། །དེ་ཐམས་ཅད་དུ་ཐུབ་པ་འདི་བརྩོན་འགྲུས་ཁྱད་པར་དུ་འཕགས་ཏེ། དཀོན་བརྩེགས་ལས། དེ་བཞིན་གཤེགས་པ་སྐར་རྒྱལ་རིའི་ཕུག་ན་མེའི་ཕུང་པོ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ། ཐུབ་པ་འདི་བྲམ་ཟེའི་ཁྱེའུ་འོད་ཟེར་སྣང་བ་ཞེས་བྱ་བར་གྱུར་པས། རྐང་པའི་མཐེ་བོང་གཅིག་ས་ལ་བཙུགས་ཏེ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། །འཇིག་རྟེན་འདིར་ཡང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་ཡོད་མིན་ཕྱོགས་སམ་ཕྱོགས་མཚམས་དག་ན་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་བསྐོར་ཀྱང་ག་ལ་ཡོད། །ཅེས་བྱ་བའི་ཚིགས་སུ་བཅད་པས་བསྟོད་ཅིང་ཞག་བདུན་དུ་བྱའི་བརྟུལ་ཞུགས་ཀྱིས་ཞབས་མཐེ་བོང་ཡ་གཅིག་ས་ལ་བཙུགས་ནས་གནས་ཏེ་ཟད་པར་མེའི་ཏིང་ངེ་འཛིན་ལ་གནས་པས་བསྐལ་པ་བདུན་འདས་པ་དང༌། སྙིང་རྗེ་ཁྱད་པར་དུ་འཕགས་པས་དེད་དཔོན་ཐབས་ལ་མཁས་པར་གྱུར་པ་ན། ཚོང་དཔོན་གཡོན་ཅན་གྱིས་གྲུ་ཕུག་ནས་ཚོང་པ་ལྔ་བརྒྱ་དང་བཅས་པ་གསོད་པར་གཟིགས་ནས། སེམས་ཅན་གཞན་དམྱལ་བར་སོང་བ་བས། ཁོང་རང་དམྱལ་བར་སོང་བ་རུང་སྙམ་དུ་སྙིང་བརྩེ་བ་ཆེན་པོས་གཟིགས་ནས། ཚོང་དཔོན་གཡོན་ཅན་གྱི་གསུས་སུ་མདུང་ཐུང་བསྣུན་ནས་བསད་པས། བསྐལ་པ་དགུ་འདུམས་པར་གྱུར་ཏོ།།༈ འབྲས་བུ་ཕུན་སུམ་ཚོགས་པ་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་མཛད་པ་ལ་གསུམ་སྟེ། ར །བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའི་མཛད་པ་དང༌། ལ །དེ་རྫོགས་པའི་བྱང་ཆུབ་ཏུ་སངས་ཇི་ལྟར་རྒྱས་པ་དང༌། ཤ །སངས་རྒྱས་ནས་འཇིག་རྟེན་ན་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའོ། །དང་པོ་༼བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའི་མཛད་པ་༽ལ་གསུམ་སྟེ། ས །དགའ་ལྡན་གྱི་གནས་ན་ཇི་ལྟར་བཞུགས་པ་དང༌། ཧ །འཛམ་བུའི་གླིང་དུ་ཇི་ལྟར་བྱོན་པ་དང༌། ཨ །མཛད་པའི་རྣམ་པར་འཕྲུལ་པ་ངོ་མཚར་རྨད་དུ་བྱུང་བ་བསྟན་པའོ།
༈ དང་པོ་༼དགའ་ལྡན་གྱི་གནས་ན་ཇི་ལྟར་བཞུགས་པ་༽ནི།
༈ གཉིས་པ་ཇི་ལྟར་བྱོན་པའི་ཚུལ་ནི།
༈ གསུམ་པ་མཛད་པའི་རྣམ་པར་འཕྲུལ་པ་ལ་གཉིས་ཏེ། ཀཾ །འཇིག་རྟེན་པ་དང་གོ་བསྟུན་པ་ཐུན་མོང་པའི་མཛད་པ་དང༌། ཁཾ །འཇིག་རྟེན་ལས་ཁྱད་པར་དུ་འཕགས་པ་མཆོག་གི་མཛད་པ་བསྟན་པའོ། །དང་པོ་༼འཇིག་རྟེན་པ་དང་གོ་བསྟུན་པ་ཐུན་མོང་པའི་མཛད་པ་༽ལ་བཞི་སྟེ། གཾ ཡུམ་གྱི་ལྷུམས་སུ་ཇི་ལྟར་ཞུགས་པ་དང༌། ངཾ །སྐུ་བལྟམས་པའི་ཚུལ་དང༌། ཅཾ །གཞོན་ནུས་རོལ་རྩེད་ཇི་ལྟར་མཛད་པ་དང༌། ཆཾ །བཙུན་མོའི་འཁོར་དུ་ཇི་ལྟར་རོལ་བའི་མཛད་པའོ།
༈ དང་པོ་༼ཡུམ་གྱི་ལྷུམས་སུ་ཇི་ལྟར་ཞུགས་པ་༽ནི།
༈ འཇིག་རྟེན་ལས་ཁྱད་པར་དུ་འཕགས་པ་མཆོག་གི་མཛད་པ་ལ་གསུམ་སྟེ། ཇཾ སྐུ་རབ་ཏུ་ཇི་ལྟར་གཤེགས་པ་དང༌། ཉཾ དཀའ་བ་སྤྱད་པའི་ཚུལ་དང༌། ཏཾ བྱང་ཆུབ་ཀྱི་སྙིང་པོར་གཤེགས་པའི་མཛད་པའོ།
༈ དང་པོ་༼སྐུ་རབ་ཏུ་ཇི་ལྟར་གཤེགས་པ་༽ནི།
གཉིས་པ་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་ཚུལ་ལ་གཉིས་ཏེ། ཐཾ བདུད་ཀྱི་སྡེ་བཅོམ་པའི་མཛད་པ་དང༌། དཾ བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་མཛད་པའོ།
༈ དང་པོ་༼བདུད་ཀྱི་སྡེ་བཅོམ་པའི་མཛད་པ་༽ནི།
གཉིས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་ཚུལ་ལ་གཉིས་ཏེ། ནཾ །སངས་ཇི་ལྟར་རྒྱས་པ་དང༌། པཾ །སངས་རྒྱས་ནས་མཛད་པའི་རྣམ་པར་འཕྲུལ་པ་ཇི་ལྟར་བསྟན་པའོ།
༈ དང་པོ་༼སངས་ཇི་ལྟར་རྒྱས་པ་༽ནི།
༈ གཉིས་པ་མཛད་པའི་རྣམ་པར་འཕྲུལ་པ་ནི།
གསུམ་པ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་གསུམ་སྟེ། ཕཾ །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། བཾ །ཇི་ལྟར་བསྐོར་བ་དང༌། མཾ །སྐུ་དེས་གདུལ་བར་བྱ་བ་རྣམས་ཡོངས་སུ་རྫོགས་པར་མཛད་པ་བསྟན་པའོ།
༈ དང་པོ་༼ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་༽ནི།
ཇི་ལྟར་བསྐོར་བ་ལ་གསུམ་སྟེ། ཙཾ །དང་པོ་བདེན་པ་བཞི་དང༌། ཚཾ །གཉིས་པ་མཚན་ཉིད་མེད་པ་དང༌། ཛཾ །གསུམ་པ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོའོ།
༈ དང་པོ་༼བདེན་པ་བཞི་༽ནི།
གསུམ་པ་འབྲས་བུ་ལ་དམིགས་པ་ནི།
།གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་ཏེ། །བཞི་པ་སྒྲ་སྒྲོགས་ཀླུའི་རྒྱལ་པོས་མཆོད། །ཅེས་པས་དེ་རྣམས་ཀྱིས་མཆོད་པ་མཛད་པའོ།། ཞཾ དགྲ་བཅོམ་པ་བརྒྱ་བྱང་ཆུབ་སེམས་དཔའ་བརྒྱ། པཎྜི་ཏ་བརྒྱས་བཀའ་བསྡུ་བ་ཐ་མ་མཛད་དོ། ཟཾ དྲག་པོས་འདུལ་ལ་ཁྲོ་བོ་བཅུ། །ཕྱི་རབས་སེམས་ཅན་དོན་གྱི་ཕྱིར། །གྲུབ་པ་ཆེན་པོ་བརྒྱད་དུ་སྤྲུལ། ཞེས་གསུངས་པའོ།། འཾ ཡཾགཉིས་པ་བསྟན་པ་ཇི་ལྟར་གནས་པའི་ཚུལ་ནི། ལཾ
གསུམ་པ་བསྟན་པའི་དོན་ཉམས་སུ་བླང་བའི་ཚུལ་ནི།