སྨིན་གྲོལ་གླིང་དཔེ་སྐྲུན་ཁང་།

༄༅། དེ་ཡང་གངས་ཅན་ས་ཡི་ཐིག་ལེ་ལྷོ་ཕྱོགས་གཡོ་རུའི་ཆར་གཏོགས་གྲྭ་ཕྱི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནི། ཕྱི་ལོ་ ༡༦༧༠ རབ་དྲག་ལྕགས་ཁྱི་ལོར་གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེས་ཕྱག་བཏབ། ༧གོང་ས་ལྔ་པ་ཆེན་པོས་མཁོ་དགུའི་ཡོ་བྱད་ཐམས་ཅད་བསྩལ། ཐོག་མར་དགེ་འདུན་གྱི་སྡེ་གསར་བསྡུ་མཛད། དུས་བཞིའི་འཆད་ཉན་གྱི་ཆོས་གྲྭ་དང་། དཀྱིལ་འཁོར་དུ་མའི་སྒྲུབ་མཆོད། གཞི་གསུམ་གྱི་ཕྱག་བཞེས་རྣམས་ཁུངས་བཙུན་ཅིང་སྤུས་དག་པ་བཙུགས། མཆོད་རྫས་དང་ཡོ་བྱད་རྣམས་རྒྱུ་བཟང་ཞིང་བཀོད་པས་མཛེས་པ། གསང་སྔགས་ཕོ་བྲང་སོགས་གཙུག་ལག་ཁང་ནང་དུ་བཞུགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་རླབས་ཅན་མཐའ་ཡས་པ་དུ་མ་དང་བཅས། བསྟན་འགྲོའི་ཕན་བདེ་རྒྱས་པར་མཛད་པའི་ཕྲིན་ལས་བླ་ན་མེད་པ་ཨོ་རྒྱན་སངས་རྒྱས་གཉིས་པའི་རིང་ལུགས་བཀའ་གཏེར་ཟུང་འཇུག་གི་བསྟན་པ་རིན་པོ་ཆེ་ཉི་མ་བཞིན་གསལ་བར་མཛད་པ་ནས་བཟུང་། སྐུའི་སྲས་པདྨ་འགྱུར་མེད་རྒྱ་མཚོ་དང་། དྲིན་ཅན་རིན་ཆེན་རྣམ་རྒྱལ་སོགས་ཁྲི་རབས་དང་། རྒྱལ་སྲས་བསྟན་པའི་ཉི་མ། ལོ་ཙཱ་བ་དྷརྨ་ཤྲཱི་སོགས་སྨིན་གླིང་པའི་གདུང་རབས་ལས་མཆེད་པའི་མཁན་རབས་རིམ་བྱོན་རྣམས་ཀྱིས་གཙོ་བོ་འཛིན་སྐྱོང་སྤེལ་བ་ལས་སྔ་འགྱུར་བཀའ་གཏེར་ཁུངས་བཙུན་གྱི་རྒྱུན་ཐམས་ཅད་འདི་ནས་མ་བརྒྱུད་པ་མེད་པ་ལྟ་བུ་ཡིན་པས་བཀའ་གཏེར་བསྟན་པའི་ཆུ་འགོ་སྨིན་གྲོལ་གླིང་ཞེས་གྲགས།

དེ་རྗེས་བོད་ལ་དུས་འགྱུར་བྱུང་རྐྱེན་ཕྱི་ལོ་ ༡༩༦༧ ལོར་སྔ་འགྱུར་བསྟན་པའི་སྒྲོན་མེ་༧སྐྱབས་རྗེ་རྫོང་ནང་རིན་པོ་ཆེ་དཔལ་སྤྲུལ་འཇམ་དཔལ་བློ་གྲོས་དང་༧སྐྱབས་རྗེ་མཁོ་སྤྲུལ་རིན་པོ་ཆེ་འགྱུར་མེད་མདོ་རྒྱུད་རྒྱ་མཚོ་རྣམ་གཉིས་ནས་རྒྱ་གར་བྱང་ཕྱོགས་ས་ལའི་སྨན་ལྗོངས་འདིར་འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་རྟེན་དང་བརྟེན་པར་བཅས་གསར་བཞེངས་མཛད། ཕྱོགས་འདུས་དགེ་འདུན་གྱི་སྡེ་ལ་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་དང་། སྔགས་ཆོག་བཀའ་གཏེར་གྱི་སྒྲུབ་ཆེན་ཁག་གི་ཕྱག་བཞེས། ཡང་སྒོས་སྔ་འགྱུར་བའི་ལྟ་གྲུབ་ཀྱི་དགོངས་བཞེད་རྣམས་མི་ཉམས་བརྒྱུད་འཛིན་ཡོང་ཆེད་བཤད་གྲྭ་དང་སྒྲུབ་གྲྭ་གསར་འཛུགས་མཛད། ད་ཆར་༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ། རྗེ་བཙུན་མཁའ་འགྲོ་རིན་པོ་ཆེ་བཅས་ཀྱི་དབུ་ཁྲིད་འོག་དགེ་འདུན་པ་བཞི་བརྒྱ་ལྷག་ནས་མདོ་སྔགས་རིགས་གནས་དང་བཅས་པའི་གཞུང་ལ་འཆད་ཉན་དང་སྒོམ་སྒྲུབ་ལྷོད་མེད་གནང་བཞིན་པ་བཅས་སོ།།

རྒྱས་པར་སྨིན་གྲོལ་གླིང་དཔེ་སྐྲུན་ཁང་གི་གཞུང་འབྲེལ་དྲྭ་རྒྱར་གཟིགས།

སྨིན་གྲོལ་གླིང་གི་པར་སྐྲུན་ལས་རིམ་ལ་མཐུན་རྐྱེན་རམ་འདེགས་གནང་བར་ཙ་འདྲ་ཚོགས་པས་སྐུལ་འདེད་ཞུ།

སྨིན་གྲོལ་གླིང་དཔེ་སྐྲུན་ཁང་གི་དེབ་ཕྲེང་།

སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་།














སྨིན་གླིང་ལོ་ཆེན་གྱི་གསུང་།














སྨིན་གླིང་ཁྲི་པདྨ་འགྱུར་མེད་རྒྱ་མཚོའི་གསུང་།






སྨིན་གླིང་རྗེ་བཙུན་མི་འགྱུར་དཔལ་སྒྲོན་གྱི་གསུང་།