འཆི་མེད་རིག་འཛིན་ཆེན་པོ་སྐུ་མི་མངོན་ཆོས་ཀྱི་དབྱིངས་སུ་གཤེགས་ཁར་གནང་བའི་ཞལ་གདམས་བཞུགས་སོ།།

The Last Testament of the Great Chime Rigzin Before His Passing Away

མཉམ་མེད་ཐུབ་བསྟན་རིན་པོ་ཆེའི་སྒོར་ཞུགས་ནས་བླ་མེད་བྱང་ཐུབ་ཐོབ་པར་བྱ་བ་ལ་ཐོག་མར་ཚེ་འདི་བློས་བཏང་ཞིང་ཉེ་འབྲེལ་མཆེད་གྲོགས་སོགས་ཀྱི་བློ་ཁྲིད་མགོ་བསྐོར་ལ་མི་ཉན་པར་ཆོས་ཀྱི་འདུན་མ་ཁོ་ན་སློབ་པའི་མཚན་ལྡན་གྱི་བླ་མ་བསྟེན་དགོས་པ་དང་། བསྟེན་ནས་ཆོས་གཤའ་མ་ཞིག་ཡོང་བ་ལ་བློ་མི་དང་བསྟུན་ན་འཕྲལ་དུ་འདྲ་ཆགས་ཀྱང་ཕུགས་ནས་བདུད་ཞུགས་ཟིན་པའི་རྟགས་ཡིན་པས་བློ་ཆོས་དང་བླ་མ་བཀལ་ཞིང་། སྡོད་ས་རི་ཁྲོད་དང་ལུང་སྟོང་དུ་འགྲིམ་སྟེ་ཟས་གོས་སོགས་འཕྲལ་སྐྱིད་ལ་ཞེན་པ་སྤངས་ལ། ཉེ་འབྲེལ་གྱི་འཁྲི་བ་བཅད་ཅིང་མི་ཆོས་དང་ངོ་སྲུང་རྒྱབ་ཏུ་བསྐྱུར་ཏེ་བླ་མས་ཅི་གསུང་ལ་བློ་རྩེ་དྲིལ་དགོས་པ་སོགས་ཞལ་གདམས་ཤིན་ཏུ་ཟབ་ལ་ཐོག་ཏུ་བབས་པ། མདོ་རྒྱུད་ཀྱི་མན་ངག་ཐམས་ཅད་ཀྱི་དགོངས་པའི་སྙིང་པོ། དོན་གྱི་སྙིང་གཏམ་མཐར་ཐུག་གི་ཞལ་ཆེམས། མོས་གུས་ཅན་གྱི་སྐལ་ལྡན་གྱིས་ཁ་ཚིག་ཙམ་མིན་པར་དོན་ལ་ཕབ་ན་ཉམས་མྱོང་ཡེ་ཤེས་སྙིང་གི་ནང་ནས་འཆར་ཞིང་སངས་རྒྱས་ས་ལ་སྐད་ཅིག་གིས་བགྲོད་པར་འགྱུར་བར་ཞལ་གྱིས་བཞེས་པའོ།།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།