རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་པ་ངོ་མཚར་ཨུ་དུམྦ་རའི་དགའ་ཚལ་ཞེས་བྱ་བ་བཞུགས་སོ།།

The Pleasant Udumbara Grove: A Short Biography of the Omniscient Guru Jamyang Khyentse Kunga Tenpai Gyaltsen

འཇམ་དཔལ་གཞོན་ནུར་གྱུར་པའི་ཡེ་ཤེས་ཀྱི་རོལ་པ་ལས་ཤར་བ་རྗེ་བཙུན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསང་བ་གསུམ་གྱི་རྣམ་པར་ཐར་པ་ནི་ས་བཅུར་གནས་པ་དག་གིས་ཀྱང་སྨྲ་བར་དཀའ་ཡང་། རེ་ཞིག་གདུལ་བྱ་ཕྱོགས་རེའི་མིག་ཅན་གྱི་བློ་ཡིས་མཐོང་ཚུལ་དང་སྦྱར་ཏེ། རྗེ་བླ་མ་འདི་ཉིད་ཀྱི་རྣམ་པར་རོལ་པ་དུ་མར་བསྟན་ནས་འཕགས་པའི་ཡུལ་དང་གངས་ཅན་གྱི་ལྗོངས་འདིར་སངས་རྒྱས་ཀྱི་བསྟན་པ་སྤེལ་ཅིང་། མགོན་མེད་ཀྱི་འགྲོ་བ་གྲངས་ལས་འདས་པ་ཐར་པ་དང་བྱང་ཆུབ་ཆེན་པོའི་གོ་འཕང་དུ་དབུགས་དབྱུང་བར་མཛད་པའི་སྐྱེས་པ་རབས་ཀྱི་ཕྲེང་བ་ཚར་དུ་དངར་བ། རྡོ་རྗེའི་ལུང་དང་རྗེ་རིན་པོ་ཆེ་ཉིད་ཀྱིས་དགོས་པའི་དབང་གིས་སྐབས་སུ་བབས་པ་ན་སྔོན་གནས་རྗེས་དྲན་ཚུལ་གྱིས་གནས་དུས་མཛད་པ་སོགས་གཏན་ཚིགས་དང་འབྲེལ་བའི་ལོ་རྒྱུས་ཡིད་ཆེས་ངོ་མཚར་ཅན་ཐོར་བུར་གསུངས་པ་རྣམས་ལས་གཙོ་ཆེ་བའི་རིགས་མཚན་ཐོ་ཙམ་བཀོད་པའོ།།

༄༅། །ཨཱ ཥྨ རྻོ དུ མྦ ར སྱ ཧྲྀ ཥྚ བ ན ནཱ མ བྷ ཊྚཱ ར ཀ གུ རུ ས རྦ ཛྙཱ ད རྴ ནཾ མ ཉྫུ གྷོ ཥ བི ད ཀྲྀ པེ ནྡྲཱ ན ནྡ ཤཱ ས ན དྷྭ ཛ ཤྲཱི བྷ དྲ སྱ བི མོ ཀྵ སཾ ཀྵེ བ བི ཧ ར ཏི སྨ།།

༄༅། །རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་པ་ངོ་མཚར་ཨུ་དུམྦ་རའི་དགའ་ཚལ་ཞེས་བྱ་བ་བཞུགས་སོ།།

༄༅། །དི ན ཀྲྀ དུ ད ཡ བ རྞྞ དྷཱ རཻཿ མ ནོ ཛྙཾ ཀུ མཱ རཿ ཡུ བཾ བྱ ཉྫ ནཾ ཙ ཏྲ རཱ ཛྭཱི བ པུཿ

༄༅། །འཆར་ཁའི་ཉིན་བྱེད་མདངས་འཛིན་ཡིད་འོང་གཞོན་ནུའི་ལང་ཚོ་མཚན་དཔེའི་གཟི་འབར་སྐུ།།

༄༅། །བི ལ པི ཏ བ ར བྷཱུ ཏ བ ཀྟ བྱ ནཱུ ན སྱ བཱ དཱི ཤྭ རོ ལ ཀྵི མཱ ངྒ མཱ ཏྲཱི བཱ ཙ ནཾ།

༄༅། །བརྗོད་མེད་བརྗོད་པའི་མཆོག་གྱུར་སྨྲ་བ་ཀུན་གྱི་དབང་ཕྱུག་ཡན་ལག་འབུམ་ལྡན་གསུང་།།

༄༅། །བི མ ལ མ ཀུ ར སཾ བི དེ པཱ རྴ ཡ རྫྙེ ཡ མཱུ རྟི སྶ མ སྟོ ད ཡཱ སཾ ཀ རཾ ཙི ཏྟ ཀཾ།

༄༅། །ཡེ་ཤེས་མེ་ལོང་སྒྲིབ་བྲལ་ངོས་སུ་ཤེས་བྱའི་གཟུགས་བརྒྱ་མ་འདྲེས་འཆར་བའི་ཐུགས།།

༄༅། །ཛ ཡ ནི ཁི ལ པི ཏཱ བ བྷཱུ བཱ པི ཛི ཏྤུ ཏྲ མཱ ཡཱ སྤྲྀ ཧཱ མ ཉྫུ ནཱ ཐོ ཏྟ རཻཿ པཱ ལ ཏུ།

༄༅། །རྒྱལ་ཀུན་ཡབ་ཏུ་གྱུར་ཀྱང་རྒྱལ་སྲས་སྒྱུ་འཕྲུལ་ལ་ཆགས་འཇམ་མགོན་བླ་མས་སྐྱོངས།།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།