ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ཁྲིད་ཀྱི་མན་ངག་རྡོ་རྗེའི་ཚིག་རྐང་།

Vajra Verses: A Guide to the Fivefold Mahāmudrā

གསང་ཆེན་ངེས་དོན་མཐར་ཐུག་གི་གདམས་པ་ཕྱག་རྒྱ་ཆེན་པོ་ལྔ་ལྡན་རྡོ་རྗེའི་ཚིག་རྐང་འདི་མཛད་པ་པོ་༧རྒྱལ་བ་འབྲི་གུང་པ་རིག་འཛིན་ཆོས་ཀྱི་གྲགས་པ་ཡིན། ཕྱག་ཆེན་ལྔ་ལྡན་ཞེས་པའི་ཁྲིད་རིམ་དེ་ལ་ལམ་གྱི་རིམ་པའི་ས་བཅད་དང་སྦྲེལ་བའི་ཁྲིགས་ཀ་སྟེ། ནང་གསེས་ཀྱི་དབྱེ་བའི་རིམ་པ་ཅི་ཡོད་དང་། དེ་དག་མདོར་བསྟན། རྒྱས་བཤད། གནད་བསྡུས་ཀྱི་གོ་རིམ་མ་ནོར་བར་གསལ་བར་བསྟན་པ་ནི་ཁྲིད་གཞུང་འདི་ཡི་ཁྱད་ཆོས་གཙོ་བོ་ཡིན། ཁྲིད་གཞུང་འདི་ལྟར་བྲིས་པའི་དགོས་པ་ཡང་། དེང་སང་ལྔ་ལྡན་ལ་མིང་གཅིག་ཀྱང་དོན་མི་གཅིག་པ་དུ་མ་ཞིག་སྣང་བའི་མུན་སྤྲུལ་སེལ་བ་དང་། རང་གི་དྲན་པ་གསོ་བ་དང་། སྐལ་ལྡན་འགའ་ལ་ཕན་པ་དང་། ༧མགོན་པོ་འབྲི་གུང་པའི་བཞེད་པ་མི་འཆོལ་བའི་སླད་དུ་ཞེས་བཀོད་ཡོད་པས་དགོས་པ་གང་ཡིན་གསལ་པོར་བསྟན་ཡོད།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།