ཕྱི་ནང་གཞན་གསུམ་གྱི་མཎྜལ་ཞེས་བྱ་བའི་གཞུང་དང་ས་བཅད་སྦྲགས་མ་བཞུགས་སོ།།

The Outer, Inner and Other Mandalas Combined with Its Topical Outline

ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་མཎྜལ་གྱི་གཞུང་འདིར། རྒྱུ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་ལས་གྲུབ་པ། ངོ་བོ་རིན་པོ་ཆེའི་མཎྜལ་རྒྱ་ནམ་མཁའ་ཁྱབ་ཚད་དུ་ཁྱབ་པ། དབང་ཆེན་གསེར་གྱི་ས་གཞི་སོགས་ཕྱི་ཡི་མཎྜལ་དང་། རྒྱུ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་གཟུགས་སོགས་ཀྱི་ཕུང་པོ་ལས་གྲུབ་པའི་རྩ་རླུང་ཐིག་ལེ་མཎྜལ། གྲངས་དང་རྒྱ་ཁྱོན་ཚད་མ་མཆིས་པ་བ་སྤུ་བྱེ་བའི་ལྕགས་རིས་བསྐོར་བའི་དབུས་སུ། རྩ་མཆོག་དབུ་མའི་རི་བོ་མཆོག་རབ་ལ་སོགས་པ་ནང་གི་མཎྜལ་དང་། རྒྱུ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བཞུགས་པའི་བདེ་གཤེགས་སྙིང་པོ་ངོ་བོ་གཙང་བདག་བདེ་དག་རྟག་པ་ལས་གྲུབ་པ་འདུས་མ་བྱས་པའི་དབྱིངས་ལ། རྡོ་རྗེ་དང་པད་མས་བསྐོར་བ་མཛེས་པར་བརྒྱན་པ་ཡེ་ཤེས་ལྔའི་འོད་ཟེར་ཕྱོགས་དུས་ཀུན་ཏུ་འཕྲོ་བའི་གཞལ་ཡས་ཁང་ཁམས་གསུམ་པའི་རྣམ་པ་ཅན་དྭངས་ཤིང་གསལ་བ་ལ་སོགས་པ་གཞན་གྱི་མཎྜལ་ལ་ས་བཅད་སྟབས་བདེ་ཁ་སྣོན་བཅས་བསྒྲིགས་པའོ།།

No Table of Contents Available

༄༅། །༧ཇོ་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་ཕྱི་ནང་གཞན་གསུམ་གྱི་མཎྜལ་ཞེས་བྱ་བའི་གཞུང་བཟང་འདི་ཉིད་འཆད་པ་ལ་གསུམ་སྟེ། ༡༽ཐོག་མར་དགེ་བ་བསྟན་བཅོས་ཀྱི་མཚན་སྨོས་པ། ༢༽བར་དུ་དགེ་བ་ཕྱི་ནང་གཞན་གསུམ་གྱི་མཎྜལ་འབུལ་ཚུལ་བཤད་པ། ༣༽ཐ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ཐོག་མར་དགེ་བ་བསྟན་བཅོས་ཀྱི་མཚན་སྨོས་པ་ནི།

གཉིས་པ་བར་དུ་དགེ་བ་ཕྱི་ནང་གཞན་གསུམ་གྱི་མཎྜལ་འབུལ་ཚུལ་བཤད་པ་ལ་གསུམ་སྟེ། ༡༽ཕྱིའི་མཎྜལ་འབུལ་ཚུལ་དང་། ༢༽ནང་གི་མཎྜལ་འབུལ་ཚུལ་དང་། ༣༽གཞན་མཆོག་གི་མཎྜལ་འབུལ་ཚུལ་ལོ། །དང་པོ་ཕྱིའི་མཎྜལ་འབུལ་ཚུལ་ནི།

གཉིས་པ་ནང་གི་མཎྜལ་འབུལ་ཚུལ་ནི།

གསུམ་པ་གཞན་མཆོག་གི་མཎྜལ་འབུལ་ཚུལ་ནི།

གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ་གཉིས་ཏེ། ༡༽མཛད་བྱང་སྨོས་པ་ནི།

༢༽བཀྲ་ཤིས་པའི་སྨོན་ཚིག་བརྗོད་པ་ནི།

Other Volumes in This Series: