ཕྱོགས་མེད་རིས་མེད་ཀྱི་བསྟན་པ་ལ་འདུན་ཞིང་དགེ་སྦྱོང་གི་གཟུགས་བརྙན་འཆང་བ་བློ་གྲོས་མཐའ་ཡས་པའི་སྡེའི་བྱུང་བ་བརྗོད་པ་ནོར་བུ་སྣ་ཚོགས་མདོག་ཅན་ཞེས་བྱ་བ་བཞུགས་སོ།།

A Gem of Many Colors: The Autobiography of Jamgön Kongtrul Lodrö Thaye

རྒྱལ་དབང་པདྨའི་ཞལ་སྐྱིན། རྒྱལ་བས་བསྔགས་ཤིང་རྒྱལ་བསྟན་མདོ་སྔགས་གཉིས་ཀྱི་སྲོག་འཛིན་མཚུངས་པ་མེད་པ། བསིལ་ལྡན་ལྗོངས་འདིར་རྒྱལ་བསྟན་མཆིས་སོ་ཅོག་འཛིན་ཅིང་སྤེལ་བའི་ཕྲིན་ལས་རྨད་དུ་བྱུང་བ། མཁྱེན་བརྩེ་ནུས་གསུམ་གྱི་ཕྲིན་ལས་སྲིད་པ་ཇི་སྲིད་དུ་སྟོན་པ་རྗེ་བློ་གྲོས་མཐའ་ཡས་པའི་སྡེའི་གསང་གསུམ་གྱི་རྣམ་པར་ཐར་པ་བསམ་ཡས་རྒྱལ་བ་ཀུན་དང་མཉམ་པར་འཇུག་ཅིང་གྲངས་མེད་འགྲོ་ཁམས་རྒྱ་མཚོ་ཇི་སྙེད་ཀྱི་རྗེས་སུ་སོང་བའི་ཚུལ་དག་འཕགས་མཆོག་ཁོ་ནའི་སྤྱོད་ཡུལ་ལས་མིན་ཀྱང་། འདིར་ཀུན་གྱི་མཐུན་སྣང་དུ་གྱུར་པ་ཆ་ཤས་ཙམ་གླེང་བའོ།།

༄༅། །མ ཎི བི ཤྭ བ རྞྞ མཱ ནྣཱ མཱ པ ཀྵ ནི ར ནྭ ཡཱ ནཱཾ ཤཱ ས ནཾ ཙྪ ནྡ ཤྲ མ ཎ པྲ ཏི བི མྦ དྷ ར མ ཏྱ ན ནྟ སེ ནཱ བྲྀ ཏྟ ཀོ དྡི ཥྚ བི ཧ ར ཏི སྨ།

༄༅། །ཕྱོགས་མེད་རིས་མེད་ཀྱི་བསྟན་པ་ལ་འདུན་ཞིང་དགེ་སྦྱོང་གི་གཟུགས་བརྙན་འཆང་བ་བློ་གྲོས་མཐའ་ཡས་པའི་སྡེའི་བྱུང་བ་བརྗོད་པ་ནོར་བུ་སྣ་ཚོགས་མདོག་ཅན་ཞེས་བྱ་བ་བཞུགས་སོ།།

༄། ཨ ནུ པ ལཾ བྷ ཀྲྀ པཱི ཤྲཱི མཱཾ ས ངྒུ རུ ཤྩཱ དྷི དེ བ བ རཱ བྷེ དཱ ནཱཾ པཱ དཽ མ ཧཱ ད རཻཿ ན མཱ མི ཤ ར ཎཾ ག ཙྪཱ མི།།

༄། དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་དཔལ་ལྡན་བླ་མ་དམ་པ་དང་ལྷག་པའི་ལྷ་མཆོག་དབྱེར་མེད་པའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།།

༄། ས རྦ ཛ ནྨེ ཥུ མ ཧཱ ཀཱ རུ ཎེ ནཱ ནུ གྲ ཧ ཤྩ། ཏྲི མུ ཁཱ ནཱཾ ས རྦཱཾ ཤ ཡ པྲ ཡུ ཀྟ བྷ དྲ ཙ རྻ ས མུ དྲ པ རི པུ ར ཎྞཱ དྷི ཥྛཱ ན མ དྷྱེ ཥ ཎཱ།།

༄། ཚེ་རབས་ཀུན་ཏུ་ཐུགས་རྗེ་ཆེན་པོས་རྗེས་སུ་གཟུང་བ་དང་། སྒོ་གསུམ་གྱི་བསམ་སྦྱོར་ཐམས་ཅད་བཟང་པོ་སྤྱོད་པ་རྒྱ་མཚོ་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ།

བཻ མུ ཀྟྱཱ ཀཱ ཤཱ ཙྪ མི ཏ སུ ཏ ལཾ ཛྙཱ ན སཱུ རྻ པྲ བྲྀ དྡྷཾ། ལོ ཀཱ ཤེ ཥེ བྲྀ ཏྤྲ ཎ ཡ བི ཥ མེ ཀཱ རུ ཎཾ ར སྨི མུ ཀྟཾ།

རྣམ་གྲོལ་ཞི་བ་ནམ་མཁའི་དབྱིངས་ལས་ཡེ་ཤེས་ཉི་མའི་དཀྱིལ་འཁོར་རྒྱས། །འཇིག་རྟེན་ཀུན་ཏུ་ཐུགས་རྗེའི་འོད་ཟེར་མོས་པའི་ཡུལ་དང་འཚམ་པར་འཇུག།

ཨ ཛྙཱ ནཱ ནྟ དྡྷཱ ས མ ཏུ བ ཧི ཏ དྭི ཛྙཱ དྷཱཿ པ དྨ ཕུ ལླཾ། ཤྲཱི མཱཾ བ ཛྲཾ དྷྲྀ གྒུ རུ པ དི ན མཿ ས རྦ བུ དྡྷ སྭ བྷཱ བཱཿ

བདག་ལྟའི་མུན་པ་ཅིག་ཅར་བསལ་ཞིང་མཁྱེན་གཉིས་བློ་ཡི་པདྨོ་ཕྱེ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་དབང་དཔལ་ལྡན་བླ་མའི་ཞབས་ལ་འདུད།།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།