བན་ཆེན་ཕུན་ཚོགས་དར་རྒྱས་གླིང་།

བཤད་སྒྲུབ་བསྟན་པའི་མཛེས་རྒྱན་མཚུངས་ཟླ་མ་མཆིས་པ་རྣལ་འབྱོར་གྱི་དབང་ཕྱུག་འདན་མ་གྲུབ་ཆེན་སངས་རྒྱས་མཉན་པ་བཀྲ་ཤིས་དཔལ་འབྱོར་གྱི་སྐུའི་གསེར་རིའི་ཕྲེང་བ་རིམ་པར་བྱོན་པ་རྣམས་ཀྱི་གདན་ས་གཞི་མ་ཁ་བ་གངས་ཅན་ལྗོངས་ཀྱི་སྒ་བན་ཆེན་དགོན་དང་། བྱེས་ཀྱི་གདན་ས་གཉིས་པ་བལ་ཡུལ་འཕགས་ཤིང་བན་ཆེན་དགོན་དུ་ལེགས་བཤད་རྒྱུན་སྐྱོང་ཁང་དང་། ཡང་ལེ་ཤོད་དུ་བན་ཆེན་བཤད་གྲྭར་གསུང་རབ་རྒྱུན་སྤེལ་ཁང་ཞེས་པའི་དཔེ་མཛོད་ཁག་གཉིས་གསར་འཛུགས་ཀྱིས། ༧སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་བསྟན་དགའ་རིན་པོ་ཆེ་རྣམ་གཉིས་ཀྱི་གསུང་རྩོམ་དང་། དེ་བཞིན་གསུང་ཆོས་རྣམས་ཡི་གེར་ཕབ་ཅིང་པར་དུ་བསྐྲུན་ཏེ་རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་བ་དང་། དེ་བཞིན་དཔེ་རྒྱུན་དཀོན་པ་རྣམས་ཀྱང་པར་སྐྲུན་ཞུ་བཞིན་ལགས་སོ། །

རྒྱས་པར་བན་ཆེན་དགོན་པའི་གཞུང་འབྲེལ་དྲྭ་རྒྱར་གཟིགས།

བན་ཆེན་དགོན་པའི་པར་སྐྲུན་ལས་རིམ་ལ་མཐུན་རྐྱེན་རམ་འདེགས་གནང་བར་ཙ་འདྲ་ཚོགས་པས་སྐུལ་དེད་ཞུ།

བན་ཆེན་དཔེ་ཕྲེང་།

བན་ཆེན་བཤད་གྲྭ།











བན་ཆེན་དཔེ་སྐྲུན།