འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་འགྲོ་དོན་རྒྱ་མཚོ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།།

The Union of Dzogchen and Mahamudra - Vol. 1

སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བྱེ་བྲག་རྒྱལ་བ་གནས་མདོ་བཀའ་བརྒྱུད་པའི་བསྟན་པའི་སྲོལ་བྱེད་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་ཐེག་པ་ཆེ་ཆུང་དང་མདོ་སྔགས་ཐམས་ཅད་ཀྱི་དོན་ཚང་ལ་མ་ནོར་བ་བསྡུས་བའི་གཞུང་འགྲེལ། ཁྲིད་ཡིག ཆོ་ག་སོགས་མང་དུ་མང་དུ་མཛད་པ་ལས། འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་འགྲོ་དོན་རྒྱ་མཚོ་ལུང་གི་གཏེར་མཛོད་ཅེས་པ་འདིར། དལ་འབྱོར་རྙེད་དཀའ་སོགས་ཐུན་མོང་གི་སྔོན་འགྲོ་བཞི་དང་། སྐྱབས་སེམས་སོགས་ཐུན་མིན་སྔོན་འགྲོ་བཞི་དང་། བསྐྱེད་རྫོགས། ཞི་ལྷག ངོ་སྤྲོད། ཉམས་ལེན། ཕྱག་ཆེན། རྫོགས་ཆེན་བཅས་དངོས་གཞི་དང་རྗེས་བསྔོ་བ་བཅས་ཀྱི་ཁྲིད་རྣམས་ཁྲིགས་ཆགས་སུ་གསུངས་སོ།།

དཀར་ཆག་མེད།

ས་བཅད་མེད།

དེབ་ཕྲེང་འདི་ཡི་ཁོངས་གཏོགས་འཕྲུལ་དེབ་གཞན།