ཚོགས་གཉིས་གད་ཆག་དཔེ་སྐྲུན་ཁང་།

སྤྱི་ལོ་༡༨༩༢་ལོར་གྲུབ་དབང་ཚོགས་གཉིས་རིན་པོ་ཆེ་དང་ཚངས་དབྱངས་རྒྱ་མཚོ་རིན་པོ་རྣམ་གཉིས་ཀྱིས་བོད་ཤར་ཕྱོགས་ཁམས་ནང་ཆེན་ཁུལ་དུ་བཙུན་དགོན་ཚོགས་གཉིས་གད་ཆག་གླིང་ཕྱག་བཏབས། བཙུན་དགོན་འདིར་རཏྣ་གླིང་པའི་རིང་ལུགས་ཀྱི་ཉམས་ལེན་ད་ལྟའི་བར་རྒྱུན་ཆགས་སུ་གནས་ཡོད། རིང་ལུགས་འདི་ཉིད་ཚུལ་ཁྲིམས་དམ་གཙང་ལ་བརྟེན་ནས་མི་ལོ་བརྒྱ་ལྷག་གི་རིང་དུ་དར་ཁྱབ་ཆེན་པོར་གྱུར། རིགས་གནས་གསར་བརྗེའི་རྗེས་སུ་བཙུན་མ་མང་པོ་ཞིག་བལ་ཡུལ་དུ་ཚོགས་གཉིས་རིན་པོ་ཆེ་སྐུ་ཕྲེང་གསུམ་པར་བཅར་ནས་རྗེས་སུ་གཟུང་བར་གསོལ་བས་གནང་ནས་ཡན་ལག་བཙུན་དགོན་ཞིག་ཀྱང་ཕྱག་བཏབས། བཙུན་དགོན་འདི་ཡི་བྱ་གཞག་ལ་སྲོལ་རྒྱུན་ཉམས་ལེན་མུ་མཐུད་ཐོག་གཞི་རིམ་སློབ་གྲྭ་དང་བཤད་གྲྭའི་སློབ་ཚན་ཆ་ཚང་བ་ཞིག་ཀྱང་གསར་སྣོན་རྒྱ་བསྐྱེད་མཛད། མཁན་པོ་དཀོན་མཆོག་དཔལ་ལྡན་གྱིས་དབུ་ཁྲིད་པའི་ཚོགས་གཉིས་གད་ཆག་དཔེ་སྐྲུན་ཁང་འདི་ཡི་དམིགས་དོན་གཙོ་བོ་ནི། རཏྣ་གླིང་པ་ནས་བརྒྱུད་པའི་གསུང་རབ་ཁག་དང་། མཚངས་དབྱངས་རྒྱ་མཚོའི་གསུང་རྩོམ་ཤིན་ཏུ་དཀོན་པ་པོད་༡༨ ཡོད་པ་དག་གིས་མཚོན། གད་ཆག་རིང་ལུགས་ཐུན་མིན་དག་མི་ཉམས་རྒྱུད་འཛིན་དང་ཁྱབ་སྤེལ་བྱ་རྒྱུ་བཅས་སོ།།

རྒྱས་པར་ཚོགས་གཉིས་གད་ཆག་དཔེ་སྐྲུན་ཁང་གྱི་གཞུང་འབྲེལ་དྲྭ་རྒྱར་གི་དེབ་ཕྲེང་།

ཚོགས་གཉིས་གད་ཆག་དཔེ་སྐྲུན་ཁང་་གི་པར་སྐྲུན་ལས་རིམ་ལ་མཐུན་རྐྱེན་རམ་འདེགས་གནང་བར་ཙ་འདྲ་ཚོགས་པས་སྐུལ་འདེད་ཞུ།