དཀར་ཆག་མེད།
འདི་ལ་སློབ་དཔོན་བསྟན་བཅོས་རྩོམ་པར་བཞེད་པ༑ བཞེད་པ་ལྟར་བརྩམ་པའི་བསྟན་བཅོས། དེ་མཐར་སོན་པའི་ཚུལ་གསུམ་ལས། དང་པོ་༼སློབ་དཔོན་བསྟན་བཅོས་རྩོམ་པར་བཞེད་པ༽ལ། སྟོན་པའི་ཡོན་ཏན་བརྗོད་པ་སྔོན་དུ་བཏང་བའི་ཕྱག །ཇི་ལྟར་རྩོམ་པར་དམ་བཅའ་བ་གཉིས་ལས། དང་པོ་༼སྟོན་པའི་ཡོན་ཏན་བརྗོད་པ་སྔོན་དུ་བཏང་བའི་ཕྱག༽ནི།
གཉིས་པ་ཇི་ལྟར་རྩོམ་པར་དམ་བཅའ་བ་ནི།
གཉིས་པ་བཞེད་པ་ལྟར་བརྩམས་པའི་བསྟན་བཅོས་ལ། བཤད་བྱའི་ཆོས་མངོན་པ་ངོས་བཟུང༌། དེ་གཏན་ལ་འབེབས་པའི་ཚུལ་གཉིས་ལས། དང་པོ་༼བཤད་བྱའི་ཆོས་མངོན་པ་ངོས་བཟུང༽ནི།
གཉིས་པ་དེ་གཏན་ལ་འབེབས་པའི་ཚུལ་ལ། སྤྲོ་བའི་ཕྱིར་དགོས་དོན། འཇུག་བདེ་བའི་ཕྱིར་བསྡུས་དོན། ལེགས་པར་ཤེས་པའི་ཕྱིར་ཚིག་དོན་གསུམ་ལས། དང་པོ་༼སྤྲོ་བའི་ཕྱིར་དགོས་དོན༽ནི།
གཉིས་པ་འཇུག་བདེ་བའི་ཕྱིར་དུ་བསྡུས་དོན་བཤད་པ་ནི།
གསུམ་པ་ལེགས་པར་ཤེས་པའི་ཕྱིར་ཚིག་དོན་ལ། ཁམས་བསྟན་པའི་གནས། དབང་པོ་བསྟན་པའི། འཇིག་རྟེན་བསྟན་པའི། ལས་བསྟན་པའི། ཕྲ་རྒྱས་བསྟན་པའི། ལམ་དང་གང་ཟག་བསྟན་པའི། ཡེ་ཤེས་བསྟན་པའི། སྙོམས་འཇུག་བསྟན་པའི་གནས་བརྒྱད་ལས། དང་པོ་༼ཁམས་བསྟན་པའི་གནས༽ལ། མདོར་བསྟན། རྒྱས་པར་བཤད་པ་གཉིས་ལས། དང་པོ་༼མདོར་བསྟན༽ནི།
གཉིས་པ་རྒྱས་པར་བཤད་པ་ལ། གཞི་ཕུང་ཁམས་སྐྱེ་མཆེད། དེ་དག་གི་མཚན་ཉིད། གོ་རིམ། ཕྱོགས་མཐུན་བསྡུ་བ། ཞིབ་མོར་བཤད་པ་ལྔ་ལས། དང་པོ་ནི་ཕུང་པོ་ལྔ་ལས་གཟུགས་ཀྱི་ཕུང་པོ་ནི།
གཉིས་པ་དེ་དག་གི་མཚན་ཉིད་ནི།
གསུམ་པ་གོ་རིམ་ནི།
བཞི་པ་ཕྱོགས་མཐུན་བསྡུ་བ་ནི།
ལྔ་པ་ཞིབ་མོར་བཤད་པ་ནི།
༈ གཉིས་པ་དབང་པོ་བཤད་པ་ལ། དབང་པོའི་ངོ་བོ་དང༌། རྣམ་པར་འབྱེད་པ་གཉིས་ལས། དང་པོ་༼དབང་པོའི་ངོ་བོ་༽ནི།
གཉིས་པ་རྣམ་པར་འབྱེད་པ་ལ། དབང་པོའི་རྣམ་པའི་བྱེ་བྲག་དང༌། འདུས་བྱས་ཀྱི་སྐྱེ་སོགས་ལ་དཔྱད་པ་གཉིས་ལས། དང་པོ་༼དབང་པོའི་རྣམ་པའི་བྱེ་བྲག༽ལ། རྣམ་པ། རྙེད་པ༑ གཏོང་བ། ཐོབ་ཚུལ། ལྡན་པ་བཤད་པ་ལྔ་ལས། དང་པོ་༼རྣམ་པ༽ནི།
གཉིས་པ་རྙེད་པ་བཤད་པ་ནི།
གསུམ་པ་གཏོང་བ་བཤད་པ་ནི།
བཞི་པ་ཐོབ་ཚུལ་ནི།
ལྔ་པ་ལྡན་པ་ནི།
གཉིས་པ་འདུས་བྱས་ཀྱི་སྐྱེ་སོགས་ལ་དཔྱད་པ་ལ། གཟུགས་ཅན་རྣམས་ཀྱི་ལྷན་ཅིག་སྐྱེ་བ། སེམས་དང་སེམས་ལས་བྱུང་བ། མི་ལྡན་པའི་འདུ་བྱེད་བཤད་པ་གསུམ་ལས། དང་པོ་ནི།
གཉིས་པ་སེམས་དང་སེམས་བྱུང་བཤད་པ་ལ་སེམས་བྱུང༌། དེ་འཁོར་དུ་བྱུང་ཚུལ་གཉིས་ལས། དང་པོ་༼སེམས་བྱུང༽ནི། སེམས་དང་སེམས་ལས་བྱུང་བ་རྣམས་ཕན་ཚུན་མེད་ན་འབྱུང་བར་མི་ནུས་པས་ངེས་པར་གང་སྐྱེ་བ་དེ་ཐམས་ཅད་ནི་འདུས་བྱས་ཀྱི་མཚན་ཉིད་རྣམས་དང་ལྷན་ཅིག་སྐྱེའོ། །མཐོང་བའི་ནི། སེམས་ཅན་དུ་སྟོན་པ་ཁོ་ན་དང་ལྷན་ཅིག་སྐྱེ་ཡི་གཞན་དང་ནི་མ་ཡིན་ནོ། །སེམས་ལས་བྱུང་བ་ཞེས་སྨོས་ན། དེ་དག་གང་ཡིན་ཞེ་ན་སེམས་ལས་བྱུང་བ་ནི་རྣམ་པ་ལྔ་སྟེ། ས་མང་པོ་པ་དག་དང༌། ལ་སོགས་པ། དགེ་བའི་ས་མང་པོ་པ་རྣམས་དང༌། ཉོན་མོངས་པའི་ས་མང་པོ་པ་རྣམས་དང༌། མི་དགེ་བའི་ས་མང་པོ་པ་རྣམས་དང༌། ཉོན་མོངས་པ་ཆུང་ངུའི་ས་པ་རྣམས་ཏེ། ཐ་དད་པའི་ཕྱིར་རྣམ་པར་དབྱེ་བ་ལྔར་བྱས་སོ། །དེ་ལས་དང་པོ་༼དགེ་བའི་ས་མང་པོ་པ་རྣམས་དང༌༽ནི།
གཉིས་པ་༼ཉོན་མོངས་པའི་ས་མང་པོ་པ་རྣམས་དང༌༽ནི།
གསུམ་པ་༼མི་དགེ་བའི་ས་མང་པོ་པ་རྣམས་དང༌༽ནི།
བཞི་པ་༼ཉོན་མོངས་པ་ཆུང་ངུའི་ས་པ་རྣམས་ཏེ༽ནི།
ལྔ་པ་༼ཐ་དད་པའི་ཕྱིར་རྣམ་པར་དབྱེ་བ་༽ནི།
གཉིས་པ་དེ་འཁོར་དུ་འབྱུང་ཚུལ་ནི།
གསུམ་པ་མི་ལྡན་པའི་འདུ་བྱེད་ལ། མིང་གི་སྒོ་ནས་མདོར་བསྟན། རེ་རེའི་རྣམ་གཞག་རྒྱས་པར་བཤད་པ་གཉིས་ལས། དང་པོ་༼མིང་གི་སྒོ་ནས་མདོར་བསྟན༽ནི།
གཉིས་པ་རེ་རེའི་རྣམ་གཞག་རྒྱས་པར་བཤད་པ་ནི།
༈ གསུམ་པ་འཇིག་རྟེན་བསྟན་པ་ལ། འཇིག་རྟེན་ཁམས་གསུམ་དུ་རྣམ་པར་གཞག །དེ་སྐྱེ་བ་དང་སྐྱེ་བའི་གནས་ཀྱི་ལེགས་པར་བཤད་པ་གཉིས་ལས། དང་པོ་༼འཇིག་རྟེན་ཁམས་གསུམ་དུ་རྣམ་པར་གཞག༽ནི།
གཉིས་པ་དེ་སྐྱེ་བ་དང་སྐྱེ་བའི་གནས་ཀྱི་ལེགས་པར་བཤད་པ་ལ། སྐྱེ་བ་བཅུད་ཀྱི་སེམས་ཅན། སྐྱེད་བྱེད་རྟེན་ཅིང་འབྲེལ་འབྱུང༌། སྐྱེ་བའི་གནས་སྣོད་ཀྱི་འཇིག་རྟེན་བཤད་པ་གསུམ་ལས། དང་པོ་༼སྐྱེ་བ་བཅུད་ཀྱི་སེམས་ཅན༽ནི།
གཉིས་པ་སྐྱེད་བྱེད་རྟེན་ཅིང་འབྲེལ་འབྱུང་བཤད་པ་ནི།
གསུམ་པ་དེར་སྐྱེ་བ་སྣོད་ཀྱི་འཇིག་རྟེན་བཤད་པ་ལ། སྣོད་ཀྱི་འཇིག་རྟེན། ལུས་དང་ཚེ། འཇལ་བྱེད་ཀྱི་ཚད། བསྐལ་པའི་རྣམ་གཞག་བཤད་པ་བཞི་ལས། དང་པོ་༼སྣོད་ཀྱི་འཇིག་རྟེན༽ནི།
གསུམ་པ་འཇལ་བྱེད་ཀྱི་ཚད་ནི།
བཞི་པ་བསྐལ་པའི་རྣམ་གཞག་བཤད་པ་ནི།
༈ བཞི་པ་ལས་བསྟན་པའི་གནས་བཤད་པ་ལ། ལས་ཀྱི་རབ་དབྱེ། དེ་གཏན་ལ་ཕབ་པ་གཉིས་ལས། དང་པོ་༼ལས་ཀྱི་རབ་དབྱེ༽ནི།
གཉིས་པ་དེ་གཏན་ལ་ཕབ་པ་ལ། རྒྱུ་ཅི་ལས་བྱུང༌། ས་གང་ན་ཡོད། རྣམ་པར་རིག་བྱེད་མ་ཡིན་པ། མདོ་སྡེ་ལས་བསྟན་པའི་ལས་རྣམ་གྲངས་སུ་བཤད་པ་བཞི་ལས། དང་པོ་༼རྒྱུ་ཅི་ལས་བྱུང༽ནི།
གཉིས་པ་ས་གང་ན་ཡོད་པ་ནི།
གསུམ་པ་རྣམ་པར་རིག་བྱེད་མིན་པ་བཤད་པ་ལ། རབ་དབྱེ། གང་ཞིག་གང་དང་ལྡན་པ། ཇི་ལྟར་ཐོབ། གཏོང་བ། གང་ལ་ཡོད་པ་བཤད་པ་ལྔ་ལས། དང་པོ་༼རབ་དབྱེ༽ནི།
གཉིས་པ་གང་ཞིག་གང་དང་ལྡན་པ་ནི།
གསུམ་པ་ཇི་ལྟར་ཐོབ་པ་ནི།
བཞི་པ་གཏོང་བ་ནི།
ལྔ་པ་གང་ལ་ཡོད་པ་ནི།
བཞི་པ་མདོ་ལས་བསྟན་པའི་ལས་རྣམ་གྲངས་སུ་བཤད་པ་ལ། རྣམ་གྲངས། ཆེ་ལོང་བསྡུ་བ་གཉིས་ལས། དང་པོ་༼རྣམ་གྲངས༽ནི།
གཉིས་པ་ཆེ་ལོང་བསྡུ་བ་ལ་ལས་ཀྱི་ལམ། དེ་དག་གི་འབྲས་བུ། བྱེ་བྲག་གཞི་གསུམ་བཤད་པ་གསུམ་ལས། དང་པོ་༼དེ་དག་གི་འབྲས་བུ༽ནི།
གཉིས་པ་དེ་དག་གི་འབྲས་བུ་ནི།
གསུམ་པ་བྱེ་བྲག་གཞི་གསུམ་བཤད་པ་ནི།
གསུམ་པ་ནང་ཚན་གཞན་ཡང་ཡིག་འབྲུ་དང༌།
༈ ལྔ་པ་ཕྲ་རྒྱས་བསྟན་པ་ལ། སྲིད་པའི་རྩ་བ་ཕྲ་རྒྱས་སུ་བསྟན། དེ་རབ་ཏུ་ཕྱེ་ནས་བཤད། དེ་དག་ལེགས་པར་གཏན་ལ་ཕབ་པ་གསུམ་ལས། དང་པོ་༼སྲིད་པའི་རྩ་བ་ཕྲ་རྒྱས་སུ་བསྟན༽ནི།
འཇིག་རྟེན་སྣ་ཚོགས་བསྐྱེད་པའི་ལས་དེ་དག་ཀྱང་ཕྲ་རྒྱས་ཀྱི་དབང་གིས་བསགས་པར་གྱུར་པས་སྲིད་པ་མངོན་པར་འགྲུབ་པའི་རྩ་བ་ནི་ཕྲ་རྒྱས་ཡིན་ནོ། །དེས་ཉོན་མོངས་པ་འཇུག་པ་ན་བྱ་བ་བཅུ་བྱེད་དེ། རྩ་བ་བརྟན་པར་བྱེད་དོ། །རྒྱུད་གནས་པར། ཞིང་དུ་སྒྲུབ་པར། རྒྱུ་མཐུན་སྒྲུབ་པར། ལས་ཀྱི་སྲིད་པ་མངོན་པར་སྒྲུབ་པར། རང་གི་ཚོགས་ཡོངས་སུ་འཛིན་པར། དམིགས་པ་ལ་ཀུན་ཏུ་རྨོངས་པར། རྣམ་པར་ཤེས་པའི་རྒྱུན་ཁྲིད་པར། དགེ་བའི་ཕྱོགས་ལས་གཡོ་བར། ཁམས་ལས་མི་འདའ་བའི་ཚུལ་གྱིས་འཆིང་བའི་དོན་དུ་ཁྱབ་པར་བྱེད་དོ། །ཕྲ་རྒྱས་དེ་དག་དུ་ཞེ་ན།
གཉིས་པ་དེ་རབ་ཏུ་ཕྱེ་ནས་བཤད་པ་ནི།
གསུམ་པ་དེ་དག་ལེགས་པར་གཏན་ལ་ཕབ་པ་ལ།
དང་པོ་ཀུན་ཏུ་འགྲོ་མི་འགྲོའི་ཁྱད་པར་ནི།
གཉིས་པ་ཟག་བཅས་ཟག་མེད་ཀྱི་དམིགས་པ་ནི།
གསུམ་པ་དམིགས་མཚུངས་གཉིས་ཀྱི་རྒྱས་ཁྱེར་བཤད་པ་ནི།
བཞི་པ་གང་མི་དགེ་བ་དང་ལུང་མ་བསྟན་ཡིན་པ་ནི།
ལྔ་པ་གང་དང་ལྡན་པ་ནི།
དྲུག་པ་དངོས་པོ་གང་ལ་ཕྲ་རྒྱས་དུ་ཞིག་རྒྱས་པ་ནི།
བདུན་པ་རྣམ་གྲངས་ཀྱི་དབྱེ་བསྡུ་ནི།
བརྒྱད་པ་ངེས་ཚིག་ནི།
དགུ་པ་གཞན་པའི་རྣམ་གྲངས་བཤད་པ་ལ། རྣམ་གྲངས་ཕྱེ། ས་སོགས་གང་ཡིན་གཏན་ལ་ཕབ་པ་གཉིས་ལས། དང་པོ་༼རྣམ་གྲངས་ཕྱེ༽ནི།
གཉིས་པ་ས་སོགས་གང་ཡིན་གཏན་ལ་ཕབ་པ་ནི།
༈ དྲུག་པ་ལམ་དང་གང་ཟག་བསྟན་པའི་གནས་ལ། གང་མཐོང་བའི་བདེན་པ། གང་གིས་མཐོང་བའི་ལམ། དེ་བགྲོད་པའི་གང་ཟག་བཤད་པ་གསུམ་ལས། དང་པོ་ནི།
གཉིས་པ་གང་གིས་མཐོང་བའི་ལམ་ལ། དང་པོ་འཇུག་ཚུལ། འཕགས་པའི་ལམ་བཤད་པ་གཉིས་ལས། དང་པོ་ལ་འཇུག་པའི་སྣོད། འཇུག་པའི་སྒོ། འཇུག་པ་དངོས་གསུམ་ལས། དང་པོ་༼འཇུག་པའི་སྣོད༽ནི།
གཉིས་པ་འཇུག་པའི་སྒོ་ནི།
གསུམ་པ་འཇུག་པ་དངོས་ནི།
གཉིས་པ་འཕགས་པའི་ལམ་ནི།
གསུམ་པ་དེར་བགྲོད་པའི་གང་ཟག་བཤད་པ་ནི།
༈ བདུན་པ་ཡེ་ཤེས་བསྟན་པའི་གནས་ལ། ཡེ་ཤེས་རྣམ་པར་བཤད་པ། དེ་དག་གི་ཞིབ་བཤད། དེ་ཐོབ་པའི་ཡོན་ཏན་གསུམ་ལས། དང་པོ་༼ཡེ་ཤེས་རྣམ་པར་བཤད་པ༽ནི།
གཉིས་པ་དེ་དག་གི་ཞིབ་བཤད་ནི།
གསུམ་པ་དེ་ཐོབ་པའི་ཡོན་ཏན་ནི།
༈ བརྒྱད་པ་སྙོམས་པར་འཇུག་པའི་གནས་བསྟན་པ་ལ། གང་ལ་སྙོམས་པར་འཇུག་པའི་ཏིང་ངེ་འཛིན། དེ་ལ་སྙོམས་པར་ཞུགས་པའི་ཡོན་ཏན་བསྟན་པ་གཉིས་ལས། དང་པོ་༼གང་ལ་སྙོམས་པར་འཇུག་པའི་ཏིང་ངེ་འཛིན༽ལ། རང་བཞིན། དེ་ཞིབ་མོར་བཤད་པ་གཉིས་ལས། དང་པོ་༼རང་བཞིན༽ནི།
གཉིས་པ་དེ་ཞིབ་མོར་བཤད་པ་ལ་བསམ་གཏན་གྱི་བྱ་བ། ཇི་ལྟར་ཐོབ་པ། ཐོད་རྒལ་གྱི་སྙོམས་འཇུག །རྟེན་དམིགས། རྣམ་གྲངས་ལྔ་ལས། དང་པོ་༼བསམ་གཏན་གྱི་བྱ་བ༽ནི།
གཉིས་པ་ཇི་ལྟར་ཐོབ་པ་ནི།
གསུམ་པ་ཐོད་རྒལ་གྱི་སྙོམས་འཇུག་ནི།
བཞི་པ་རྟེན་དམིགས་ནི།
ལྔ་པ་རྣམ་གྲངས་ནི།
གསུམ་པ་དེ་མཐར་སོན་པའི་ཚུལ་ནི།