དཀར་ཆག
གླེང་བརྗོད།
མཁན་པོ་གཞན་ཕན་ཆོས་ཀྱི་སྣང་བའི་མཛད་རྣམ་མདོར་བསྡུས།
[ཀ] བཤད་བྱའི་ཡན་ལག་བཤད་པ།
[༡] སློབ་དཔོན་གྱིས་ཆོས་ཇི་ལྟར་འཆད་ཚུལ།
༡ སློབ་དཔོན་སངས་རྒྱས་ཀྱིས་ཆོས་ཇི་ལྟར་འཆད་ཚུལ།
༢ སློབ་དཔོན་དགྲ་བཅོམ་པས་ཆོས་ཇི་ལྟར་འཆད་ཚུལ།
༣ སློབ་དཔོན་མཁས་པ་པཎྜི་ཏས་ཆོས་ཇི་ལྟར་འཆད་ཚུལ།
[༢] སློབ་མས་ཉན་ཚུལ།
{༡} ཀུན་སློང་།
{༢} ཀུན་སྤྱོད།
(༡) སྤང་བྱའི་ཀུན་སྤྱོད།
༡ སྣོད་ཀྱི་སྐྱོན་གསུམ་བསྟན་པ།
༢ དྲི་མ་དྲུག་བཤད་པ།
༣ མི་འཛིན་པ་ལྔ་བཤད་པ།
(༢) བླང་བྱའི་ཀུན་སྤྱོད།
༡ འདུ་ཤེས་བཞི་བསྟན་པ།
༢ ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་ཚུལ་བཤད་པ།
༣ སྤྱོད་ལམ་གཞན་བསྟན་པ།
[༣] དཔོན་སློབ་གཉིས་ཀས་འཆད་ཉན་ཇི་ལྟར་བགྱིད་ཚུལ།
༡ ཆིངས་ཆེན་པོ་ལྔས་འཆད་ཚུལ།
༢ ཆིངས་གསུམ་གྱིས་འཆད་ཚུལ།
[ཁ] བཤད་བྱ་དངོས་བཤད་པ།
{ཀ} བསྟན་བཅོས་ཀྱི་མཚན།
༡ མཚན་དངོས་བཤད་པ།
༢ ཞར་བྱུང་དུ་འགྱུར་ཕྱག
{ཁ} མཚན་དེ་ལྡན་གྱི་གཞུང་དངོས་བཤད་པ།
(ཀ) བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ།
༡ མཆོད་པར་བརྗོད་པ།
༢ བརྩམ་པར་དམ་བཅའ།
༣ ཁེངས་པ་སྐྱུངས་པ།
༤ སྤྲོ་བ་བསྐྱེད་པ།
(ཁ) བརྩམ་བྱ་བསྟན་བཅོས་ལུས་ཀྱི་རང་བཞིན་དངོས།
ལེའུ་དང་པོ། བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པ།
༼༡༽ ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་མ་སྐྱེས་པ་བསྐྱེད་པར་བྱེད་པའི་ལེའུ་གསུམ་བཤད་པ།
༡༽ ཕན་ཡོན་གྱི་སྒོ་ནས་བྲོད་པ་སྐྱེད་པའི་ལེའུ།
[ཀ] གཞུང་།
[༡] བྱང་ཆུབ་སེམས་ཀྱི་རྟེན་བཤད།
༡ ལུས་རྟེན་བཤད་པ།
༢ སེམས་རྟེན་བཤད་པ།
[༢] ཕན་ཡོན་བཤད་པ།
{༡} སེམས་བསྐྱེད་སྤྱི་ཡི་ཕན་ཡོན།
(༡) དགེ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕན་ཡོན།
(༢) མིང་དོན་གནས་འགྱུར་བའི་ཕན་ཡོན།
(༣) ཕན་ཡོན་དཔེའི་སྒོ་ནས་བསྟན་པ།
༡ གསེར་འགྱུར་གྱི་དཔེས་སངས་རྒྱས་ཐོབ་པར་བསྟན་པ།
༢ རིན་པོ་ཆེའི་དཔེས་དོན་ཆེ་བར་བསྟན་པ།
༣ འབྲས་བུ་ཅན་གྱི་ལྗོན་ཤིང་གི་དཔེས་དགེ་རྩ་མི་ཟད་ཅིང་གོང་དུ་འཕེལ་བར་བསྟན་པ།
༤ སྐྱེལ་མ་དཔའ་བོའི་དཔེས་ངེས་པའི་སྡིག་པ་ཟིལ་གྱིས་གནོན་པར་བསྟན་པ།
༥ དུས་མཐའི་མེའི་དཔེས་མ་ངེས་པའི་སྡིག་པ་དྲུང་ནས་འབྱིན་པར་བསྟན་པ།
༦ འདིར་མ་བཤད་པ་གཞན་དུ་ཞལ་འཕངས་པ།
{༢} སྨོན་འཇུག་སོ་སོའི་ཕན་ཡོན།
(༡) དབྱེ་བ།
(༢) ཕན་ཡོན་གྱི་ཁྱད་པར།
(༣) ལུང་རིགས་ཀྱི་སྒོ་ནས་སྒྲུབ་པ།
༡) ལུང་གི་སྒོ་ནས་སྒྲུབ་པ།
༢) རིགས་པའི་སྒོ་ནས་སྒྲུབ་པ།
༡ སྨོན་པའི་ཕན་ཡོན་རིགས་པས་སྒྲུབ་པ།
༢ འཇུག་པའི་ཕན་ཡོན་རིགས་པས་སྒྲུབ་པ།
{༣} སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་གི་ཆེ་བ་བཤད་པ།
[ཁ] ལེའུའི་མཚན།
ལེའུ་གཉིས་པ། སྡིག་པ་བཤགས་པ།
༢༽ མི་མཐུན་ཕྱོགས་ཀྱི་སྡིག་པ་བཤགས་པའི་ལེའུ།
[ཀ] གཞུང་།
[༡] མཆོད་པའི་ཡན་ལག
{༡} དངོས་སུ་འབྱོར་བའི་མཆོད་པ།
༡ བདག་པོས་ཡོངས་སུ་བཟུང་བའི་མཆོད་པ།
༢ མ་བཟུང་བའི་མཆོད་པ།
༣ ལུས་དབུལ་བའི་མཆོད་པ།
{༢} ཡིད་ཀྱིས་སྤྲུལ་པའི་མཆོད་པ།
༡ ཁྲུས་དང་སྐུ་ཕྱི་སོགས་ཀྱི་མཆོད་པ།
༢ ཉེར་སྤྱོད་ཀྱི་མཆོད་པ།
{༣} སྨོན་ལམ་སྟོབས་ཀྱི་མཆོད་པ།
{༤} བླ་ན་མེད་པའི་མཆོད་པ།
{༥} བསྟོད་པ་དབྱངས་ཀྱི་མཆོད་པ།
[༢] ཕྱག་འཚལ་བའི་ཡན་ལག
[༣] སྐྱབས་སུ་འགྲོ་བའི་ཡན་ལག
[༤] སྡིག་པ་བཤགས་པའི་ཡན་ལག།
{༡} བཤགས་ཡུལ་མངོན་དུ་བྱ་བ།
{༢} བཤགས་པ་དངོས་བཤད་པ།
(༡) སུན་འབྱིན་པའི་སྟོབས།
(༢) རྟེན་གྱི་སྟོབས།
(༣) གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས།
༡ གཉེན་པོ་བརྟེན་དགོས་པའི་རྒྱུ་མཚན།
༢ གཉེན་པོ་དངོས།
(༤) སོར་ཆུད་པའི་སྟོབས།
[ཁ] ལེའུའི་མཚན།
ལེའུ་གསུམ་པ། བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ།
༣༽ མཐུན་ཕྱོགས་བྱང་སེམས་ཡོངས་བཟུང་གི་ལེའུ།
[ཀ] གཞུང་།
[༡] སྦྱོར་བ་སྔོན་དུ་འགྲོ་བའི་ཆོས།
{༡} བྱང་སེམས་རང་རྒྱུད་ལ་བསྐྱེད་པའི་ལྷན་ཅིག་བྱེད་རྐྱེན་ཚོགས་བསགས་པ།
༡ རྗེས་སུ་ཡི་རང་བའི་ཡན་ལག
༢ ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག
༣ མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པའི་ཡན་ལག
༤ དགེ་རྩ་གཞན་དོན་དུ་བསྔོ་བའི་ཡན་ལག
{༢} ཉེར་ལེན་གྱི་རྒྱུ་བློ་སྦྱོང་བ།
༡ བློ་སྦྱོང་བ་དངོས།
༢ དེའི་འཐད་པ་དགོད་པ།
༣ ལུས་བྱེ་བྲག་ཏུ་གཏོང་བ།
༤ བློ་སྦྱོང་གི་འབྲས་བུ་གཞན་དོན་དུ་སྨོན་ལམ་བཏབ་པ།
[༢] དངོས་གཞི་དམ་བཅའ་བ།
[༣] མཇུག་རང་གཞན་དགའ་བ་སྒོམ་པ།
༡ རང་དགའ་བ་སྒོམ་པ།
༢ གཞན་དགའ་བ་སྒོམ་དུ་གཞུག་པ།
[ཁ] ལེའུའི་མཚན།
ལེའུ་བཞི་པ། བག་ཡོད་བསྟན་པ།
༼༢༽ སྐྱེས་པ་མི་ཉམས་པར་བྱེད་པའི་ལེའུ་གསུམ་བཤད་པ།
༡༽ འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་པ་བག་ཡོད་ཀྱི་ལེའུ།
[ཀ] གཞུང་།
[༡] མདོར་བསྟན་པ།
[༢] རྒྱས་པར་བཤད་པ།
{༡} སྒྲུབ་བྱ་བསླབ་པ་ལ་བསམས་ཏེ་བག་བྱ་བ།
༡ བསམ་པ་བྱང་ཆུབ་སེམས་བསྐྱེད་མི་ཉམས་པར་བསྲུང་བ།
༢ སྦྱོར་བ་བརྩོན་འགྲུས་མི་ཉམས་པར་བསྲུང་བ།
{༢} རྟེན་དལ་འབྱོར་ལ་བསམས་ཏེ་བག་བྱ་བ།
༡ དལ་འབྱོར་རྙེད་དཀའི་ཚུལ་ལ་བསམས་ཏེ་བག་བྱ་བ།
༢ ངན་སོང་ལས་ཐར་དཀའ་བ་ལ་བསམས་ཏེ་བག་བྱ་བ།
༣ དལ་འབྱོར་ཐོབ་དུས་དགེ་བ་ལ་འབད་དགོས་པར་བསྟན་པ།
{༣} སྤངས་བྱ་ཉོན་མོངས་ལ་བསམས་ཏེ་བག་བྱ་བ།
༡ ཉོན་མོངས་པའི་ཉེས་དམིགས་བཤད་པ།
༢ ཉོན་མོངས་པ་སྤངས་པའི་དཀའ་སྤྱད་བཟོད་པ།
༣ ཉོན་མོངས་ཇི་ལྟར་སྤངས་ཚུལ།
[ཁ] ལེའུའི་མཚན།
ལེའུ་ལྔ་པ། ཤེས་བཞིན་བསྲུང་བར་བྱ་བ།
༢༽ རང་གི་སྒོ་གསུམ་ལ་བརྟགས་པ་ཤེས་བཞིན་གྱི་ལེའུ།
[ཀ] གཞུང་།
[༡] བསླབ་པ་བསྲུང་བའི་ཐབས་སུ་སེམས་བསྲུང་བ།
{༡} མདོར་བསྟན་པ།
{༢} རྒྱས་པར་བཤད་པ།
༡ གནོད་པ་ཐམས་ཅད་སེམས་ལས་བྱུང་ཚུལ།
༢ དགེ་བ་ཐམས་ཅད་སེམས་ལས་བྱུང་ཚུལ།
༣ དེས་ན་ངེས་པར་སེམས་བསྲུང་དགོས་པར་བསྟན་པ།
[༢] སེམས་བསྲུང་བའི་ཐབས་སུ་དྲན་ཤེས་བརྟན་ཚུལ།
{༡} མདོར་བསྟན་པ།
{༢} རྒྱས་པར་བཤད་པ།
༡ ཤེས་བཞིན་མེད་པའི་ཉེས་དམིགས་བཤད་པ།
༢ དྲན་པ་བརྟན་ཐབས་དངོས་བཤད་པ།
[༣] དྲན་ཤེས་ཀྱི་སྒོ་ནས་སེམས་སྦྱོང་གི་སྤྱོད་པ་ལ་བསླབ་ཚུལ།
{༡} ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ་བསླབ་ཚུལ།
༡ སྒོ་གསུམ་གྱི་སྤྱོད་པ་དག་པར་བྱ་བ།
༢ བསླབ་པ་མི་ཉམས་པར་བསྲུང་བ་།
{༢} དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ་བསླབ་ཚུལ།
༡ བསླབ་པ་ལ་མི་སློབ་པའི་རྒྱུ་ལུས་ལ་ཆགས་པ་སྤངས་དགོས་པར་བསྟན་པ།
༢ བསྒྲུབ་པའི་ཐབས་ལ་མཁས་པར་བྱ་བ།
{༣} སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་བསླབ་ཚུལ།
༡ གཞན་དོན་ལྷུར་ལེན་པ།
༢ ཟང་ཟིང་དང་ཆོས་ཀྱིས་བསྡུ་བ།
༣ ཕ་རོལ་གྱི་མ་དད་པ་བསྲུང་པ།
[༤] བསྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་གཞན་བསྟན་པ།
༡ བསྒྲུབ་པ་ཕུན་སུམ་ཚོགས་པའི་ཡན་ལག་དངོས།
༢ ངོ་བོ་ངོས་བཟུང་ནས་ལེའུའི་དོན་བསྡུ་བ།
[ཁ] ལེའུའི་མཚན།
ལེའུ་དྲུག་པ། བཟོད་པ་བསྟན་པ།
༣༽ བྱང་ཆུབ་སེམས་ཀྱི་བྱེ་བྲག་གི་མི་མཐུན་ཕྱོགས་ཁོང་ཁྲོའི་གཉེན་པོ་བཟོད་པའི་ལེའུ།
[ཀ] གཞུང་།
[༡] ཁོང་ཁྲོ་སྤངས་པ།
[༢] བཟོད་པ་བསྒོམ་པའི་ཚུལ།
{༡} བཟོད་ཡུལ་ངོས་བཟུང་བ།
{༢} བཟོད་པ་བསྒོམ་པ་དངོས།
(༡) མི་འདོད་པ་བྱེད་པ་ལ་བཟོད་པ་སྒོམ་པ།
༡) བདག་ལ་སྡུག་བསྔལ་བྱེད་པ་ལ་བཟོད་པ།
༡ སྡུག་བསྔལ་དང་ལེན་གྱི་བཟོད་པ།
༢ ཆོས་ལ་ངེས་སེམས་ཀྱི་བཟོད་པ།
༣ གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ།
༢) བདག་ལ་བརྙས་སོགས་བྱེད་པ་ལ་བཟོད་པ།
༣) བདག་གི་བཤེས་ལ་མི་འདོད་པ་བྱེད་པ་ལ་བཟོད་པ།
༤) བདག་གི་དགྲ་ལ་ལེགས་པར་བྱེད་པ་ལ་བཟོད་པ།
(༢) འདོད་པའི་གེགས་བྱེད་པ་ལ་བཟོད་པ་བསྒོམ་པ།
༡ དགྲ་བོའི་མི་འདོད་པའི་གེགས་བྱེད་པ་ལ་བཟོད་པ་སྒོམ་པ།
༢ བདག་དང་བདག་གི་བཤེས་ལ་འདོད་པའི་བགེགས་བྱེད་པ་ལ་བཟོད་པ་བསྒོམ་པ།
[༣] སེམས་ཅན་ལ་གུས་པར་བྱ་བ།
༡ བསོད་ནམས་ཀྱི་ཞིང་དུ་བསམས་ཏེ་གུས་པར་བྱ་བ།
༢ རྒྱལ་བ་དགྱེས་པ་ལ་བསམས་ཏེ་གུས་པར་བྱ་བ།
༣ ཕན་གནོད་ཀྱི་འབྲས་བུ་ལ་བསམས་ཏེ་གུས་པར་བྱ་བ།
[ཁ] ལེའུའི་མཚན།
ལེའུ་བདུན་པ། བརྩོན་འགྲུས་བསྟན་པ།
༼༣༽ མི་ཉམས་པར་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ལེའུ་གསུམ་བཤད་པ།
༡༽ ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་གོང་ནས་གོང་དུ་འཕེལ་བའི་ཐབས་སམ་གྲོགས་སུ་གྱུར་པ་བརྩོན་འགྲུས་ཀྱི་ལེའུ།
[ཀ] གཞུང།
[༡] བརྩོན་འགྲུས་བརྩོམ་དགོས་པའི་རྒྱུ་མཚན་མདོར་བསྟན་པ།
[༢] ཇི་ལྟར་རྩོམ་ཚུལ་རྒྱས་པར་བཤད་པ།
{༡} བརྩོན་འགྲུས་ཀྱི་ངོ་བོ་ངོས་བཟུང་བ།
{༢} བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སྤངས་བ།
(༡) ལེ་ལོ་རྒྱུ་འབྲས་དང་བཅས་པ་ངོས་བཟུང་བ།
(༢) དེ་ཇི་ལྟར་སྤོང་ཐབས་ཀྱི་གཉེན་པོ་བཤད་པ།
༡ སྙོམ་ལས་འཛིན་པའི་ལེ་ལོའི་གཉེན་པོ་སྒོམ་ཚུལ།
༢ བྱ་བ་ངན་ཞེན་གྱི་ལེ་ལོའི་གཉེན་པོ་སྒོམ་ཚུལ།
༣ སྒྱིད་ལུགས་བདག་ཉིད་བརྙས་པའི་ལེ་ལོའི་གཉེན་པོ་སྒོམ་ཚུལ།
{༣} མཐུན་ཕྱོགས་སྒྲུབ་པ།
(༡) མདོར་བསྟན་པ།
(༢) རྒྱས་པར་བཤད་པ།
༡) དཔུང་བཞི་བསགས་པ།
༼༡༽ མོས་པའི་དཔུང་བཤད་པ།
༼༢༽ བརྟན་པའམ་ང་རྒྱལ་གྱི་དཔུང་བཤད་པ།
༡༽ སྤྱིར་བཤད་པ།
༢༽ བྱེ་བྲག་ཏུ་བཤད་པ།
༡ ལས་ཀྱི་ང་རྒྱལ་བསྒོམ་ཚུལ།
༢ ནུས་པའི་ང་རྒྱལ་བསྒོམ་ཚུལ།
༣ ཉོན་མོངས་པའི་ང་རྒྱལ་བསྒོམ་ཚུལ།
༼༣༽ དགའ་བའི་དཔུང་བཤད་པ།
༼༤༽ དོར་བའི་དཔུང་བཤད་པ།
༢) སྟོབས་གཉིས་བསྐྱེད་ཚུལ་བཤད་པ།
༡ ལྷུར་ལེན་གྱི་སྟོབས།
༢ དབང་བསྒྱུར་གྱི་སྟོབས།
[ཁ] ལེའུའི་མཚན།
ལེའུ་བརྒྱད་པ། བསམ་གཏན་བསྟན་པ།
༢༽ ཀུན་རྫོབ་སེམས་བསྐྱེད་གོང་ནས་གོང་དུ་འཕེལ་བར་བྱེད་པ་བསམ་གཏན་གྱི་ལེའུ།
[ཀ] གཞུང་།
[༡] མཚམས་སྦྱོར་བའི་སྒོ་ནས་མདོར་བསྟན་པ།
[༢] བསམ་གཏན་གྱི་མི་མཐུན་ཕྱོགས་སྤངས་པ།
{༡} མདོར་བསྟན་པ།
{༢} རྒྱས་བཤད་པ།
(༡) འཇིག་རྟེན་སྤངས་བ།
༡ འཇིག་རྟེན་སྤངས་དགོས་པའི་རྒྱུ་མཚན་བཤད་པ།
༢ ནང་སེམས་ཅན་གྱི་འཇིག་རྟེན་ལ་ཆགས་པ་སྤངས་པར་བྱ་བ།
༣ ཕྱི་རྙེད་སོགས་ཀྱི་འཇིག་རྟེན་ལ་སྲེད་པ་སྤངས་པར་བྱ་བ།
༤ སྤངས་ནས་དབེན་པ་བརྟེན་ཚུལ་བཤད་པ།
(༢) རྣམ་རྟོག་དོར་བ།
༡) མདོར་བསྟན་པ།
༢) རྒྱས་བཤད་པ།
༼༡༽ ནང་བུད་མེད་ཀྱི་སྲེད་པ་སྤངས་པ།
༡ རྒྱུ་བསྒྲུབ་དཀའ་བར་བསམ་པ།
༢ ངོ་བོ་མི་གཙང་བ་ཡིན་པར་བསམ་པ།
༣ འབྲས་བུ་གནོད་པ་མང་བར་བསམ་པ།
༼༢༽ ཕྱི་རྙེད་སོགས་ཀྱི་སྲེད་པ་སྤངས་བ།
༼༣༽ དབེན་པའི་ཡོན་ཏན་དྲན་པ།
[༣] བསམ་གཏན་སྒོམ་པ་དངོས།
༡) མཚམས་སྦྱར་ཏེ་མདོར་བསྟན་པ།
༢) བསམ་གཏན་སྒོམ་ཚུལ་རྒྱས་པར་བཤད་པ།
༼༡༽ བདག་གཞན་མཉམ་པ་བསྒོམ་ཚུལ།
༡༽ མདོར་བསྟན་པ།
༢༽ རྒྱས་པར་བཤད་པ།
༡ མཉམ་པ་ཇི་ལྟར་བསྒོམ་ཚུལ།
༢ དེ་ལ་རྩོད་པ་སྤངས་པ།
༣ དེ་ལྟར་གོམས་པའི་ཕན་ཡོན།
༣༽ དོན་བསྡུ་བ།
༼༢༽ བདག་གཞན་བརྗེ་བ་བསྒོམ་ཚུལ།
༡༽ རྒྱུ་མཚན་བརྗོད་པས་མདོར་བསྟན།
༢༽ དེ་སྒོམ་ཚུལ་རྒྱས་པར་བཤད་པ།
༡ བརྗེ་ཚུལ་སྤྱིར་བསྟན་པ།
༡ གཞན་དང་དུ་བླང་བ།
༢ བདག་གཅེས་འཛིན་དོར་བ།
༣ བདག་གཞན་གཙོ་བོར་བྱས་པའི་སྐྱོན་ཡོན་བཤད་པ།
༤ དེས་ན་ངེས་པར་བརྗེ་དགོས་པར་བསྟན་པ།
༢ གཉེན་པོའི་ཁྱད་པར་བྱེ་བྲག་ཏུ་བསྒོམ་པ།
༡] མདོར་བསྟན་པ།
༢] རྒྱས་པར་བཤད་པ།
༡ དམན་པ་དང་བརྗེས་ནས་ཕྲག་དོག་སྒོམ་པ།
༢ མཉམ་པ་དང་བརྗེས་ནས་འགྲན་སེམས་སྒོམ་པ།
༣ ལྷག་པ་དང་བརྗེས་ནས་ང་རྒྱལ་སྒོམ་པ།
༣ བརྗེས་ནས་ཇི་ལྟར་བསྒྲུབ་པ།
༡] འཇམ་པོའི་སྒོ་ནས་གདམས་པ།
༢] རྩུབ་མོའི་སྒོ་ནས་ཚར་གཅོད་པ།
༡ ཡིད་ཚར་གཅོད་པ།
༢ ལུས་ཚར་གཅོད་པ།
༣) ཏིང་ངེ་འཛིན་འགྲུབ་པའི་ཐབས་ལ་གདམས་པ།
[ཁ] ལེའུའི་མཚན།
ལེའུ་དགུ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ།
༣༽ དོན་དམ་སེམས་བསྐྱེད་གོང་ནས་གོང་དུ་འཕེལ་བར་བྱེད་པ་ཤེས་རབ་ཀྱི་ལེའུ།
[ཀ] གཞུང།
[༡] ཤེས་རབ་བསྐྱེད་པ་མདོར་བསྟན་པ་།
[༢] དེ་རྒྱས་པར་བཤད་པ།
{༡} ལྟ་བ་གཏན་ལ་ཕབ་པ།
(༡) བདེན་གཉིས་ཀྱི་རྣམ་པར་གཞག་པ།
༡ བདེན་གཉིས་ཀྱི་དབྱེ་བ།
༢ བདེན་གཉིས་ཀྱི་མཚན་ཉིད།
༣ བདེན་གཉིས་གཏན་ལ་འབེབས་པའི་གང་ཟག
(༢) དེ་ལ་རྩོད་པ་སྤངས་པ།
༡) གཞི་བདེན་གཉིས་ལ་རྩོད་པ་སྤངས་པ།
༡ འཇིག་རྟེན་ཕལ་པའི་རྩོད་སྤངས།
༢ ཉན་ཐོས་རྣམས་ཀྱི་རྩོད་སྤངས།
༣ སེམས་ཙམ་རྣམས་ཀྱི་རྩོད་པ་སྤངས་པ།
༢) ལམ་སྟོང་ཉིད་ལ་རྩོད་པ་སྤངས་པ།
༡ མདོར་བསྟན་པ།
༢ རྒྱས་པར་བཤད་པ།
༣) འབྲས་བུ་གཞན་དོན་ལ་རྩོད་པ་སྤངས་པ།
(༣) ཐེག་ཆེན་མཆོག་ཏུ་སྒྲུབ་པ།
༡) ལུང་ཐེག་ཆེན་བཀར་སྒྲུབ་པ།
༢) ལམ་སྟོང་ཉིད་གཉེན་པོར་སྒྲུབ་པ།
{༢} སྒོམ་པས་ཉམས་སུ་བླངས་པ།
(༡) གང་ཟག་གི་བདག་མེད་སྒོམ་ཚུལ།
༡) ལྷན་སྐྱེས་ཀྱི་བདག་སྟོང་པར་སྒོམ་ཚུལ།
༢) ཀུན་བཏགས་ཀྱི་བདག་སྟོང་པར་སྒོམ་ཚུལ།
༼༡༽ བདག་ཤེས་པར་འདོད་པ་དགག་པ།
༼༢༽ བདག་བེམ་པོར་འདོད་པ་དགག་པ།
༼༣༽ བདག་མེད་པའི་དོན་ལ་རྩོད་པ་སྤངས་པ།
༡ བདག་མེད་ན་ལས་འབྲས་མི་འཐད་པའི་རྩོད་སྤངས།
༢ བདག་མེད་ན་སྙིང་རྗེ་མི་འཐད་པའི་རྩོད་སྤངས།
༣ བཏགས་པའི་བདག་མི་འགོག་པར་བསྟན་པ།
(༢) ཆོས་ཀྱི་བདག་མེད་སྒོམ་ཚུལ་བཤད་པ།
༡) ལུས་དྲན་པ་ཉེ་བར་བཞག་པ།
༡ ལུས་སྤྱིར་བརྟགས་པ།
༢ ཡན་ལག་བྱེ་བྲག་ཏུ་བརྟགས་པ།
༣ དེས་ན་ལུས་ལ་ཆགས་པ་སྤངས་དགོས་པར་བསྟན་པ།
༢) ཚོར་བ་དྲན་པ་ཉེ་བར་བཞག་པ།
༡ ཚོར་བའི་ངོ་བོ་ལ་བརྟགས་པ།
༢ ཚོར་བའི་རྒྱུ་ལ་བརྟགས་པ།
༣ ཚོར་བའི་འབྲས་བུ་ལ་བརྟགས་པ།
༤ ཚོར་བ་པོ་ལ་བརྟགས་པ།
༣) སེམས་དྲན་པ་ཉེ་བར་བཞག་པ།
༡ སེམས་རང་བཞིན་མེད་པར་བརྟགས་པ།
༢ སེམས་སྐྱེ་བ་མེད་པར་བརྟགས་པ།
༤) ཆོས་དྲན་པ་ཉེ་བར་བཞག་པ་སྒོམ་ཚུལ།
༼༡༽ ཆོས་དྲན་པ་ཉེར་བཞག་དངོས་བཤད་པ།
༼༢༽ དེ་ལ་རྩོད་པ་སྤངས་པ།
༡ བདེན་གཉིས་མི་འཐད་པའི་རྩོད་སྤངས།
༢ གཏན་ཚིགས་མེད་པའི་རྩོད་སྤངས།
༣ རྣམ་དཔྱོད་ཐུག་མེད་དུ་འགྱུར་བའི་རྩོད་སྤངས།
{༣} གཏན་ཚིགས་ཀྱིས་སྒྲོ་འདོགས་བཅད་པ།
(༡) དངོས་པོར་སྨྲ་བའི་སྒྲུབ་བྱེད་དགག་པ།
(༢) སྟོང་པར་སྨྲ་བའི་སྒྲུབ་བྱེད་བཀོད་པ།
༡) རྒྱུ་ལ་དཔྱོད་པ་རྡོ་རྗེའི་གཟེག་མ།
༼༡༽ རྒྱུ་མེད་ལས་སྐྱེ་བར་འདོད་པ་དགག་པ།
༼༢༽ གཞན་ལས་སྐྱེ་བར་འདོད་པ་དགག་པ།
༡༽ གཞན་མི་རྟག་པ་ལས་སྐྱེ་བར་འདོད་པ།
༢༽ རྟག་པ་ལས་སྐྱེ་བར་འདོད་པ།
༣༽ བདག་ལས་སྐྱེ་བར་འདོད་པ་དགག་པ།
༡ གཙོ་བོ་དགག་པ།
༢ བདག་སྐྱེ་དངོས་དགག་པ།
༤༽ དོན་བསྡུ་བ།
༼༢༽ ངོ་བོ་ལ་དཔྱོད་པ་རྟེན་འབྲེལ་ཆེན་མོ།
༼༣༽ འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག
{༤} སྟོང་ཉིད་རྟོགས་པའི་བྱེད་ལས།
༡ རང་དོན་དུ་ཆོས་བརྒྱད་མགོ་སྙོམས་པ།
༢ གཞན་དོན་དུ་བརྩེ་བའི་སྙིང་རྗེ་རྩོལ་མེད་དུ་འབྱུང་བ།
[ཁ] ལེའུའི་མཚན།
ལེའུ་བཅུ་པ། བསྔོ་བ།
༼༤༽ དེ་ལྟར་སྤེལ་བའི་འབྲས་བུ་གཞན་དོན་ལ་བསྔོ་བ་དང་སྨོན་པའི་ལེའུ་གཅིག་བཤད་པ།
[༡] བསྔོ་བ་མདོར་བསྡུས་ཏེ་བསྟན་པ།
[༢] རྒྱས་པར་བཤད་པ།
{༡} གཞན་དོན་ཕན་དང་བདེ་བའི་རྒྱུར་བསྔོ་བ་དང་།
(༡) དམན་པ་སྡུག་བསྔལ་དང་བྲལ་བར་བསྔོ་བ།
༡ སེམས་ཅན་སྤྱི་ལ་ཁྱབ་པའི་སྡུག་བསྔལ་དང་བྲལ་བར་བསྔོ་བ།
༢ འགྲོ་བ་སོ་སོའི་སྡུག་བསྔལ་བྱེ་བྲག་དང་བྲལ་བར་བསྔོ་བ།
(༢) མཆོག་གི་དགོངས་པ་རྫོགས་པར་བསྔོ་བ།
{༢} རང་དོན་བྱང་ཆུབ་སྤྱོད་པའི་རྒྱུར་བསྔོ་བ།
{༣} གཉིས་དོན་བསྟན་པ་དར་རྒྱས་སུ་བསྔོ་བ།
(ག) མཇུག་ཡོངས་སུ་རྫོགས་པའི་བྱ་བ།
༡ བཀའ་དྲིན་དྲན་པའི་ཕྱག་བྱ་བ།
༢ ལེའུ་མཚན་བཤད་པ།
༣ གང་གིས་བརྩམས་པའི་མཛད་བྱང་།
༤ མཇུག་ལོ་ཙཱ་བའི་འགྱུར་བྱང་བཤད་པ།
མཇུག་མཆན།
ཁུངས་འདྲེན་ཡིག་ཆ།
པར་སྦྱང་སྨོན་ཚིག
ས་བཅད་མེད།
