དཀར་ཆག་མེད།
དོན་དམ་པའི་ཚད་མ་ལུས་དང༌། ཀུན་ཏུ་ཐ་སྙད་པའི་ཚད་མ་ཡན་ལག་ཏུ་བསྟན་པ་གཉིས་ལས། དང་པོ་༼དོན་དམ་པའི་ཚད་མ་ལུས་༽ལ། ཚད་མའི་མཚན་ཉིད་བཞག་ནས་བཅོམ་ལྡན་འདས་དེར་གྱུར་པ་བསྟན། ཕན་བཞེད་ནས་ལུགས་འབྱུང་སྐྱོབ་པ་ནས་ལུགས་བཟློག་གིས་དེ་རྒྱས་པར་བསྟན་པ་གཉིས་ལས། དང་པོ་༼ཚད་མའི་མཚན་ཉིད་བཞག་ནས་བཅོམ་ལྡན་འདས་དེར་གྱུར་པ་༽ནི།
གཉིས་པ་༼ཕན་བཞེད་ནས་ལུགས་འབྱུང་སྐྱོབ་པ་ནས་ལུགས་བཟློག་གིས་དེ་རྒྱས་པར་བསྟན་པ༽ནི།
༈ གཉིས་པ་ཀུན་ཏུ་ཐ་སྙད་པའི་ཚད་མ་ཡན་ལག་ཏུ་བསྟན་པ་ལ། མུ་སྟེགས་བྱེད་ཀྱི་འདོད་པ་ལོག་པ་དང༌། རང་གི་ལུགས་ཇི་ལྟ་བ་ཡིན་པར་བསྟན་པ་གཉིས་ལས། དང་པོ་༼མུ་སྟེགས་བྱེད་ཀྱི་འདོད་པ་ལོག་པ༽ནི།
གཉིས་པ་རང་གི་ལུགས་ཇི་ལྟ་བ་ཡིན་པར་བསྟན་པ་ལ། ཚད་མའི་རབ་དབྱེ་གཞལ་བྱ་ལ་བལྟོས་པས་དེ་གཏན་ལ་ཕབ། གཞལ་བྱ་འཇལ་བ་ཚད་མ་གཉིས་ཡིན་པས་དེ་ཞིབ་མོར་བསྟན་པ་གཉིས་ལས། དང་པོ་༼ཚད་མའི་རབ་དབྱེ་གཞལ་བྱ་ལ་བལྟོས་པས་དེ་གཏན་ལ་ཕབ༽ནི།
གཉིས་པ་གཞལ་བྱ་འཇལ་བ་ཚད་མ་ཡིན་པས་དེ་ཞིབ་མོར་བསྟན་པ་ལ༑ རང་མཚན་གཞལ་བྱར་བྱེད་པ་མངོན་སུམ་གྱི་ཚད་མ་དང༌། སྤྱི་མཚན་གཞལ་བྱར་བྱེད་པ་རྗེས་དཔག་གི་ཚད་མ་བསྟན་པ་གཉིས་ལས། དང་པོ་༼རང་མཚན་གཞལ་བྱར་བྱེད་པ་མངོན་སུམ་གྱི་ཚད་མ༽ལ༑ མངོན་སུམ་གྱི་མཚན་ཉིད་དང་རབ་དབྱེ། འབྲས་བུ་ཚད་འབྲས་ཀྱི་རྣམ་གཞག་བསྟན་པ་གཉིས་ལས། དང་པོ་༼མངོན་སུམ་གྱི་མཚན་ཉིད་དང་རབ་དབྱེ༽ནི།
རབ་དབྱེ་གཉིས་པ་ཡིད་ཀྱི་མངོན་སུམ་ནི།
རབ་དབྱེ་གསུམ་པ་རང་རིག་མངོན་སུམ་ནི།
རབ་དབྱེ་བཞི་པ་རྣལ་འབྱོར་མངོན་སུམ་ནི།
གཉིས་པ་འབྲས་བུ་ཚད་འབྲས་ཀྱི་རྣམ་པར་གཞག་པ་ལ། ཚད་འབྲས་རྣམ་པར་གཞག་འཇོག་ཏུ་བསྒྲུབས་ནས་དོན་རིག་གི་ཚད་འབྲས་བསྟན། རང་རིག་གི་ཚད་འབྲས་རྣམ་པར་གཞག་ནས་གཉི་གའི་སྒྲུབ་བྱེད་རྒྱས་པར་བསྟན་པ་གཉིས་ལས། དང་པོ་༼ཚད་འབྲས་རྣམ་པར་གཞག་འཇོག་ཏུ་བསྒྲུབས་ནས་དོན་རིག་གི་ཚད་འབྲས་བསྟན༽ནི།
གཉིས་པ་ཕྱི་དོན་བཀག་ནས་རང་རིག་གི་ཚད་འབྲས་བཞག་པ་དང༌། གཟུང་འཛིན་འགེགས་པ་འཕྲོས་པ་དང་བཅས་པ་གཉིས་ལས། དང་པོ་༼རང་རིག་གི་ཚད་འབྲས་བཞག་པ༽ནི།
གཉིས་པ༼གཟུང་འཛིན་འགེགས་པ་འཕྲོས་པ༽་ལ། རྣམ་རྫུན་པའི་རིགས་པའི་གཙོ་བོ་དང༌། རྣམ་གྲངས་ལྷན་ཅིག་དམིགས་ངེས་འཕྲོས་དོན་དང་བཅས་པ་བཤད་པ་གཉིས་ལས། དང་པོ་༼རྣམ་རྫུན་པའི་རིགས་པའི་གཙོ་བོ༽ནི།
གཉིས་པ་༼རྣམ་གྲངས་ལྷན་ཅིག་དམིགས་ངེས་འཕྲོས་དོན༽ལ། ལྷན་ཅིག་དམིགས་ངེས་དང༌། བློ་ཚུལ་གཉིས་དང་རང་རིག་རྒྱས་པར་བསྒྲུབ་པ་གཉིས་ལས། དང་པོ་ནི།
༈ གཉིས་པ་སྤྱི་མཚན་གཞལ་བྱར་བྱེད་པ་རྗེས་དཔག་ཚད་མ་བཤད་པ་ལ༑ རབ་དབྱེ་བསྟན་ནས་མཚན་ཉིད་འཇོག་པའི་འཐད་པ། རབ་དབྱེ་རྒྱས་པར་བསྟན་པ་གཉིས་ལས། དང་པོ་༼རབ་དབྱེ་བསྟན་ནས་མཚན་ཉིད་འཇོག་པའི་འཐད་པ༽ནི།
གཉིས་པ་༼རབ་དབྱེ་རྒྱས་པར་བསྟན་པ༽ལ། རང་གི་དོན་གྱི་རྗེས་སུ་དཔག་པ་དང༌། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་བཤད་པ་གཉིས་ལས། དང་པོ་༼རང་གི་དོན་གྱི་རྗེས་སུ་དཔག་པ༽ལ། མུ་སྟེགས་ཀྱིས་ལོག་པར་བཤད་ཚུལ། དེ་དགག་པ་ལ་རང་གི་ལུགས་རྣམ་པར་བཞག་པ་གཉིས་ལས། དང་པོ་༼མུ་སྟེགས་ཀྱིས་ལོག་པར་བཤད་ཚུལ༽ནི།
གཉིས་པ་༼དེ་དགག་པ་ལ་རང་གི་ལུགས་རྣམ་པར་བཞག་པ༽ལ། མཚན་ཉིད་དང་དབྱེ་བ་བཤད་པས་མདོར་བསྟན། རིགས་པའི་རྣམ་གྲངས་དུ་མས་རྒྱས་པར་བསྟན་པ་གཉིས་ལས། དང་པོ་༼མཚན་ཉིད་དང་དབྱེ་བ་བཤད་པས་མདོར་བསྟན༽ནི།
གཉིས་པ་རིགས་པའི་རྣམ་གྲངས་དུ་མས་རྒྱས་པར་བཤད་པ་ལ། དེ་ནི་རྣམ་གསུམ་ཉིད། །ཅེས་བྱ་བའི་རྒྱས་བཤད། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པའི་རྒྱས་བཤད་གཉིས་ལས། དང་པོ་ནི།
གཉིས་པ། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པ་རྒྱས་པར་བཤད་པ་ལ། ཚུལ་གསུམ་གྱི་ངེས་པ་བསྟན་ནས་གཞན་སེལ་བཤད། རྟགས་ཀྱི་དོགས་གཅོད་འཕྲོས་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ལ། རྟགས་ཀྱི་འབྲེལ་བའི་རྣམ་གཞག་ཉིད་དང༌། དེ་ལས་འཕྲོས་པ་གཞན་སེལ་གྱི་རྣམ་གཞག་གཉིས་ལས། དང་པོ་ནི།
གཉིས་པ་དེ་ལས་འཕྲོས་པ་གཞན་སེལ་གྱི་རྣམ་གཞག་ལ། སེལ་བས་འཇུག་པར་བསྒྲུབ་པའི་གཞི། སེལ་བ་འཇུག་པར་བསྒྲུབ་པར་རྒྱས་པར་བསྟན་པ་གཉིས་ལས། དང་པོ་༼སེལ་བས་འཇུག་པར་བསྒྲུབ་པའི་གཞི༽ནི།
གཉིས་པ་༼སེལ་བ་འཇུག་པར་བསྒྲུབ་པར་རྒྱས་པར་བསྟན་པ༽ནི།
གཉིས་པ་རྟགས་ཀྱི་དོགས་གཅོད་འཕྲོས་དོན་རྒྱས་པར་བཤད་པ་ནི།
༈ གཉིས་པ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་བཤད་པ་ལ། གཞན་སྡེ་མུ་སྟེགས་པའི་འདོད་པ་འགོད། དེ་དགག་པའི་ཕྱིར་རང་ལུགས་ལེགས་པར་བཤད་པ་གཉིས་ལས། དང་པོ་༼གཞན་སྡེ་མུ་སྟེགས་པའི་འདོད་པ་འགོད༽ནི།
གཉིས་པ་༼དེ་དགག་པའི་ཕྱིར་རང་ལུགས་ལེགས་པར་བཤད་པ༽ལ། བསྒྲུབ་པ་དང་སུན་འབྱིན་གྱི་རྣམ་གཞག །བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་རྣམ་གཞག་གཉིས་ལས། དང་པོ་ལ། །མཐོང་བ་རབ་གསལ་བཤད་ནས་ཐལ་འགྱུར་བསྟན། དོན་རབ་གསལ་བཤད་ནས་ཕྱོགས་ཚིག་སྒྲུབ་བྱེད་དང་མི་འཐད་པ་ལ་སོགས་པ་བསྟན་པ་གཉིས་ལས། དང་པོ་ནི།
གཉིས་པ་ནི་དོན་སྨོས་པ་ནི་དགོས་པ་རྣམ་པ་གཉིས་ཏེ། གང་ལས་དོན་གྲུབ་པ་མེད་པའི་ཕྱིར་སྒྲ་དང་རྟོག་པ་ཙམ་གྱིས་སྦྱར་བའི་བདག་ཉིད་ཅན་གཏན་ཚིགས་མ་ཡིན་པར་སྟོན་པ།
གཉིས་པ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་བཤད་པ་ལ། གང་རྗེས་སུ་དཔག་བྱ་བསྒྲུབ་བྱའི་རྣམ་གཞག །གང་གིས་རྗེས་སུ་དཔོག་པ་སྒྲུབ་བྱེད་ཀྱི་རྣམ་གཞག་གཉིས་ལས། དང་པོ་ནི།