རིག་པ་འཛིན་པ་འགྱུར་མེད་རྡོ་རྗེའི་ཤིན་ཏུ་གསང་བ་ཉམས་སྣང་གི་རྟོགས་བརྗོད་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་ཞེས་བྱ་བ་བཞུགས་སོ།།

A Magical Display of Vajra Music, the Extremely Secret Meditative Experiences and Visions Marking the Realization of the Vidyadhara Gyurme Dorje

སྨིན་གླིང་གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེས་རང་གི་སྔོན་རབས་ད་ལྟའི་རྐྱེན་གྱིས་སད་དེ་གསལ་བར་དྲན་པ་དང་། ཉམས་སྣང་དུ་དཔའ་བོ་དང་མཁའ་འགྲོའི་ལུང་བསྟན་བྱུང་བ་དང་། སྒྲུབ་ཆེན་བཀའ་བརྒྱད་གསང་རྫོགས་ཀྱི་དཀྱིལ་འཁོར་དུ་དབང་མནོས་པའི་ཚེ་དཀྱིལ་འཁོར་གྱི་གཙོ་བོ་དང་བླ་མ་གཉིས་དབྱེར་མེད་དཔལ་ཆེན་གྱི་སྐུར་གསལ་བར་སྣང་བ་དང་། སྐུ་གཞོན་ནུའི་དུས་ན་ཡང་རྣལ་ལམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིག་པ་འཛིན་པའི་ཚོགས་ཀྱི་དྲུང་དུ་བཀའ་བགྲོ་ལུང་བསྟན་རྗེས་འཛིན་ཐོབ་པ་སོགས། མདོར་ན་སྐུ་ཚེ་ཧྲིལ་པོར་བསྟུད་མར་བྱུང་བའི་ཉམས་སྣང་དང་སྔོན་གནས་རྗེས་དྲན་གྱི་རྣམ་ཐར་རྟོགས་བརྗོད་ངོ་མཚར་རྨད་དུ་འབྱུང་བ་རྣམས་བློ་གསལ་དད་བརྩོན་ལྡན་པའི་སློབ་མ་འགས་མོས་པས་བསྐུལ་བའི་ངོར་གསུང་གླེང་མཛད་པའོ།།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།