རིན་ཆེན་དཔལ་དཔེ་སྐྲུན་ཁང་།

རིན་ཆེན་དཔལ་དཔེ་སྐྲུན་ཁང་འདི་ནི་རིན་ཆེན་དཔལ་སྒྲ་སྒྱུར་ལས་འཆར་གྱི་ཡན་ལག་ཅིག་ཡིན་ཞིང་། གཙོ་བོ་འགྲོ་མགོན་ཕག་མོ་གྲུ་པ་དང་དཔལ་འབྲི་གུང་བཀའ་བརྒྱུད་པའི་ལུགས་ཀྱི་གཞུང་ལུགས་དག་གི་འགྲེལ་པ་དང་། སྒྲུབ་བརྒྱུད་གོང་མ་དག་གི་སྒོམ་ཁྲིད། དེ་བཞིན་ཚད་ལྡན་འདོན་ཆོག་སོགས་ཡིག་བསྒྱུར་བྱ་རྒྱུར་དམིགས་ཡུལ་བཅང་སྟེ་བཙུགས་པ་ཞིག་ཡིན། པར་སྐྲུན་ཁང་གི་རྩ་བའི་ལས་གཞི་ནི་བོད་ཡིག་ནང་བཞུགས་པའི་མ་དཔེ་དང་། ཡིག་བསྒྱུར་བྱས་པའི་དཔེ་ཆ་དག་པར་སྐྲུན་དང་འཕྲུལ་དེབ་ཏུ་བསྒྲིག་རྒྱུ་བཅས་ཡིན། ལས་གཞི་འདི་ནི་ཐོག་མར་སྤྱི་ལོ་༢༠༡༧ ལོར་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཆེ་ཚང་ཕྲིན་ལས་ལྷུན་གྲུབ་མཆོག་གིས་སྤྱིར་སྒྲུབ་བརྒྱུད་བཀའ་བརྒྱུད་པའི་རྩ་ཆེའི་གསུང་རབ་དག་མི་ཉམས་རྒྱུད་འཛིན་བྱེད་རྒྱུ་དང་། སྒོས་འཛམ་གླིང་ནང་ནང་ཆོས་ལ་དོན་གཉེར་ཅན་དང་ཉམས་ལེན་པ་དག་ལ་དཔེ་ཆ་མཁོ་སྒྲུབ་བྱེད་རྒྱུ་མ་ཟད། མཁས་དབང་དག་ལ་ཉམས་ཞིབ་ཀྱི་མཐུན་རྐྱེན་ཏུ་དམིགས་དེ་དབུ་འཛུགས་གནང་བ་ཞིག་ཡིན།།

རྒྱས་པར་རིན་ཆེན་དཔལ་གྱི་གཞུང་འབྲེལ་དྲྭ་རྒྱར་གཟིགས།

འབྲི་གུང་བཀའ་བརྒྱུད་རིན་ཆེན་དཔལ་དཔེ་སྐྲུན་ཁང་གི་པར་སྐྲུན་ལས་རིམ་ལ་མཐུན་རྐྱེན་རམ་འདེགས་གནང་བར་ཙ་འདྲ་ཚོགས་པས་སྐུལ་འདེད་ཞུ།

རིན་ཆེན་དཔལ་དཔེ་སྐྲུན་ཁང་གི་དེབ་ཕྲེང་།

དམ་ཅོས་དགོངས་པ་གཅིག་པའི་འགྲེལ་པ།






༧སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་གསུང་།









༧འགྲོ་མགོན་ཕག་མོ་གྲུ་པའི་གསུང་།





ཕྱག་རྒྱ་ཆེན་པོ་ལྔ་ལྡན།